ཀྲང་ཝུན་ཁུའེ།སྔ་མའི་པར་གཞི་དེ user126  ནས 2015-07-27 16:18ལ་འགྲུབ།

ཀྲང་ཝུན་ཁུའེ།

ཀྲང་ཝུན་ཁུའེ།
མཚོ་སྔོན་ཞིང་ཆེན་མཚོ་བྱང་ཨ་རིག་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲང་ཝུན་ཁོས།
རྒྱ་ཡིག་གི་མིང་།
张文魁
མི་རིགས།
བོད་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1961ལོའི་ཟླ7པ།
1 མི་སྣ་ངོ་སྤྲོད།

ཀྲང་ཝུན་ཁོས།  ཕོ། བོད་རིགས།  1961ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཨ་རིག་རྫོང་དུ་སྐྱེས།  ཀྲུང་གུང་ཏང་ཡོན།  ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་།  སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1990ལོའི་ཟླ6པ་ནས1992ལོའི་ཟླ3པའི་བར།  མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1992ལོའི་ཟླ3པ་ནས1995ལོའི་ཟླ5བའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ5བ་ནས1998ལོའི་ཟླ5བའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས། 

སྤྱི་ལོ1998ལོའི་ཟླ5བ་ནས2001ལོའི་ཟླ3པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། དེའི་བར་སྟེ་སྤྱི་ལོ1998ལོའི་ཟླ8པ་ནས2000ལོའི་ཟླ12པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས་པ་དང་། སྤྱི་ལོ2000ལོའི་ཟླ9བ་ནས2001ལོའི་ཟླ1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་རྫོང་ཨུའི་ཧྲུའུ་ཅི་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ2001ལོའི་ཟླ3པ་ནས2006ལོའི་ཟླ9བའི་བར། རྨ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ9བ་ནས2010ལོའི་ཟླ4བའི་བར། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ4བ་ནས2011ལོའི་ཟླ10བའི་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ10བ་ནས2013ལོའི་ཟླ5བའི་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2013ལོའི་ཟླ5བ་ནས་ད་ལྟའི་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།