ཧའོ་ཕེང་།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2017-11-03 10:09ལ་འགྲུབ།

ཧའོ་ཕེང་།

ཧའོ་ཕེང་།
རབ་འབྱམས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་ཡོད། མཐོ་རིམ་དཔལ་འབྱོར་བ། རྒྱལ་སྲིད་སྤྱི་ཁབ་ཁང་གི་དམིགས་བསལ་ཞོར་ཕོགས་ལོངས་སུ་སྤྱོད་ཀྱིན་ཡོད། ད་ལྟ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཧྲེང་ཀྲང་ཚབ་མ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧའོ་ཕིན།
རྒྱ་ཡིག་གི་མིང་།
郝鹏
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1960ལོའི་ཟླ7པ།
དད་མོས།
གུང་ཁྲན་རིང་ལུགས།
ཏང་ཞུགས་དུས་ཚོད།
སྤྱི་ལོ1982ལོའི་ཟླ3པ།
1 མི་སྣ་ངོ་སྤྲོད།

ཧའོ་ཕིན། ཕོ། རྒྱ་རིགས། སྤྱི་ལོ1960ལོའི་ཟླ7པར་སྐྱེས། ཧྲན་ཞི་ཧྥུན་ཞང་གི་མི་ཡིན། སྤྱི་ལོ1976ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1982ལོའི་ཟླ3པའི་ནང་གུང་ཁྲན་ཏང་ལ་ཞུགས། རབ་འབྱམས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་ཡོད། མཐོ་རིམ་དཔལ་འབྱོར་བ། རྒྱལ་སྲིད་སྤྱི་ཁབ་ཁང་གི་དམིགས་བསལ་ཞོར་ཕོགས་ལོངས་སུ་སྤྱོད་ཀྱིན་ཡོད། ད་ལྟ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཧྲེང་ཀྲང་ཚབ་མ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། སྤྱི་ལོ1976ལོའི་ཟླ1པ་ནས1978ལོའི་ཟླ10བའི་བར། ཀན་སུའུ་ཞིང་ཆེན་བེ་ཡོན་ཞན་ཡོན་ལའོ་ཀུང་ཧྲེ་ནང་གཞོན་ནུ་ཤེས་ཡོན་པར་ཞུགས།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1978ལོའི་ཟླ10བ་ནས1982ལོའི་ཟླ7པའི་བར། ནུབ་བྱང་བཟོ་ལས་སློབ་གྲྭ་ཆེན་མོའི་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་ཨར་ལས་སྡེ་ཁག་ནས་སློབ་སྦྱོང་བྱས།

སྤྱི་ལོ1982ནས་ཟླ7པ་ནས1983ལོའི་ཟླ5བའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་ལག་རྩལ་པ་བྱས།
       སྤྱི་ལོ1983ལོའི་ཟླ5བ་ནས1984ལོའི་ཟླ5བའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་གུང་གཞོན་ཚོགས་པའི་ཧྲུའུ་ཅིའི་འགན་ཁུར།
       སྤྱི་ལོ1984ལོའི་ཟླ4བ་ནས1985ལོའི་ཟླ3པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་གུང་གཞོན་ཚོགས་པའི་ཧྲུའུ་ཅིའི་འགན་ཁུར།
       སྤྱི་ལོ1985ལོའི་ཟླ3པ་ནས1986ལོའི་ཟླ1པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་འགོ་འཛིན་གྱི་ལས་རོགས་བྱས།
       སྤྱི་ལོ1986ལོའི་ཟླ1པ་ནས1990ལོའི་ཟླ6པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་འཆར་གཞི་ཁྲུའུ་ཁྲུའུ་ཀྲང་གི་འགན་ཁུར།
       སྤྱི་ལོ1990ལོའི་ཟླ6པ་ནས1992ལོའི་ཟླ1པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་ཁག་བགོས་འགྱིག་བཟོ་བཟོ་གྲྭའི་འགོ་གཙོ་བྱས།
       སྤྱི་ལོ1992ལོའི་ཟླ1པ་ནས1993ལོའི་ཟླ3པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་ཁག་བགོས་འཕྲུལ་སྣོན་བཟོ་གྲྭའི་འགོ་གཙོ་བྱས།
       སྤྱི་ལོ1993ལོའི་ཟླ3པ་ནས1994ལོའི་ཟླ3པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་ལས་གཉེར་འགོ་གཙོ་གཞོན་པ་བྱས།
       སྤྱི་ལོ1994ལོའི་ཟླ3པ་ནས1995ལོའི་ཟླ8པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་འགོ་གཙོ་དང་ཏང་ཨུ་ཧྲུའུ་ཅི་གཞོན་པ་བྱས།
      སྤྱི་ལོ1995ལོའི་ཟླ8པ་ནས1999ལོའི་ཟླ2པའི་བར། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ལན་གྲུ་འཕུར་སྐྱོད་འཕྲུལ་ཆས་སྤྱི་ཁྱབ་བཟོ་གྲྭའི་འགོ་གཙོ་དང་ཏང་ཨུ་ཧྲུའུ་ཅི་གཞོན་པ་བྱས། (སྤྱི་ལོ1995ལོའི་ཟླ8པ་ནས1999ལོའི་ཟླ2པའི་བར། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་གཞོན་ནུ་ཁེ་ལས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བྱས།) ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གཞོན་ནུ་ཁེ་ལས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བྱས།

