རྨ་ཆུའི་ཝི་ཁུག་རྦབ་ཆུ།སྔ་མའི་པར་གཞི་དེ མི་ཆུང་།  ནས 2015-07-23 20:59ལ་འགྲུབ།

རྨ་ཆུའི་ཝི་ཁུག་རྦབ་ཆུ།

རྨ་ཆུའི་ཝི་ཁུག་རྦབ་ཆུ།
ཧྲན་ཞི་ཞིང་ཆེན་གྱི་ཅི་རྫོང་གི་ནུབ་ལྷོའི་སྟོང་རྨིས25ཆོད་པའི་སར། ཀྲུང་གོའི་རྦབ་ཆུ་ཆེན་པོ་གཉིས་པར་གྲགས་པའི་རྨ་ཆུའི་ཝི་ཁུག་རྦབ་ཆུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
壶口瀑布
གནས་ཡུལ།
ཧྲན་ཞི་ཞིང་ཆེན་གྱི་ཅི་རྫོང་།
དཀར་ཆག

       ཧྲན་ཞི་ཞིང་ཆེན་གྱི་ཅི་རྫོང་གི་ནུབ་ལྷོའི་སྟོང་རྨིས25ཆོད་པའི་སར།  ཀྲུང་གོའི་རྦབ་ཆུ་ཆེན་པོ་གཉིས་པར་གྲགས་པའི་རྨ་ཆུའི་ཝི་ཁུག་རྦབ་ཆུ་ཡོད།  
       གསེར་འབྲུག་མཁའ་ནས་རྒྱུ་འདྲའི་རྨ་ཆུ་དེ་ལྷོ་ནས་བྱང་དུ་རྦ་རླབས་ཆིལ་ཆིལ་གཡོ་བཞིན་ས་སེར་མཐོ་སྒང་གི་ཆིན་ཅིན་གྲོག་རོང་ཆེན་པོའི་བར་རྒྱུད་དུ་བསླེབས་དུས།  གློ་བུར་དུ་ཆུ་རྒྱུན་ཆད་པ་ཇི་བཞིན་མཐོང་ལམ་དུ་ཡལ་མོད།  ཆིལ་ཆིལ་དུ་རྒྱུ་བའི་ཆུ་བོ་བྱེ་འདམ་དང་ལྷན་དུ་རྨིས་བཅུ་ཕྲག་ལྷག་ཡོད་པའི་མཐོ་སར་ཐུར་དུ་གཞོལ་ཅིང་བྲག་ལ་བརྡབས་པས་ཆུ་རྡུལ་ལང་ལོང་འཕྱུར་ཏེ།  རྟ་དམག་ཁྲི་ཕྲག་མང་བོ་རྡུལ་འཚུབ་དང་བཅས་བང་གིས་རྒྱུག་པ་དང་མཚུངས་པས་བརྗིད་ཉམས་ལྡན་པ་ཞིག་རེད། 

       ཝི་ཁུག་རྦབ་ཆུ་ཡིས་མི་ལ་ཧ་ལས་སུ་འཇུག་པ་ནི།  ལོ་གཅིག་གི་དུས་བཞི་བོར་ཆུའི་བཞུར་ཚད་ཧ་ཅང་དོ་མི་མཉམ་པ་སྟེ། དཔྱིད་དུས་སུ།  ཆུ་བཞུར་ཚད་ཆུ་ཚོད་སྐར་ཆ་རེར་རྨིད་ལྷམ་པ1000ཡས་མས་དང་།   དབྱར་དུས་སུ།  ཆུ་བོའི་སྨད་རྒྱུད་ཀྱི་ཆུ་མར་བབས་ནས་རྦབ་ཆུའི་འབབ་ཚད་ཆེ་རུ་ཕྱིན་པ་དང་། ཆུ་ཚོད་སྐར་ཆ་རེར་ཆུ་བཞུར་ཚད་ཇེ་མང་དུ་སོང་བས་རྨིད་ལྷམ་པ1000ནས2000བར་དང་། སྟོན་ཁ་ནི་ཆར་དུས་ཡིན་པས།  ཆུ་བོའི་བཞུར་ཚད་རྨིད་ལྷམ་པ3000ལྷག་ལ་འཕེལ།  དགུན་ཁ་ནི་ཆུ་ཆུང་བའི་དུས་ཡིན་པས་ཆུ་ངོས་སུ་དར་ཆགས་ནའང་ཆུ་བཞུར་ཚད་ད་དུང་ཆུ་ཚོད་སྐར་ཆ་རེར་རྨིད་ལྷམ་པ150ནས་300ཡས་མས་སུ་མཆིས།
       དེས་ན་ཝི་ཁུག་རྦབ་ཆུ་ནི་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།  དེ་ནི་ལོ་ངོ་ཤིན་ཏུ་མང་བོའི་སྔ་རོལ་དུ།  རྨ་ཆུའི་སྨད་རྒྱུད་ཀྱི་གྲམ་གཞུང་ཕལ་ཆེར་མཉམ་ན་ཡང་།  བྲག་རྡོ་རིམ་པ་ཅུང་སྙི་བ་དང་།  ཆུའི་འགྲམ་ངོགས་གཉིས་ཀྱི་རི་སྒང་གིས་ཡུན་རིང་བོར་བཙིར་གནོན་དང་ལོ་ཁྲི་ཕྲག་མང་བོར་ཆུ་བོ་བཤལ་བས་དམ་བེའི་སྐེ་དང་མཚུངས་པའི་གྲོག་རོང་ཆུང་ཆུང་ཞིག་གྲུབ་ཅིང་གྲམ་གཞུང་ལ་མཐོ་དམའ་བྱུང་ཞིང་། ཆུའི་འབབ་ཚད་ཆེ་རུ་ཕྱིན་པས་ད་གཟོད་རྔམ་བརྗིད་ལྡན་པའི་ཝི་ཁུག་རྦབ་ཆུ་ཡུན་གྱིས་གྲུབ་པ་ཡིན་ནོ༎