ཝང་ཆི་ཧྲན།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-27 10:44ལ་འགྲུབ།

ཝང་ཆི་ཧྲན།

ཝང་ཆི་ཧྲན།
ནུབ་བྱང་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཁག་གི་ལོ་རྒྱུས་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོའི་སྤྱིར་བཏང་འཛིན་གྲྭའི་ཐོབ་ཐང་ཡོད་ལ། མཐོ་རིམ་དཔལ་འབྱོར་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བང་ཆི་ཧྲན།
རྒྱ་ཡིག་གི་མིང་།
王岐山
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1948ལོའི་ཟླ7པ།
ཏང་ཞུགས་དུས་ཚོད།
སྤྱི་ལོ1983ལོའི་ཟླ2པ།
1 མི་སྣ་ངོ་སྤྲོད།

བང་ཆི་ཧྲན།  ཕོ།  རྒྱ་རིགས།  སྤྱི་ལོ1948ལོའི་ཟླ7པར་སྐྱེས། ཧྲན་ཞི་ཞིང་ཆེན་ཐེན་ཀྲིན་ས་ཆའི་མི་ཡིན།  སྤྱི་ལོ1969ལོའི་ཟླ1པར་བྱ་བར་ཞུགས།  སྤྱི་ལོ1983ལོའི་ཟླ2པར་ཏང་ནང་དུ་ཞུགས། ནུབ་བྱང་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཁག་གི་ལོ་རྒྱུས་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་།   སློབ་གྲྭ་ཆེན་མོའི་སྤྱིར་བཏང་འཛིན་གྲྭའི་ཐོབ་ཐང་ཡོད་ལ།མཐོ་རིམ་དཔལ་འབྱོར་པ་ཡིན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།    ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་འཁུར་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1969ལོ་ནས1971ལོའི་བར་དུ།   ཧྲན་ཞི་ཞིང་ཆེན་ཡན་ཨན་རྫོང་ཧྥིན་ཀྲུང་ཀུང་ཧྲེ་ནས་ན་གཞོན་ཤེས་ཡོན་ཅན་ཞིང་སྡེར་འགྲོ་བའི་བྱ་འགུལ་ཁྲོད་ཞུགས།
       སྤྱི་ལོ1971ལོ་ནས1973ལོའི་བར་དུ།   ཧྲན་ཞི་ཞིང་ཆེན་རྟེན་མཛོད་ཁང་ནས་བྱ་བ་བསྒྲུབས།    
       སྤྱི་ལོ1973ལོ་ནས1976ལོའི་བར་དུ།   ནུབ་བྱང་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཁག་ནས་ལོ་རྒྱུས་ཆེད་ལས་སྦྱངས།
       སྤྱི་ལོ1976ལོ་ནས1979ལོའི་བར་དུ།  ཧྲན་ཞི་ཞིང་ཆེན་རྟེན་མཛོད་ཁང་དུ་བྱ་བ་བསྒྲུབས།
       སྤྱི་ལོ1979ལོ་ནས1982ལོའི་བར་དུ།    ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པ་བྱས།
       སྤྱི་ལོ1982ལོ་ནས1986ལོའི་བར་དུ།    ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཞིང་སྡེ་སྲིད་ཇུས་ཞིབ་འཇུག་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཁྲུའུ་ཀྲང་། ཅུའུ་གཞོན་པ་རིམ་པའི་ཞིབ་འཇུག་པ། འབྲེལ་གཏུག་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་འཁུར།
       སྤྱི་ལོ1986ལོ་ནས1988ལོའི་བར་དུ།   ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཞིང་སྡེ་སྲིད་ཇུས་ཞིབ་འཇུག་ཁང་གི་ཅུའུ་རིམ་པའི་ཞིབ་འཇུག་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་གཏུག་ཁང་གི་ཀྲུའུ་རིན།   ཞོར་དུ་རྒྱལ་ཡོངས་ཞིང་སྡེ་བཅོས་སྒྱུར་ཚོད་ལྟ་ས་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་འཕེལ་རྒྱས་ཞིབ་འཇུག་ཁང་གི་སོ་ཀྲང་ཚབ་མ་དང་སོ་ཀྲང་བཅས་ཀྱི་འགན་འཁུར།
       སྤྱི་ལོ1988ལོ་ནས1989ལོའི་བར་དུ། ཀྲུང་གོ་ཞིང་སྡེ་ཡིད་རྟོན་དངུལ་གཏོང་ཀུང་ཟིའི་སྤྱི་གཉེར་བ་དང་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།
       སྤྱི་ལོ1989ལོ་ནས1993ལོའི་བར་དུ། ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མིའི་འགན་འཁུར།   (དེའི་སྐབས་ཀྱི་སྤྱི་ལོ1992 ལོའི་ཟླ9བ་ནས1992ལོའི་ཟླ11པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།)
       སྤྱི་ལོ1993ལོ་ནས1994ལོའི་བར་དུ།  ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མིའི་འགན་འཁུར།
       སྤྱི་ལོ1994ལོ་ནས1996ལོའི་བར་དུ།  ཀྲུང་གོ་མི་དམངས་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་འཁུར།
       སྤྱི་ལོ1996ལོ་ནས་1997ལོའི་བར་དུ།  ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་འཁུར།
       སྤྱི་ལོ1997ལོ་ནས1998ལོའི་བར་དུ།   ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགན་འཁུར།
       སྤྱི་ལོ1998ལོ་ནས2000ལོའི་བར་དུ།  ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པའི་འགན་འཁུར།
       སྤྱི་ལོ2000ལོ་ནས2002ལོའི་བར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་འཁུར།
       སྤྱི་ལོ2002ལོ་ནས2003ལོའི་བར་དུ། ཧེ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར།
       སྤྱི་ལོ2003ལོ་ནས2004ལོའི་བར་དུ། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཚབ་མ།    པེ་ཅིན་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་འཁུར།
       སྤྱི་ལོ2004ལོ་ནས2007ལོའི་བར་དུ། པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་།   པེ་ཅིན་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་འཁུར།
       སྤྱི་ལོ2007ལོ་ནས2008ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་གྱི་འགན་འཁུར།
       སྤྱི་ལོ2008ལོ་ནས2011ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།  ཏང་ཙུའུ་ཁོངས་མི་བཅས་ཡིན།  སྤྱི་ལོ2010ལོའི་  ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམ་སྟོན་ཚོགས་འདུ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་བཅས་ཀྱི་འགན་འཁུར།
       སྤྱི་ལོ2011ལོ་ནས2012ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་འཁུར།
       སྤྱི་ལོ2012ལོར།   ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་ཁུར།
       སྐབས་བཅོ་ལྔ་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན།   སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཡིན།
 


དཔྱད་གཞིའི་ཡིག་ཆ།