འཕགས་པ་དགེ་ལེགས་རྣམ་རྒྱལ། ཕོ། བོད་རིགས། སྤྱི་ལོ1940ལོའི་ཟླ2པར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་དུ་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། སྤྱི་ལོ1950ལོར་བྱ་བར་ཞུགས།
སྤྱི་ལོ1950ལོ་ནས1952ལོའི་བར། བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་པོའི་འགན་བཞེས།
སྤྱི་ལོ1952ལོ་ནས56ལོའི་བར། སེ་ར་དགོན་པར་སློབ་གཉེར་མཛད།
སྤྱི་ལོ1956ལོ་ནས1959ལོའི་བར། བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།
སྤྱི་ལོ1959ལོ་ནས1965ལོའི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཆབ་མདོ་ཆེད་དམིགས་ས་ཁུལ་གྱི་མངག་གཏོང་བ་བཅས་ཀྱི་འགན་བཞེས།
སྤྱི་ལོ1965ལོ་ནས1979ལོའི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ1979ལོ་ནས1993ལོའི་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས།
སྤྱི་ལོ1993ལོ་ནས2003ལོའི་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚན་འཛིན་ཚོགས་གཙོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2003ལོ་ནས་ད་ལྟའི་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་། བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཀྱིན་ཡོད་པ་རེད།
རྒྱལ་ཡོངས་དམངས་ཆེན་སྐབས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་འཐུས་མི། རྒྱལ་ཡོངས་དམངས་ཆེན་སྐབས་བརྒྱད་པ་དང་དགུ་བའི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ། བདུན་པ། བཅུ་བ། བཅུ་གཅིག་པ། བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་།