ཀྲང་ཅན་མིན།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2015-07-27 10:17ལ་འགྲུབ།

ཀྲང་ཅན་མིན།

ཀྲང་ཅན་མིན།
ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། བཟོ་རིག་པའི་རབ་འབྱམས་པའི་ཡོན་ཚད་ཐོབ་ཐང་ལྡན། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས་ཡོད་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲང་ཅན་མེན།
རྒྱ་ཡིག་གི་མིང་།
张建民
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1964ལོའི་ཟླ9བ།
ཏང་ཞུགས་དུས་ཚོད།
སྤྱི་ལོ1985ལོའི་ཟླ6པ།
1 མི་སྣ་ངོ་སྤྲོད།

ཀྲང་ཅན་མེན། ཕོ། རྒྱ་རིགས། སྤྱི་ལོ1964ལོའི་ཟླ9བར་སྐྱེས། ཧུའུ་པེ་ཞིང་ཆེན་ལོན་རྫོང་གི་མི་ཡིན། སྤྱི་ལོ1995ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1985ལོའི་ཟླ7པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། བཟོ་རིག་པའི་རབ་འབྱམས་པའི་ཡོན་ཚད་ཐོབ་ཐང་ལྡན། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས་ཡོད་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཡིན།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1981ལོའི་ཟླ9བར། ཐའེ་ཡོན་བཟོ་ལས་སློབ་གྲྭ་ཆེན་མོའི་བཟོ་དམངས་ཨར་ལས་ཆེད་ལས་འཛིན་གྲྭར་སློབ་སྦྱོང་བྱས།
       སྤྱི་ལོ1985ལོའི་ཟླ7པར། ཐའེ་ཡོན་བཟོ་ལས་སློབ་གྲྭ་ཆེན་མོའི་ཨར་ལས་སྒྲིག་གཞི་ཞིབ་འཇུག་སུའོ་རུ་ཚན་རིག་ཞིབ་འཇུག་གི་བྱ་བ་གཉེར།
       སྤྱི་ལོ1987ལོའི་ཟླ9བར། ཐའེ་ཡོན་བཟོ་ལས་སློབ་གྲྭ་ཆེན་མོའི་སྒྲིག་གཞི་བཟོ་སྐྲུན་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།
       སྤྱི་ལོ1990ལོའི་ཟླ6པར། རྡོ་སོལ་པུའུ་ཐའེ་ཡོན་རྡོ་སོལ་གཏེར་ཁ་ཇུས་འགོད་ཞིབ་འཇུག་ཁང་གི་སྐྲུན་འགོད་ཁྲུའུ་ཡི་བཟོ་བཀོད་པ་དང་ཀྲུའུ་རིན། རྡོ་སོལ་པུའུ་ཐའེ་ཡོན་ཇུས་འགོད་ཞིབ་འཇུག་ཁང་ཨར་ལས་སུའོ་སུའོ་ཀྲང་གཞོན་པའམ་སུའོ་ཀྲང་བཅས་ཀྱི་འགན་བཞེས།
       སྤྱི་ལོ1997ལོའི་ཟླ12པར། རྡོ་སོལ་པུའུ་ཐའེ་ཡོན་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་ལས་རོགས་པའི་འགན་བཞེས།
       སྤྱི་ལོ2000ལོའི་ཟླ9པར། རྡོ་སོལ་པུའུ་ཐའེ་ཡོན་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པའམ་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས། (སྤྱི་ལོ2000ལོའི་ཟླ5བ་ནས་ཟླ9བའི་བར་ཕྱོགས་ཡོངས་ཀྱི་བྱ་བར་འགོ་འཛིན་བྱས།)
       སྤྱི་ལོ2002ལོའི་ཟླ3པ་ནས2002ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་མཛད།
       སྤྱི་ལོ2003ལོའི་ཟླ4བར། ཧྲན་ཞི་ཞིང་ཆེན་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་ཡི་འགན་བཞེས།
       སྤྱི་ལོ2006ལོའི་ཟླ11པར། ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
       སྤྱི་ལོ2008ལོའི་ཟླ1པར། ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི་ཡི་འགན་བཞེས།
       སྤྱི་ལོ2008ལོའི་ཟླ11པ་ནས2009ལོའི་ཟླ1པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་པུའུ་ཡི་འཛིན་གྲྭར་སློབ་སྦྱོང་མཛད།
       སྤྱི་ལོ2010ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི་ཡི་འགན་བཞེས


དཔྱད་གཞིའི་ཡིག་ཆ།