ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 3,735 ཡོད།

གཟུགས་རྣམ་པ་གཉིས།

བསྟན་འགྱུར་སེམས་ཙམ་ཚི་》དང《བསྟན་འགྱུར་སེམས་ཙམ་ཚི་》《བསྟན་འགྱུར་དབུ་མ་ཧ་པ》《མདོ་ཛ་པ》ལས་བྱུང་བའི་གཟུགས་རྣམ་པ་གཉིས་ལ་གོ་བ་ཡིན།འདི་ལ་ཁག་བཞི་ཡོད། དང་པོ། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་ཁག་གཅིག་སྟེ། 1.འབྱུང་བའི་གཟུགས་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་བཞིའོ༎ 2.འབྱུང་བ་ལས་གྱུར་བའི

20201228

མིག་རྣམ་པ་གཅིག

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་མིག་རྣམ་པ་གཅིག་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། གཟུགས་རྣམས་ལ་ལྟ་བའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ32བ3ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201112

རོ་རྣམ་པ་གཅིག

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་རོ་རྣམ་པ་གཅིག་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ལྕེའི་སྤྱོད་ཡུལ་གྱི་དོན་གྱིས་སོ། །འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ35ན1ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201111

ཉོན་མོངས་པ་རྣམ་པ་གཅིག

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་ཉོན་མོངས་པ་རྣམ་པ་གཅིག་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཀུན་ནས་ཉོན་མོངས་པའི་དོན་ནོ། །འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ81ན4ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201103

དྲི་རྣམ་པ་གཅིག

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་དྲི་རྣམ་པ་གཅིག་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སྣ་བའི་སྤྱོད་ཡུལ་གྱི་དོན་གྱིས་སོ། །འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ34བ3ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201111

ཡིད་རྣམ་པ་གཅིག

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་ཡིད་རྣམ་པ་གཅིག་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཆོས་རྣམ་པར་ཤེས་པའི་དོན་གྱིས་སོ། །འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ33ན4ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201111

རྩ་བ་གསུམ།

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་རྩ་བ་གསུམ་ལ་གོ་བ་ཡིན།1.ཆགས་པ་མི་དགེ་བའི་རྩ་བ། 2.ཞེ་སྡང་མི་དགེ་བའི་རྩ་བ། 3.གཏི་མུག་མི་དགེ་བའི་རྩ་བའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ85བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20210422

དགེ་བ་གཅིག

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་དགེ་བ་གཅིག་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཁ་ན་མ་ཐོ་བ་མེད་པའི་དོན་གྱིས་སོ། །རྒྱ་ཡིག་གི་མིང་། 一善 འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ31བ3ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201103

ཉོན་མོངས་པ་རྣམ་པ་གཉིས།

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་ཉོན་མོངས་པ་རྣམ་པ་གཉིས་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.མཐོང་བས་སྤང་བར་བྱ་བ། 2.བསྒོམས་པས་སྤང་བར་བྱའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ81ན5ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201127

ཆོས་ཀྱི་ཁམས་རྣམ་པ་གཉིས།

བསྟན་འགྱུར་སེམས་ཙམ་ཚི་》ལས་བྱུང་བའི་ཆོས་ཀྱི་ཁམས་རྣམ་པ་གཉིས་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.གདགས་པའི་ཆོས་སུ་བསྡུས་པ། 2.གདགས་པ་མ་ཡིན་པའི་ཆོས་སུ་བསྡུས་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་》ཤ36བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201124