ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 4,358 ཡོད།

སྲིད་པ་གཉིས།

མཐོང་བའི་ཆོས་ཀྱི་སྲིད་པ། 2.སྐྱེ་བ་གཞན་གྱི་སྲིད་པའོ༎ རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་ཁག་གཅིག་སྟེ། 1.སྐྱེ་བའི་སྲིད་པ། 2.ལས་ཀྱི་སྲིད་པའོ༎འབྱུང་ཁུངས། 《བསྟན་འགྱུར་མདོ་སྡེ་ཆི་པ》ཤ43བ5《བསྟན་འགྱུར་དབུ་མ་ཧ་པ》ཤ116བ4《བསྟན་འགྱུར་དབུ་མ་ཧ་པ》ཤ272བ7བཅས་ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210115

ཚོར་བ་རྣམ་པ་བཅོ་བརྒྱད།

། གཟུགས་ལ་སོགས་པའི་ཡུལ་དྲུག་བདེ་བའི་རྣམ་པར་སྤྱོད་པའི་ཚོར་བ་དྲུག དེ་བཞིན་དུ་ཡིད་མི་བདེ་བའི་སྤྱོད་པའི་ཚོར་བ་དྲུག དེ་བཞིན་དུ་བཏང་སྙོམས་ཀྱི་རྣམ་པར་སྤྱོད་པའི་ཚོར་བ་དྲུག་བཅས་སོ༎རྒྱ་ཡིག་གི་མིང་། 十八受 འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ166ན2《བསྟན་འགྱུར་དབུ་མ་ཧ་པ》ཤ141བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201214

བདེན་པ་རྣམ་པར་གཞག་པ་གཉིས།

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་བདེན་པ་རྣམ་པར་གཞག་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ཆོས་རྣམ་པར་གཞག་པ། 2.མཚན་ཉིད་རྣམ་པར་གཞག་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ226ན6ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201209

འཇིགས་པ་གཅིག

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་འཇིགས་པ་གཅིག་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་ཉེ་བར་གོས་པའི་འཇིགས་པའོ། །འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ117བ6ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201102

མངོན་དུ་བྱེད་པ་རྣམ་པ་གཉིས།

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་མངོན་དུ་བྱེད་པ་རྣམ་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ལུས་ཀྱིས་མངོན་དུ་བྱེད་པ་རྙེད་པ། 2.ཤེས་རབ་ཀྱིས་སོ་སོར་རྟོག་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ23བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201123

མངོན་པར་ཞེན་པ་གཉིས།

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་མངོན་པར་ཞེན་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.འདོད་པ་ལ་ལྷག་པར་ཞེན་པ། 2.ལྟ་བ་ལ་ལྷག་པར་ཞེན་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ117བ7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201123

བདེ་འགྲོའི་སྐྱེ་བ་རྣམ་པ་གཉིས།

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་བདེ་འགྲོའི་སྐྱེ་བ་རྣམ་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.མིའི་འགྲོ་བ་པ། 2.ལྷའི་འགྲོ་པ་པའོ༎རྒྱ་ཡིག་གི་མིང་། 二善趣 འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ94བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201208

ཆོས་འདུས་བྱས་རྣམ་པ་གཉིས།

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་ཆོས་འདུས་བྱས་རྣམ་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.སྣོད་ཀྱི་འཇིག་རྟེན། 2.སེམས་ཅན་གྱི་འཇིག་རྟེན་ནོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ111ན2ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201124

ཆོས་རྣམ་པ་གཉིས།(2)

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་ཆོས་རྣམ་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ཆོས་གཟུགས་ཅན་པ་ནི། འབྱུང་བ་དང་། འབྱུང་བ་ལས་བྱུང་བའོ༎ 2.ཆོས་གཟུགས་ཅན་མ་ཡིན་པ་ནི་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ150ན4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201124

འདུ་ཤེས་རྣམ་པ་གཉིས།

བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་འདུ་ཤེས་རྣམ་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་དཀར་ནག་གི་དབང་གིས་ཏེ། 1.ཕྱིན་ཅི་ལོག་གི་འདུ་ཤེས། 2.ཕྱིན་ཅི་མ་ལོག་པའི་འདུ་ཤེས་སོ༎རྒྱ་ཡིག་གི་མིང་། 二种想 འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ182བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201209