གླང་ཆེན་འགྱིང་རིའི་འོད་ཀྱི་ཐིག་ལེ།སྔ་མའི་པར་གཞི་དེ མི་ཆུང་།  ནས 2015-07-22 21:51ལ་འགྲུབ།

གླང་ཆེན་འགྱིང་རིའི་འོད་ཀྱི་ཐིག་ལེ།

གླང་ཆེན་འགྱིང་རིའི་འོད་ཀྱི་ཐིག་ལེ།
ཀྲུང་གོའི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རི་ཡི་ཡུལ་ལྗོངས་ཀྱི་བཀོད་པ་མཛེས་པ་མ་ཟད། དེ་གའི་གཞན་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཏེ། ༼སངས་རྒྱས་ཀྱི་འོད་ཟེར༽གྱིས་གནས་སྐོར་པ་མང་བོའི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
峨眉宝光
མིང་གཞན།
སངས་རྒྱས་ཀྱི་འོད་ཟེར།
གནས་ཡུལ།
སི་ཁྲོན་ཞིང་ཆེན།
1 གྲུབ་ཚུལ།

    ཀྲུང་གོའི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རི་ཡི་ཡུལ་ལྗོངས་ཀྱི་བཀོད་པ་མཛེས་པ་མ་ཟད། དེ་གའི་གཞན་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཏེ།  ༼སངས་རྒྱས་ཀྱི་འོད་ཟེར༽གྱིས་གནས་སྐོར་པ་མང་བོའི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད།
    གླང་ཆེན་འགྱིང་རིའི་གསེར་གྱི་རྒྱ་ཕིབས་ཀྱི་ཉེ་གམ་དུ་རྒྱབ་ཉི་མར་ཕྱོགས་ཏེ་འགྲེང་དུས།   གལ་ཏེ་སྤྲིན་གྱི་མཐོ་ཚད་འོས་འཚམ་ཡིན་ཚེ།  ཉི་འོད་སྤྲིན་པར་འཕྲོ་དུས་སུ།  ཁ་དོག་རྣམ་པར་བཀྲ་བའི་འོད་གོར་ཆེན་པོ་ཞིག་གྲུབ་སྲིད་ལ། གནས་སྐོར་བའི་གྲིབ་གཟུགས་ཀྱང་དེ་ལས་མཐོང་ཐུབ།  མི་འགུལ་སྐྱོད་བྱེད་དུས་འོད་ཀོར་ཡང་མིའི་གྲིབ་གཟུགས་དང་བསྟུན་ནས་འགུལ་བས་ན། མིའི་གྲིབ་གཟུགས་འོད་གོར་ཁྲོད་གནས་པ་དང་།  གནས་སྐོར་བ་ག་ཚོད་ཡོད་ཀྱང་རང་ཉིད་ཀྱི་གྲིབ་གཟུགས་དེ་ལས་མཐོང་ཐུབ།༼འོད་གོར་མི་ཡི་རྗེས་སུ་འབྲངས། །གྲིབ་གཟུགས་དེ་ཡི་ཁྲོད་ན་གནས། །༽ཞེས་པ་འདི་ནི་གླང་ཆེན་འགྱིང་རིའི་སངས་རྒྱས་ཀྱི་འོད་ཟེར་ཞེས་པ་དེ་རེད།  
    གླང་ཆེན་འགྱིང་རིའི་སངས་རྒྱས་ཀྱི་འོད་ཟེར་ལ༼གླང་ཆེན་འགྱིང་རིའི་འོད་གོར༽ཡང་ཟེར་ཏེ།  དེ་ནི་ཐུན་མོང་མ་ཡིན་པའི་རང་བྱུང་དངོས་ལུགས་ཀྱི་སྣང་ཚུལ་ཞིག་ཡིན།   མི་རྣམས་ཀྱིས་སངས་རྒྱས་ཀྱི་འོད་ཟེར་རམ་འོད་གོར་ནི་བཀྲ་ཤིས་པའི་མཚན་མ་ཞིག་ལ་ངོས་འཛིན་གྱི་ཡོད་པས།   དེ་དང་འཕྲད་ནུས་ན་ལྟས་བཟང་བོར་བརྩི།  དེས་ན་སངས་རྒྱས་ཀྱི་འོད་ཟེར་དེ་ནི་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།  དེ་ནི་ཉི་མའི་འོད་ཟེར་སྐོར་འཕྲོ་བྱེད་པའི་ཁྲོད་འགོག་བྱེད་ཀྱི་དངོས་པོ་དང་འཕྲད་པ་ལས་ བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།  སྤྲིན་པ་ཇེ་མཐུག་ཏུ་གྱུར་དུས།  ཉི་མའི་འོད་ཟེར་སྤྲིན་གསེབ་ལ་འཕྲོས་ཤིང་སྤྲིན་པའི་ཁྲོད་ཀྱི་ཆུ་ཐིགས་སམ་ཆུ་རྡུལ་ལས་ལྡོག་འཕྲོ་འབྱུང་ཞིང་།   ལྡོག་འཕྲོའི་འོད་དེ་སྨུག་སྤྲིན་གྱི་ཕྱི་ངོས་སུ་འཕྲོ་དུས་སྤྲིན་གསེབ་ཀྱི་ཆུ་རྡུལ་ཆུང་ངུ་དག་གི་མཐའ་འཁོར་དུ་འོད་ཟེར་སྐོར་འཕྲོའི་སྣང་ཚུལ་འབྱུང་བ་ཡིན།  རྒྱུ་རྐྱེན་དེ་ཡིས་དཀར་མདོག་གི་འོད་ཟེར་ཁ་དོག་བདུན་ལྡན་གྱི་འོད་ཟེར་ཏེ། དམར་པོ་དང་ལི་ཁྲི། སེར་པོ།  ལྗང་གུ  སྔོན་པོ། སྔོ་སྐྱ།  སྨུག་པོ་སྟེ་བདུན་དུ་གྱེས།  ཁ་དོག་བཀྲ་བའི་འོད་ཟེར་ཆུ་རྡུལ་ལས་ལྡོག་འཕྲོ་བྱུང་བ་ང་ཚོ་མཐོང་ལམ་དུ་བྱུང་བ་དང་ཆབས་ཅིག་ང་ཚོས་ཁ་དོག་རྣམ་པར་བཀྲ་བའི་འོད་གོར་དེ་གཞི་ནས་མཐོང་ཐུབ་པ་རེད།  དེའི་སྟབས་ཀྱིས་མི་རྣམས་ཀྱི་སྤྲིན་གྱི་རྒྱ་མཚོར་ཁ་གཏད་ཅིང་ཉི་མར་རྒྱབ་ཕྱོགས་དུས།  རང་གི་གྲིབ་གཟུགས་ཏག་ཏག་འོད་གོར་དེའི་ཁྲོད་མཐོང་ཐུབ།
    འདི་ལྟ་བུའི་ངོ་མཚར་བའི་གླང་ཆེན་འགྱིང་རིའི་འོད་གོར་དེ་ལོ་ཧྲིལ་བོར་ཆེས་མང་ནའང་ཐེངས100ལྷག་ལས་མི་མངོན་ནོ༎