ཀྲང་ཀོང་རོང་།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-27 10:17ལ་འགྲུབ།

ཀྲང་ཀོང་རོང་།

ཀྲང་ཀོང་རོང་།
ཀྲང་ཀོང་རུང་། ཕོ། རྒྱ་རིགས། ཉིང་ཞ་ཡུང་ཉིང་གི་མི་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲང་ཀོང་རུང་།
རྒྱ་ཡིག་གི་མིང་།
张光荣
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1958ལོའི་ཟླ4བ།
དད་མོས།
གུང་ཁྲན་རིང་ལུགས།
1 མི་སྣ་ངོ་སྤྲོད།

ཀྲང་ཀོང་རུང་། ཕོ། རྒྱ་རིགས།  སྤྱི་ལོ1958ལོའི་ཟླ4པར་སྐྱེས། ཉིང་ཞ་ཡུང་ཉིང་གི་མི་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། སྤྱི་ལོ1978ལོའི་ཟླ11པར་བྱ་བར་ཞུགས།  སྤྱི་ལོ1976ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1975ལོའི་ཟླ7པ་ནས1978ལོའི་ཟླ11པའི་བར། ཉིང་ཞ་ཡུང་ཉིང་གི་ཧྲེང་ལི་ཀུང་ཧྲེ་ཧྲེང་ལི་རུ་ཆེན་དུ་སྔ་གཞུག་ལ་ཐོན་སྐྱེད་རུ་ཁག་གི་རུ་གཙོ་གཞོན་པ་དང་རུ་ཆེན་གྱི་དྲུང་ཡིག   རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ། ཀུང་ཧྲེ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1978ལོའི་ཟླ11པ་ནས1982ལོའི་ཟླ11པའི་བར། ཉིང་ཞ་ཡུང་ཉིང་རྫོང་རིག་གནས་སློབ་གསོ་ཅུའུ་དང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ཡུང་ཉིང་རྫོང་ཏང་ཨུའི་གཞུང་ལས་ཁང་གི་ལས་བྱེད་པ། དྲུང་ཡིག་བཅས་ཀྱི་འགན་བཞེས། 

སྤྱི་ལོ1982ལོའི་ཟླ11པ་ནས1985ལོའི་ཟླ3པར། ཉིང་ཞ་ཡུང་ཉིང་རྫོང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའ་ཅི་གཞོན་པ་དང་ཐུང་ཆའོ་ཞང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ1985ལོའི་ཟླ3པ་ནས1990ལོའི་ཟླ5བའི་བར། ཉིང་ཞ་ཡུང་ཉིང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུའི་འགན་བཞེས།
       སྤྱི་ལ1990ལོའི་ཟླ5བ་ནས1991ལོའི་ཟླ3པར། ཉིང་ཞ་ཡུང་ཉིང་རྫོང་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།
       སྤྱི་ལོ1991ལོའི་ཟླ3པ་ནས1992ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ཁྲུའུ་གཉིས་པའི་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་དང་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།
       སྤྱི་ལོ1992ལོའི་ཟླ5བ་ནས1995ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གི་འགན་བཞེས།
       སྤྱི་ལོ1995ལོའི་ཟླ3པ་ནས1998ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཀྲུའུ་རིན་གཞོན་པའི་འགན་བཞེས།
       སྤྱི་ལོ1998ལོའི་ཟླ3པ་ནས2000ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཐིན་ཏང་ཙུའུ་ཁོངས་མི་བཅས་ཡིན།
       སྤྱི་ལོ2000ལོའི་ཟླ4བ་ནས2002ལོའི་ཟླ1པར། མཚོ་སྔོན་ཞིང་ཆེན་ས་ཁུལ་ཁྲལ་དོན་ཅུའུ་ཅུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ2002ལོའི་ཟླ1པ་ནས2007ལོའི་ཟླ12པར།  མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ2008ལོའི་ཟླ1པ་ནས2013ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཡིན།
       སྤྱི་ལོ2013ལོའི་ཟླ6པ་ནས2013ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས།
       སྤྱི་ལོ2013ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།