གཟིམ་ཁང་།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-27 10:29ལ་འགྲུབ།

གཟིམ་ཁང་།

གཟིམ་ཁང་།
མཚོ་སྔོན་ཞིང་ཆེན་དགོན་ལུང་ས་ཆར་སྐུ་འཁྲུངས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྐུ་འབུམ་དགོན་པའི་དགོན་བདག དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཟིམ་ཁང་།
རྒྱ་ཡིག་གི་མིང་།
宗康
མི་རིགས།
བོད་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1942ལོའི་ཟླ10པ།
1 མི་སྣ་ངོ་སྤྲོད།

གཟིམ་ཁང་།  ཕོ། བོད་རིགས། སྤྱི་ལོ1942ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་དགོན་ལུང་ས་ཆར་སྐུ་འཁྲུངས།  ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྐུ་འབུམ་དགོན་པའི་དགོན་བདག   དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

2  བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1944ལོའི་ཟླ1པར་མཚོ་སྔོན་སྐུ་འབུམ་དགོན་པའི་གཟིམ་ཁང་སྐུ་ཕྲེང་བཅུ་གསུམ་པར་ངོས་འཛིན་བྱས།

མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  སྟོང་སྐོར་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  ཟི་ལིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་མྱོང་།

ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྐུ་འབུམ་དགོན་པའི་དགོན་བདག   དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།