སྤྱི་ལོ1999ལོའི་ཟླ2པ་ནས2000ལོའི་ཟླ8པའི་བར། ཀན་སུའུ་ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་བྱས།
       སྤྱི་ལོ2000ལོའི་ཟླ8པ་ནས2002ལོའི་ཟླ2པའི་བར་ཀྲུང་གུང་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་རྒྱུན་ལས་ཨུ་ཡོན་གྱི་ཨུ་ཡོན་དང་ཧྲི་ཀྲང་གཞོན་པ་བྱས།(སྤྱི་ལོ1997ལོའི་ཟླ9བ་ནས2000ལོའི་ཟླ12པའི་བར། ནུབ་བྱང་བཟོ་ལས་སློབ་ཆེན་མཁའ་སྐྱོད་མ་ལག་ཨར་ལས་ཆེད་ལས་ལ་སློབ་སྦྱོང་བྱས། ཞིབ་འཇུག་སློབ་མའི་ལག་རྟགས་ཐོབ།) 

སྤྱི་ལོ2002ལོའི་ཟླ2པ་ནས2003ལོའི་ཟླ11པའི་བར། ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གཞོན་པ་བྱས། (ཐིན་རིམ་པ།)
       སྤྱི་ལོ2003ལོའི་ཟླ11པ་ནས2006ལོའི་ཟླ6པའི་བར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
       སྤྱི་ལོ2006ལོའི་ཟླ6པ་ནས2006ལོའི་ཟླ10བའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
       སྤྱི་ལོ2006ལོའི་ཟླ10བ་ནས2006ལོའི་ཟླ11པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བྱས།
       སྤྱི་ལོ2006ལོའི་ཟླ11པ་ནས2010ལོའི་ཟླ12པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། བོད་ལྗོངས་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་བྱས།

སྤྱི་ལོ2010ལོའི་ཟླ12པ་ནས2011ལོའི་ཟླ11པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་བྱས། (སྤྱི་ལོ2011ལོའི་ཟླ1པའི་བར་འགན་ཁུར།) 

སྤྱི་ལོ2011ལོའི་ཟླ11པ་ནས2012ལོའི་ཟླ4བའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་བྱས།

སྤྱི་ལོ2012ལོའི་ཟླ4བ་ནས2013ལོའི་ཟླ3པའི་བར། བོད་རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ་བྱས།
       སྤྱི་ལོ2013ལོའི་ཟླ3པ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཧྲེང་ཀྲང་ཚབ་མར་བསྐོས་ཡོད།
       ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་ལ་བདམས།
       ཞིང་ཆེན་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་བྱ་བར་འགོ་འཛིན་དང་ལྟ་ཞིབ། རྩིས་བཤེར་ཕྱོགས་ཀྱི་བྱ་བའི་ཐད་འགན་ཁུར་ཡོད།
       སྤྱི་ལོ2013ལོའི་ཟླ4བའི་ཚེས28ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་།  ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ལ་བདམས། ཞིང་ཆེན་སྲིད་གཞུང་གི་བྱ་བ་ཚང་མར་སྣེ་ཁྲིད་བྱེད་པ་དང་ལྟ་ཞིབ། བརྩིས་བཤེར་ཕྱོགས་ཀྱི་བྱ་བར་འགན་ཁུར་ཡོད།


དཔྱད་གཞིའི་ཡིག་ཆ།