བི་ལིན་ཡོན།སྔ་མའི་པར་གཞི་དེ མི་ཆུང་།  ནས 2015-07-28 15:05ལ་འགྲུབ།

བི་ལིན་ཡོན།

བི་ལིན་ཡོན།
བི་ལིན་ཡོན་མཛེས་ལྗོངས་ཁུལ་ནི་ཀྲང་ཅ་ཅེ་ནགས་ཚལ་སྤྱི་གླིང་དང་སོ་ཞིས་ཡུས་རང་བྱུང་སྲུང་སྐྱོབ་ཁུལ། ཐན་ཙི་ཧྲིན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་གྱིས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ500དང་། རི་ཚོགས་གཡང་གཟར་ཆེ་བ་དང་། ཆུ་རྒྱུན་དྭངས་ཤིང་རིང་བ། ལུང་གྲོག་ཀྱག་ཀྱོག་ཆེ་ལ་ཁུ་སིམ་པ། ཕུག་པ་མཛེས་པ་སོགས་མུ་གཅིག་ཏུ་འབྲེལ་ནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武陵源
གནས་ཡུལ།
ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ།
དཀར་ཆག

ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ༼རི་ཆུའི་སྒྱུ་རྩལ་གྱི་བར་ཁྱམས་རིང་བོར༽གྲགས་པའི་གནས་ཤིག་ཡོད་དེ།  དེ་ནི་མིང་གྲགས་ཆེ་བའི་བི་ལིན་ཡོན་མཛེས་ལྗོངས་ཁུལ་ཡིན། 

བི་ལིན་ཡོན་མཛེས་ལྗོངས་ཁུལ་ནི་ཀྲང་ཅ་ཅེ་ནགས་ཚལ་སྤྱི་གླིང་དང་སོ་ཞིས་ཡུས་རང་བྱུང་སྲུང་སྐྱོབ་ཁུལ།   ཐན་ཙི་ཧྲིན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་གྱིས་གྲུབ་ཅིང་།    སྤྱིའི་རྒྱ་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ500དང་།   རི་ཚོགས་གཡང་གཟར་ཆེ་བ་དང་།  ཆུ་རྒྱུན་དྭངས་ཤིང་རིང་བ།  ལུང་གྲོག་ཀྱག་ཀྱོག་ཆེ་ལ་ཁུ་སིམ་པ། ཕུག་པ་མཛེས་པ་སོགས་མུ་གཅིག་ཏུ་འབྲེལ་ནས་ཡོད།  གནས་འདི་ཡི་ཆེས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ།   རྣམ་པ་འདྲ་མིན་སྣ་ཚོགས་སུ་ཡོད་པའི་བྱེ་མའི་བྲག་རྡོ་ཀ་དབྱིབས་ཅན་དང་རྣོ་ཟུར་ཅན3000ཙམ་དང་།  བྲག་སྐྱིབས40ལྷག  རང་བྱུང་བྲག་རྡོའི་ཟམ་པ་སོགས་ཡོད་པ་མ་ཟད།  ཆུ་ཕྲན་དང་རྦབ་ཆུ། གནའ་སྡོང་དང་ལྗོན་ཤིང་དཀོན་པའི་རིགས་གང་སར་མཐོང་ཐུབ། 

བི་ལིན་ཡོན་དུ་སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མང་བོ་ཡོད།  དེའི་རྒྱུ་མཚན་ནི་གནས་འདི་ཡི་ས་བབ་རྙོག་འཛིང་ཆེ་ལ་གནམ་གཤིས་ཚ་གྲང་རན་པ་དང་། ནགས་རྫུབས་ཆེ་བ།  ཆར་ཆུ་མོད་པ་སོགས་ཀྱིས་སྐྱེ་དངོས་རིགས་འཚོ་བ་དང་སྐྱེ་འཕེལ་བྱེད་པ་ལ་ཁོར་ཡུག་གི་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད་པས་ཡིན།    འདི་གར་གདོད་མའི་བསྐྱར་སྐྱེས་ནགས་ཚལ་ཆེན་པོ་དང་།   རི་ལུང་ཡོད་ཚད་དུ་མཐོང་དཀོན་པའི་ཀོང་ཐོན་ལྗོན་པ།  ཁམ་བུ་དཀར་པོ།  ཐང་ཤིང་ཧྲུའེ་ཧྲན།  ལུང་ཞ་མེ་ཏོག་སོགས་ཆེད་དུ་སྲུང་སྐྱོབ་བྱེད་བཞིན་པའི་རྩ་ཆེ་རྩི་ཤིང་གི་རིགས་ཡོད་པ་མ་ཟད།   སྤྲེའུ་དང་ཞི་མི་ལིང་མའོ།  རི་བྱ་ཤ་རྡོག་ཅན།  གསེར་མོ་སོགས་སྲོག་ཆགས་དཀོན་པའི་རིགས་ཀྱི་དགའ་ཚལ་ཡང་ཡིན། 

དེས་ན་བི་ལིན་ཡོན་ནི་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།  དེ་ནི་ལོ་དུང་ཕྱུར་མང་བོའི་སྔ་རོལ་དུ་གནས་འདི་ནི་རྒྱ་མཚོ་ཆེན་པོ་ཞིག་ཡིན་མོད།   རྗེས་སུ་རྙོག་འཛིང་ཆེ་བའི་ས་ཤུན་འགུལ་སྐྱོད་ཁྲོད་སྐམ་ས་དང་རི་སྒང་འབུར་དུ་ཐོན་པས་ད་གཟོད་ཁྱད་མཚར་བའི་རྡེའུ་ཟེགས་ལས་གྲུབ་པའི་བྲག་རྡོའི་ནགས་ཚལ་གྱི་བི་ལིན་ཡོན་གྲུབ་པ་རེད།