དབང་མོ་ནི་སོག་རིགས་ཀྱི་སྐྱེས་མ་ཞིག་ཡིན་ཞིང་། 1953ལོའི་ཟླ3པར་སྐྱེས་པ་དང་མཚོ་སྔོན་ཞིང་ཆེན་སོག་རྫོང་གི་མི་ཡིན།
1971ལོ་ནས1980ལོའི་བར་མཚོ་སྔོན་ཞིང་ཆེན་སོག་རྫོང་དུ་བྱ་བ་སྒྲུབ་པ་དང་། 1980ལོ་ནས1984ལོའི་བར་མཚོ་སྔོན་ཞིང་ཆེན་སོག་རྫོང་རྒྱང་སྒྲོག་ས་ཚིགས་སུ་བྱ་བ་ལས།
1984ལོ་ནས1987ལོའི་བར་མཚོ་སྔོན་ཞིང་ཆེན་སོག་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར། དེའི་སྐབས་ཏེ1984ལོ་ནས1986ལོའི་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་གི་སློབ་གྲྭ་རུ་སློབ་སྦྱོང་བྱས།
1987ལོ་ནས1993ལོའི་བར་མཚོ་སྔོན་ཞིང་ཆེན་སོག་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་འཁུར།
1993ལོ་ནས1996ལོའི་བར་མཚོ་སྔོན་ཞིང་ཆེན་སོག་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འཁུར།
1996ལོ་ནས1999ལོའི་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཁུར།
1999ལོའི་རྗེས་སུ་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཁུར།
2008ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པར་བདམས།
2013ལོའི་ཟླ1པོའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་ཚོགས་ཆེན་ཐེངས་དང་པོར་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པར་བདམས། མ་ཟད་རྒྱལ་ཡོངས་དམངས་ཆེན་སྐབས་བདུན་པ་དང་སྐབས་བརྒྱད་པའི་འཐུས་ཚབ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་བ་དང་སྐབས་བཅུ་བའི་ཨུ་ཡོན་ཡིན།