ཧུའུ་ཁྲང་ཧྲེང་།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-27 10:34ལ་འགྲུབ།

ཧུའུ་ཁྲང་ཧྲེང་།

ཧུའུ་ཁྲང་ཧྲེང་།
ཧོ་ཁྲང་ཧྲིན། ཕོ། རྒྱ་རིགས། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧོ་ཁྲང་ཧྲིན།
རྒྱ་ཡིག་གི་མིང་།
胡昌升
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1963ལོའི་ཟླ12པ།
1 མི་སྣ་ངོ་སྤྲོད།

ཧོ་ཁྲང་ཧྲིན།  ཕོ། རྒྱ་རིགས།  སྤྱི་ལོ1963ལོའི་ཟླ12པར་ཅང་ཞི་ཀའོ་ཨན་ས་ཆ་ནས་སྐྱེས། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས་ཤིང་། སྤྱི་ལོ1985ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1986ལོའི་ཟླ7པ་ནས1993ལོའི་ཟླ4བའི་བར།  ཁྲིན་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཐོན་ཁོངས་དང་དཔལ་འབྱོར་སྡེ་ཁག་ཏུ་དགེ་རྒན་དང་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ4བ་ནས1997ལོའི་ཟླ12པའི་བར།  ཁྲིན་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཐོན་ཁོངས་དང་དཔལ་འབྱོར་སྡེ་ཁག་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ1997ལོའི་ཟླ2པ་ནས2002ལོའི་ཟླ11པའི་པར།  ཁྲིན་ཏུའུ་གྲོང་ཁྱེར་ཅིན་ཅང་ས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།
       སྤྱི་ལོ2002ལོའི་ཟླ11པ་ནས2003ལོའི་ཟླ1པའི་བར།  ཀྲུང་གུང་ཡིན་ཅིན་རྫོང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ2003ལོའི་ཟླ1པ་ནས2004ལོའི་ཟླ2པའི་བར།  ཀྲུང་གུང་ཡིན་ཅིན་རྫོང་ཏང་ཨུ་ཧྲུའུ་ཅི་དང་།  རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།
       སྤྱི་ལོ2004ལོའི་ཟླ2པ་ནས2005ལོའི་ཟླ10བའི་བར།  ཀྲུང་གུང་གཡག་རྔ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་གི་འགན་བཞེས།
       སྤྱི་ལོ2005ལོའི་ཟླ10བ་ནས2006ལོའི་ཟླ1པའི་བར།  ཀྲུང་གུང་གཡག་རྔ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་། ཧན་ཡོན་རྫོང་ཏང་ཨུ་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
       སྤྱི་ལོ2006ལོའི་ཟླ1པ་ནས2006ལོའི་ཟླ9བའི་བར།  ཀྲུང་གུང་གཡག་རྔ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་། ཧན་ཡོན་རྫོང་ཏང་ཨུའི་ཧྲུའུ་ཅི།  རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས།
       སྤྱི་ལོ2006ལོའི་ཟླ9བ་ནས2006ལོའི་ཟླ11པའི་བར།  ཀྲུང་གུང་གཡག་རྔ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་གི་འགན་བཞེས།
       སྤྱི་ལོ2006ལོའི་ཟླ11པ་ནས2007ལོའི་ཟླ2པའི་བར།  ཀྲུང་གུང་སུའུ་ཉིན་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པ།  ཧྲི་ཀྲང་ཚབ་མ་བཅས་ཀྱི་འགན་བཞེས།
       སྤྱི་ལོ2007ལོའི་ཟླ2པ་ནས2012ལོའི་ཟླ4བའི་བར།  ཀྲུང་གུང་སུའུ་ཉིན་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2012ལོའི་ཟླ4བ་ནས་ད་ལྟའི་བར།  ཀྲུང་གུང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏང་ཨུ་ཧྲུའུ་ཅི་འགན་བཞེས་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།