ལིའུ་ཡུན་ཧྲན།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-27 10:44ལ་འགྲུབ།

ལིའུ་ཡུན་ཧྲན།

ལིའུ་ཡུན་ཧྲན།
ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་བཅས་ཀྱི་འགན་འཁུར་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལིག་ཡོན་ཧྲན།
རྒྱ་ཡིག་གི་མིང་།
刘云山
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1947ལོའི་ཟླ7པ།
1 མི་སྣ་ངོ་སྤྲོད།

ལིག་ཡོན་ཧྲན། ཕོ། རྒྱ་རིགས། སྤྱི་ལོ1947ལོའི་ཟླ7པར་སྐྱེས། ཧྲན་ཞི་ཞིང་ཆེན་ཞིན་ཀྲིག་ས་ཆའི་མི་ཡིན། སྤྱི་ལོ1966ལོའི་ཟླ9བར་བྱ་བར་ཞུགས། སྤྱི་ལོ1971ལའི་ཟླ4བར་ཏང་ནང་དུ་ཞུགས།   ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་ དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་བཅས་ཀྱི་འགན་འཁུར་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1964ལོ་ནས1968ལོའི་བར་དུ། ནང་སོག་རང་སྐྱོང་ལྗོངས་ཅི་ཉིན་དགེ་ཐོན་སློབ་གྲྭ་ནས་སློབ་སྦྱོང་བྱས།

སྤྱི་ལོ1968ལོ་ནས1969ལོའི་བར་དུ།    ནང་སོག་རང་སྐྱོང་ལྗོངས་ཐུའུ་མོ་ཐི་མདའ་ཚན་གཡོན་པའི་པ་ཧྲི་སློབ་གྲྭའི་དགེ་རྒན་བྱས་པ་དང་། ཐུའུ་མོ་ཐི་མདའ་ཚན་གཡས་པའི་སུའུ་ཕུའུ་གད་ཀུང་ཧྲེ་ནས་ངལ་རྩོལ་སྦྱོང་བརྡར་བྱས།

སྤྱི་ལོ1969ལོ་ནས1975ལོའི་བར་དུ།    ནང་སོག་རང་སྐྱོང་ལྗོངས་ཐུའུ་མོ་ཐི་མདའ་ཚན་གཡས་པའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཀན་ཧྲིའི་འགན་འཁུར།

སྤྱི་ལོ1975ལོ་ནས1982ལོའི་བར་དུ།  ཞིན་ཧྭ་གསར་འགྱུར་ཁང་ནང་སོག་ཡན་ལག་ཁང་ཞིང་ཕྱུགས་ཚན་ཆུང་གི་གསར་འགོད་པ་དང་ཙུའུ་ཀྲང་གཞོན་པ།  ཡན་ལག་ཁང་གི་ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་འཁུར། (དེའི་སྐབས་ཀྱི་སྤྱི་ལོ1981ལོའི་ཟླ3པ་ནས  1981ལོའི་ཟླ8པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་སློབ་སྦྱོང་བྱས)

སྤྱི་ལོ1982ལོ་ནས1984ལོའི་བར་དུ།   གུང་གཞོན་ཚོགས་པ་ནང་སོག་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་འཁུར།

སྤྱི་ལོ1984ལོ་ནས1986ལོའི་བར་དུ།  ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའི་འགན་འཁུར།

སྤྱི་ལོ1986ལོ་ནས1987ལོའི་བར་དུ།    ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་སྒྲོག་པུའུ་པུའུ་ཀྲང་གི་འགན་འཁུར།

སྤྱི་ལོ1987ལོ་ནས1991ལོའི་བར་དུ།    ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོའི་ཞོར་དུ་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ1991ལོ་ནས1992ལོའི་བར་དུ།    ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཁྲི་ཧྥིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ1992ལོ་ནས1993ལོའི་བར་དུ།  ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་ཞོར་དུ་ཁྲི་ཧྥུན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར། (སྤྱི་ལོ1989ལོ་ནས1992ལོའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲགས་ཐོག་སློབ་གླིང་ནས་ཏང་སྲིད་དོ་དམ་ཆེད་ལས་སྦྱངས)

སྤྱི་ལོ1993ལོ་ནས1997ལོའི་བར་དུ།  ཀྲུང་དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའི་འགན་འཁུར།

སྤྱི་ལོ1997ལོ་ནས2002ལོའི་བར་དུ།  ཀྲུང་དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པའི་འགན་འཁུར་བ་དང་། (སྤྱི་ལོ1997ལོའི་ཟླ10བར་པུའུ་ཀྲང་རིམ་པར་གཏན་འཁེལ་བྱས།) ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་འཁུར།

སྤྱི་ལོ2002ལོ་ནས2012ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི།   ཀྲུང་དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་བཅས་ཀྱི་འགན་འཁུར།

སྤྱི་ལོ2012ལོར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་བཅས་ཀྱི་འགན་འཁུར།

སྐབས་བཅུ་གཉིས་པ་དང་བཅུ་བཞི་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅོ་ལྔ་བ་དང་སྐབས་བཅུ་དྲུག་པ།  སྐབས་བཅུ་བདུན་པ།  སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།