ཡུས་ཀྲིན་ཧྲིན། ཕོ། རྒྱ་རིགས། སྤྱི་ལོ1945ལོའི་ཟླ4བར་སྐྱེས། ཀྲེ་ཅང་ཞིང་ཆེན་ཧྲོ་ཞིན་ས་ཆའི་མི་ཡིན། སྤྱི་ལོ1963ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1964ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧ་ཨར་པེན་དམག་དོན་བཟོ་སྐྲུན་སློབ་གླིང་ཏའོ་ཏན་འཕུར་མདའི་བཟོ་སྐྲུན་སྡེ་ཁག་ཏའོ་ཏན་འཕུར་མདའི་འཕུར་ལམ་རང་འགུལ་ཚོད་འཛིན་ཆེད་ལས་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད་ཅིང་། བཟོ་སྐྲུན་པ་ཡིན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད།
སྤྱི་ལོ1963ནས1968ལོའི་བར་དུ། ཧ་ཨར་པེན་དམག་དོན་བཟོ་སྐྲུན་སློབ་གླིང་ཏའོ་ཏན་འཕུར་མདའི་བཟོ་སྐྲུན་སྡེ་ཁག་ཏའོ་ཏན་འཕུར་མདའི་འཕུར་ལམ་རང་འགུལ་ཚོད་འཛིན་ཆེད་ལས་ནས་སློབ་སྦྱོང་བྱས། སྤྱི་ལོ1968ནས1971ལོའི་བར་དུ། ཧི་པེ་ཞིང་ཆེན་ཀྲང་ཅཱ་ཁུག་གྲོང་ཁྱེར་སྐུད་མེད་གློག་ཆས་བཟོ་གྲྭ་དྲུག་པའི་ལག་རྩལ་པའི་འགན་བཞེས།
སྤྱི་ལོ1971ནས1975ལོའི་བར་དུ། ཧི་པེ་ཞིང་ཆེན་ཀྲང་ཅཱ་ཁུག་གྲོང་ཁྱེར་ཆའོ་ཞི་སྐུད་མེད་གློག་ཆས་བཟོ་གྲྭའི་ལག་རྩལ་པ་དང་འགན་ཁུར་བའི་འགན་བཞེས།
སྤྱི་ལོ1975ནས1981ལོའི་བར་དུ། འཕྲུལ་ཆས་བཟོ་ལས་པུའུ་བཞི་བའི་གློག་རྡུལ་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་ཞིབ་འཇུག་ཁང་གི་ལག་རྩལ་པ་དང་བཟོ་སྐྲུན་པའི་འགན་བཞེས།
སྤྱི་ལོ1981ནས1982ལོའི་བར་དུ། འཕྲུལ་ཆས་བཟོ་ལས་པུའུ་བཞི་བའི་གློག་རྡུལ་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པའི་འགན་བཞེས།
སྤྱི་ལོ1982ནས1984ལོའི་བར་དུ། གློག་རྡུལ་བཟོ་ལས་པུའུ་གློག་རྡུལ་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་ཞིབ་འཇུག་ཁང་གི་སའོ་ཀྲང་གཞོན་པ་དང་གློག་རྡུལ་བཟོ་ལས་པུའུ་རྩིས་འཁོར་བཟོ་ལས་དོ་དམ་ཅུའུ་མ་ལག་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་། སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་དང་ཞོར་དུ་འཕྲུལ་ཆས་ཆུང་བའི་དོ་དམ་པུའུ་ཀྲུའུ་རིན། གློག་རྡུལ་བཟོ་ལས་པུའུ་འཆར་འགོད་ཟི་ཡི་ཟི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ1984ནས1985ལོའི་བར་དུ། ཀྲུང་གོ་དབང་བོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ཚོགས་པའི་འགན་འཁུར་པ་དང་ལས་འཛིན་མགོ་གཙོ་གཞོན་པ། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས། (སྐབས་དེར་སྤྱི་ལོ1984ལོའི་ཟླ12པར་ཟི་ཅུའུ་རིམ་པའི་འགན་གསལ་བོ་བྱས། སྤྱི་ལོ1985ལོའི་ཟླ1པ་ནས་ཟླ3པའི་བར་ཁང་ཧྭ་དངོས་གཉེར་ཀུང་ཟིའི་སྤྱི་གཉེར་ཚབ་མའི་འགན་བཞེས།)
སྤྱི་ལོ1985ནས1987ལོའི་བར་དུ། ཧྲན་ཏུང་ཞིང་ཆེན་ཡན་ཐེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འགན་བཞེས།
སྤྱི་ལོ1987ནས1989ལོའི་བར་དུ། ཧྲན་ཏུང་ཞིང་ཆེན་ཡན་ཐེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།
སྤྱི་ལོ1989ནས1992ལོའི་བར་དུ། ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པ། ཧྲི་ཀྲང་བཅས་ཀྱི་འགན་བཞེས།
སྤྱི་ལོ1992ནས1994ལོའི་བར་དུ། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཆིན་ཏའོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲི་ཀྲང་བཅས་ཀྱི་འགན་བཞེས།
སྤྱི་ལོ1994ནས1997ལོའི་བར་དུ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཆིན་ཏའོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ1997ནས1998ལོའི་བར་དུ། འཛུགས་སྐྲུན་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ1998ནས2001ལོའི་བར་དུ། འཛུགས་སྐྲུན་པུའུ་པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2001ནས2002ལོའི་བར་དུ། ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2002ལོ་ནས2003ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།
སྤྱི་ལོ2003ནས2007ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་། ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2007ནས2008ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2008ནས2011ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། སྤྱི་ལོ2010ལོའི་ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པའི་དང་པོ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།
སྤྱི་ལོ2011ནས2012ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2012ནས2013ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི(2012ལོའི་ཟླ11པའི་བར)འགན་བཞེས།
སྤྱི་ལོ2013ལོ་ནས་བཟུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས། སྐབས་བཅུ་བཞི་བའི་ཀྲུང་གུང་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅོ་ལྔ་བ་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཡིན