1951ལོའི་ཟླ6པ་ནས1951ལོའི་ཟླ12པའི་བར། མཚོ་སྔོན་མི་རིགས་སྤྱིའི་སློབ་གྲྭའི་འཛིན་བདག་གི་ལས་ཀ་བསྒྲུབས།
1951ལོའི་ཟླ12པར་པེ་ཅིན་གསོ་རིག་སློབ་གླིང་སྨན་བཅོས་སྡེ་ཁག་ཏུ་སློབ་སྦྱོང་བྱས།
1557ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་མི་རིགས་སྨན་ཁང་གི་སྨན་པའི་ལས་ཀ་བསྒྲུབས།
1961ལོའི་ཟླ12པར་ཡུས་ཧྲུའུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ལས་དོན་གྱི་ཀྲུའུ་རིན་གྱི་འགན་བཞེས།
1962ལོའི་ཟླ11པར་ཡུས་ཧྲུའུ་མི་དམངས་སྨན་ཁང་གི་འགོ་གཙོ་གཞོན་པའི་འགན་བཞེས།
1975ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཅུའུ་སྨན་བཅོས་ཚན་ཁག་གི་འགན་འཁུར་བའི་འགན་བཞེས།
1975ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཅུའི་ཅུའུ་ཀྲང་གཞོན་པ་དང་ སྨན་བཅོས་ཚན་ཁག་གི་ཚན་གཙོའི་འགན་གཅིག་ལྕོགས་སུ་བཞེས།
1979ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
1981ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའི་འགན་བཞེས། དེའི་བར་དུ་སྔ་རྗེས་སུ་ཞིང་ཆེན་འཕྲོད་བསྟན་ཐིང་གི་ཐིང་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ལུས་རྩལ་ཨུ་ཡོན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅི། མཚོ་སྔོན་སློབ་ཆེན་གྲ་སྒྲིག་ཚན་ཁག་གི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
1993ལོའི་ཟླ1པོར་སྲིད་གྲོས་སྐབས་བདུན་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།
1997ལོའི་ཟླ3པར་ལས་འཁྱུར་ངལ་གསོ་བྱས།
རྒྱལ་ཡོངས་དམངས་ཆེན་སྐབས་བདུན་པའི་འཐུས་མི་དང་། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པ་དང་བདུན་པའི་དམངས་ཆེན་འཐུས་མི། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོ་ཚན་རྩལ་སྐབས་གསུམ་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།