རག་སྡིས།སྔ་མའི་པར་གཞི་དེ user126  ནས 2015-07-27 15:36ལ་འགྲུབ།

རག་སྡིས།

རག་སྡིས།
རག་སྡིས། ཕོ། བོད་རིགས། བོད་ལྗོངས་འབྲི་རུ་རྫོང་དུ་སྐྱེས། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ཆེད་ཚན་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རག་སྡིས།
རྒྱ་ཡིག་གི་མིང་།
热地
མི་རིགས།
བོད་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1938ལོའི་ཟླ8པ།
1 མི་སྣ་ངོ་སྤྲོད།

རག་སྡིས།  ཕོ། བོད་རིགས།  སྤྱི་ལོ1938ལོའི་ཟླ8པར་བོད་ལྗོངས་འབྲི་རུ་རྫོང་དུ་སྐྱེས།  སྤྱི་ལོ1959ལོའི་ཟླ7པར་བྱ་བར་ཞུགས་ཤིང་། སྤྱི་ལོ1961ལོའི་ཟླ10བར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།  ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་མཐར་ཕྱིན་པ་དང་།  ཆེད་ཚན་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1959ལོ་ནས1962ལོའི་བར། ཀྲུང་དབྱང་སྲིད་ཁྲིམས་དོ་དམ་ལས་བྱེད་སློང་གླིང་དུ་སློབ་སྦྱོང་བྱས།

སྤྱི་ལོ1962ལོ་ནས1966ལོའི་བར།  བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་སྤྱི་བདེ་ཁྲུའུ་མྱུལ་ཞིབ་པའི་ལས་ཀ་བསྒྲུབས།   

སྤྱི་ལོ1966ལོ་ནས1968ལོའི་བར། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྤྱི་དཔྱོད་ཁྲིམས་དམག་དོ་དམ་ཚོགས་པར་ལས་ཀ་བསྒྲུབས། 

སྤྱི་ལོ1968ལོ་ནས1972ལོའི་བར།  བོད་ལྗོངས་ནག་ཆུ་ས་ཁུལ་གྱི་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་མི་སྲུང་ཚན་ཁག་གི་གཙོ་འགན་འཁུར་མཁན་དང་ཚོགས་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ1972ལོ་ནས1975ལོའི་བར། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1975ལོ་ནས1977ལོའི་བར།  བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི(སྐབས་དེར་ཧྲུའུ་ཅི་དང་པོའི་ལས་འགན་བཀོད་ཡོད།)དང་བོད་ལྗོངས་ཞིང་བ་དབུལ་ཐ་འབྲིང་ལྷན་ཚོགས་ཀྱི་ཀྲུའུ་རིན། བོད་ལྗོངས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཞིང་ཕྱུགས་གཞུང་སྒྲུང་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1977ལོ་ནས1985ལོའི་བར།  བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི(སྐབས་དེར་ཧྲུའུ་ཅི་དང་པོའི་ལས་འགན་བཀོད་ཡོད།)དང་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རང་སྐྱོང་ལྗོངས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རང་སྐྱོང་ལྗོངས་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་སློབ་གཙོ་སོགས་ཀྱི་འགན་བཞེས། (སྤྱི་ལོ1983ལོའི་ཟླ9བ་ནས1985ལོའི་ཟླ7པའི་བར་དུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་ཆེད་ཚན་རིག་གནས་ཟབ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།)

སྤྱི་ལོ1985ལོ་ནས1993ལོའི་བར།  བོད་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི། རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས།

སྤྱི་ལོ1993ལོ་ནས1994ལོའི་བར།  བོད་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་དམངས་ཆེན་གྱི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1994ལོར།  བོད་ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་དམངས་ཆེན་གྱི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ3པར།  རྒྱལ་ཡོངས་སྐབས་བཅུ་བའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱལ་ཡོངས་སྐབས་བཅུ་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས།

ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་གི་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པ། བཅུ་བཞི་བ། བཙོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བའི་ཨུ་ཡོན་ཀྲང་གཞོན་པ་བཅས་སུ་བདམས།



དཔྱད་གཞིའི་ཡིག་ཆ།