ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 628 ཡོད།

རྫོགས་པར་བསྙེན་པ་གཉིས།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་རྫོགས་པར་བསྙེན་པ་གཉིས་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.མཉམ་པར་རྫོགས་པར་བསྙེན་པ། 2.མི་མཉམ་པ་རྫོགས་པར་བསྙེན་པ།འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ51བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201227

བཟོད་པ་ཡོངས་སུ་དག་པར་འགྱུར་བའི་སྟོབས་གཉིས།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་བཟོད་པ་ཡོངས་སུ་དག་པར་འགྱུར་བའི་སྟོབས་གཉིས་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.སོ་སོར་རྟོག་པའི་སྟོབས། 2.བསྒོམ་པའི་སྟོབས་སོ༎འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ362བ7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201228

རབ་ཏུ་བྱུང་བའི་ནམ་མཁའ་ལ་ཆགས་པ་གཉིས།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་རབ་ཏུ་བྱུང་བའི་ནམ་མཁའ་ལ་ཆགས་པ་གཉིས་བསྟན་ཡོད།རབ་ཏུ་བྱུང་བའི་ནམ་མཁའ་ལ་ཆགས་པ་གཉིས། 1.འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་བ། 2.ལྷུང་བཟེད་དང་ཆོས་གོས་ལྷག་པར་འཆང་བའོ༎འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ245བ4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210107

འཆི་འཕོ་བ་གཉིས།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་འཆི་འཕོ་བ་གཉིས་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.རྒྱུན་འཆད་པའི་འཆི་འཕོ་བ་ནི། མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་བའོ༎ 2.ཡོངས་སུ་བསྔོས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ནི། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས

20201125

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་གསུམ་ཡོད། 1.མཚན་མ་དང་བཅས་ཤིང་འབད་པ་དང་བཅས་པའི་ཚུལ་ཁྲིམས་ནི་སྲོག་གི་ཕྱིར་ཡང་མི་འབྲལ་བ། 2.མཚན་མ་མེད་པ་དང་ལྷུན་གྱིས་གྲུབ་པའི་ཚུལ་ཁྲིམས་ནི་ཆོས་ཐམས་ཅད

20201225

དྲན་པ་ཉེ་བར་བཞག་པ་སྒོམ་པའི་སྦྱོང་བའི་ཆོས་གཉིས།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་དྲན་པ་ཉེ་བར་བཞག་པ་སྒོམ་པའི་སྦྱོང་བའི་ཆོས་གཉིས་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.མི་རྟག་པའི་རྣམ་པ་ནི། ཀྱེ་མ་ལུས་འདི་ནི་མི་རྟག་པའི་རྣམ་པ་སྟེ། རིང་པོར་མི་གནས་པ། ཐ་མར་འཆི་བ་ཡིན་པར་ཤེས་ནས། ལུས་ཀྱི་ཕྱིར་མི་མཐུན་པའི་འཚོ་བ་མི་སྤྱོད་ཅིང་སྙིང་པོ་ཉིད་ལེན

20201207

འཁོར་བ་ན་ཡོངས་སུ་མི་སྐྱོ་བའི་ཆོས་ཉི་ཤུ།

དཀོན་བརྩེགས་ཆ་པ》ལས་བྱུང་བའི་འཁོར་བ་ན་ཡོངས་སུ་མི་སྐྱོ་བའི་ཆོས་ཉི་ཤུ་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.དགེ་བའི་རྩ་བས་ཡང་དག་པར་ཟིན་པའི་བྱམས་པ་ཆེན་པོ། 2.བྱམས་པ་ཆེན་པོས་ཡང་དག་པར་ཟིན་པའི་སྙིང་རྗེ་ཆེན་པོ། 3.སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ

20201221

ཀུན་ནས་ལྡང་བ་གསུམ།

དཀོན་བརྩེགས་འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་ལས་བྱུང་བའི་ཀུན་ནས་ལྡང་བ་གསུམ་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.རླུང་། 2.མཁྲིས་པ། 3.བད་ཀན་ནོ༎འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ173བ3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210118

ཁམས་ཀྱི་རང་བཞིན་གསུམ།

དཀོན་བརྩེགས་འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་ལས་བྱུང་བའི་ཁམས་ཀྱི་རང་བཞིན་གསུམ་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.འདོད་ཆགས། 2. ཞེ་སྡང་། 3.གཏི་མུག་གོ །འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ173བ4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210122

ཆགས་པ་གསུམ།

དཀོན་བརྩེགས་འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས་བྱུང་བའི་ཆགས་པ་གསུམ་བསྟན་ཡོད།དཀོན་བརྩེགས་འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.བདག་ཏུ་དམིགས་པ། 2.སེམས་ཅན་དུ་དམིགས་པ། 3.ཆོས་སུ་དམིགས་པའོ༎འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ22ན3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210223