ལྷག་པ་ཕུན་ཚོགས། ཕོ། བོད་རིགས། སྤྱི་ལོ1942ལོའི་ཟླ11པར་བོད་ལྗོངས་རྒྱལ་རྩེ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཧྲན་ཞི་བོད་ལྗོངས་སྤྱིའི་སློབ་གྲྭ་དང་ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཡིག་རམ་འབྱམས་པའི་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ་དང་། རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་བཞེས་ཡོད།
སྤྱི་ལོ1964ལོ་ནས1970ལོའི་བར། བོད་ལྗོངས་མི་རིགས་སློབ་གླིང་དུ་དགེ་རྒན་རམ་འདེགས་པའི་ལས་ཀ་བསྒྲུབས།
སྤྱི་ལོ1971ལོ་ནས1980ལོའི་བར། བོད་ལྗོངས་དགེ་འོས་སློབ་གླིང་གི་དགེ་རྒན་གྱི་ལས་ཀ་བསྒྲུབས།
སྤྱི་ལོ1980ལོ་ནས1983ལོའི་བར། བོད་རང་སྐྱོང་ལྗོངས་རིག་གནས་མཉམ་འབྲེལ་ལྷན་ཚོགས་སུ་ལས་ཀ་བསྒྲུབས།
སྤྱི་ལོ1983ལོ་ནས1991ལོའི་བར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཡོན་ཀྲང་གི་འགན་བཞེས།
སྤྱི་ལོ1991ལོ་ནས2000ལོའི་བར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་འགན་བཞེས།
སྤྱི་ལོ2000ལོའི་ཟླ5བ་ནས་ད་ལྟའི་བར། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་བཞེས་ཀྱིན་ཡོད་པ་རེད།