ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 46 ཡོད།

འཇིག་རྟེན་རྣམ་པ་གཉིས།

མདོ་ཞ་》ལས་བྱུང་བའི་འཇིག་རྟེན་རྣམ་པ་གཉིས་ལ་གོ་བ་ཡིན།འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.སྣོད་ཀྱི་འཇིག་རྟེན་ནི། ཕྱི་ནང་གི་འབྱུང་བ་ཆེན་པོ་བཞི་པོ་འདི་ནི་སྣོད་ཀྱི་འཇིག་རྟེན་ཞེས་བྱའོ༎ འདི་གང་གི་སྣོད་ཅེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྣོད་དོ༎ 2.འདུ་བྱེད

20201125

སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རྒྱུ་གཉིས།

འཕགས་པ་ཐབས་མཁས་པ་ཞེས་བྱ་བའི་མདོ་ལས་བྱུང་བའི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རྒྱུ་གཉིས་ལ་གོ་བ་ཡིན།འཕགས་པ་ཐབས་མཁས་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས། 2.བསྔོ་བའོ༎འབྱུང་ཁུངས། 《མདོ་ཞ་》ཤ61བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20210114

འཇིགས་པ་མེད་ཅིང་ཚུལ་ལས་མི་གཡོ་བར་འགྱུར་བ་བཞི།

རྣམ་པར་བཀོད་པའི་མདོ་ལས་བྱུང་བའི་འཇིགས་པ་མེད་ཅིང་ཚུལ་ལས་མི་གཡོ་བར་འགྱུར་བ་བཞི་ལ་གོ་བ་ཡིན།སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པའི་མདོ་ལས་བྱུང་བ་སྟེ། 1.ཁེ་སྟོར་བ། 2.མི་སྙན་པར་གྲགས་པ། 3.སྨད་ཅིང་དམའ་དབབ་པ། 4.སྡུག་བསྔལ་གྱིས་ནོན་ཀྱང་མི་གཡོ་བའོ༎འབྱུང་ཁུངས། 《མདོ་ཞ་》ཤ460བ2ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210708

དགེ་བའི་རྩ་བ་རྣམ་པར་འཕེལ་བར་འགྱུར་བ་བཞི།

རྣམ་པར་འཕེལ་བར་འགྱུར་བ་བཞི་བསྟན་ཡོད།འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པའི་མདོ་ལས་བྱུང་བ་སྟེ། 1.ཚུལ་ཁྲིམས་སྲུང་བ། 2.མང་དུ་ཐོས་པ། 3.སྦྱིན་པ་བྱིན་པ། 4.རབ་ཏུ་བྱུང་བའོ༎འབྱུང་ཁུངས། 《མདོ་ཞ་》460བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210616

ཉན་ཐོས་རྣམས་ཀྱི་ལྟུང་བའི་རྩ་བ་ལྔ།

ལྟུང་བའི་རྩ་བ་ལྔ་ཞེས་བྱ་བ་ལ་གོ་བ་ཡིན།འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.སྲོག་གཅོད་པ། 2.མ་བྱིན་པར་ལེན་པ། 3.མི་ཚངས་པར་སྤྱོད་པ། 4.བརྫུན་དུ་སྨྲ་བ། 5.གང་དེ་བཞིན་གཤེགས་པའི་སྐུ་འཇོམས་ཤིང་ཁྲག་འབྱིན་པར་བྱེད་པའོ༎འབྱུང་ཁུངས། 《མདོ་ཞ་》ཤ45བ7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220115

དད་པ་མི་ཕྱེད་པ་བཞི།

ལས་བྱུང་བའི་དད་པ་མི་ཕྱེད་པ་བཞི་ལ་གོ་བ་ཡིན།འཕགས་པ་ཡང་དག་པར་སྤྱོད་པའི་ནམ་མཁའི་མདོག་གིས་འདུལ་བའི་མདོ་ལས་བྱུང་བ་སྟེ། 1.སངས་རྒྱས་ལ་དད་པ་མི་ཕྱེད་པ། 2.སེམས་ཅན་རྣམས་ཡང་དག་པར་ལེན་དུ་འཇུག་པ། 3.འཇུག་པར་བྱེད་པ། 4.སོ་སོར་དགོད་པར་བྱེད་པའོ༎འབྱུང་ཁུངས། 《མདོ་ཞ་》ཤ257བ2ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210720

ས་གཅིག་ནས་ས་བཅུའི་བར་དུ་ལེགས་པར་ཤེས་པར་འགྱུར་བ་བཞི།

རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པའི་མདོ་ལས་བྱུང་བ་སྟེ། 1.དགེ་བའི་རྩ་བ་ཡུན་དུ་བསྐྱེད་པ། 2.ཉེས་སྐྱོན་ཐམས་ཅད་སེལ་བ། 3.ཐབས་ལ་ཤིན་ཏུ་མཁས་པ། 4.དགེ་བའི་བརྩོན་འགྲུས་ཅི་སྤྱད་པ་བྱང་ཆུབ་ཏུ་བསྔོ་བའོ༎འབྱུང་ཁུངས། 《མདོ་ཞ་》ཤ4604ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20211118

མི་གཅིག་ལ་ཡོད་པའི་མིང་གསུམ།

འཕགས་པ་ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པའི་མདོ་ལས་བྱུང་བ་སྟེ། 1.ཆུང་ངུའི་ཚེ་ན་བྱིས་པ་ཞེས་བྱ། 2.ལོ་ཉི་ཤུ་ཡན་ལ་སྐྱེས་བུ་ཞེས་བྱ། 3.ལོ་བརྒྱད་ཅུ་འདས་པ་ནི་རྒན་པོ་ཞེས་བྱ་བའོ༎འབྱུང་ཁུངས། 《མདོ་ཞ་》ཤ429ན1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210421

ཉོན་མོངས་པ་འགག་པར་འགྱུར་བ་བཞི།

འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པའི་མདོ་ལས་བྱུང་བ་སྟེ། 1.ཡང་དག་པའི་དྲན་པ་མངོན་པར་བཞག་པ། 2.དབང་པོ་རྣམས་ཀྱི་སྒོ་བསྡམ་པ། 3.དགེ་བའི་ཆོས་ཀྱི་སྟོབས་བསྐྱེད་ནུས་པ། 4.དབེན་པའི་གནས་སུ་དད་ཅིང་འདུ་འཛི་སྤང་བར་བྱའོ༎འབྱུང་ཁུངས། 《མདོ་ཞ་》ཤ461བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210719

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གཅོད་བྱེད་པའི་ཆོས་བཞི།

བྱམས་པའི་སེང་གེའི་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.བྱས་པ་མི་གཟོ་བ་ཉིད། 2.གཡོ་བ་བརྟེན་པ་ཉིད། 3.རྫུན་གྱི་ཚིག་སྨྲ་བ་ཉིད། 4.བསླབ་པ་ལས་འདའ་བར་བྱེད་པ་ཉིད་དོ༎ དེ་དག་ནི་ཉན་ཐོས་ཀྱིས་ཀྱང་བྱ་བ་མ་ཡིན་ན། བྱང་ཆུབ་སེམས་དཔས་ལྟ་སྨོས་ཀྱང་ཅི་དགོས༎འབྱུང་ཁུངས། 《མདོ་ཞ་》ཤ181ན1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210720