ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 856 ཡོད།

མཁན་པོ་གསུམ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་མཁན་པོ་གསུམ་ལ་གོ་བ་ཡིན།1.རབ་བྱུང་གི་མཁན་པོ། 2.དགེ་སློབ་མའི་མཁན་པོ། 3.དགེ་སློང་གི་མཁན་པོའོ། །འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ479.19ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20210124

བརྩོན་འགྲུས་ཀྱི་རབ་དབྱེ་གསུམ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་བརྩོན་འགྲུས་ཀྱི་རབ་དབྱེ་གསུམ་ལ་གོ་བ་ཡིན།1.གོ་ཆའི་བརྩོན་འགྲུས། 2.དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། 3.སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ452.7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210422

བཟོད་པའི་རབ་དབྱེ་གསུམ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་བཟོད་པའི་རབ་དབྱེ་གསུམ་བསྟན་ཡོད།1.གནོད་བྱེད་ལ་ཇི་སྙམ་པའི་བཟོད་པ། 2.སྡུག་བསྔལ་དང་ལེན་གྱི་བཟོད་པ། 3.ཆོས་ལ་ངེས་སེམས་ཀྱི་བཟོད་པའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོའི་ཤ452.4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210425

བསླབ་པ་ཕུལ་ཉམས་མུ་བཞི།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་བསླབ་པ་ཕུལ་ཉམས་མུ་བཞི་ལ་གོ་བ་ཡིན།1.ཕུལ་ལ་མ་ཉམས་པ། 2.ཉམས་ལ་མ་ཕུལ་བ། 3.གཉིས་ཀ 4.གཉིས་ཀ་མ་ཡིན་པའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ486.18ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20211216

དབུ་མ་རང་རྒྱུད་པའི་དབྱེ་བ་གཉིས།

ཀློང་རྡོལ་གསུང་འབུམ》 ལས་བྱུང་བའི་དབུ་མ་རང་རྒྱུད་པའི་དབྱེ་བ་གཉིས་ལ་གོ་བ་ཡིན།1.རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། 2.མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ544.9ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201218

ཚུལ་ཁྲིམས་ཀྱི་རབ་དབྱེ་གསུམ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་ཚུལ་ཁྲིམས་ཀྱི་རབ་དབྱེ་གསུམ་ལ་གོ་བ་ཡིན།1.ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། 2.དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། 3.སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ451.14ལས་བཏུས། རིགས་དབྱེ། ནང་དོན་རིགཔ

20210422

སྙོམས་འཇུག་བཏགས་པ་བའི་ཆ་མཐུན་བཞི།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་སྙོམས་འཇུག་བཏགས་པ་བའི་ཆ་མཐུན་བཞི་ལ་གོ་བ་ཡིན།1.གནས་པ་ཆ་མཐུན། 2.ཉམས་པ་ཆ་མཐུན། 3.ཁྱད་པར་ཆ་མཐུན། 4.ངེས་བྱེད་ཆ་་མཐུན་ནོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ325.7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210712

ཚོར་བའི་ཕུང་པོ་ལྔ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་ཚོར་བའི་ཕུང་པོ་ལྔ་ལ་གོ་བ་ཡིན།1.བདེ་བ། 2.སྡུག་བསྔལ། 3.བཏང་སྙོམས། 4.ཡིད་བདེ་བ། ཡིད་མི་བདེ་བ། 5.བདེ་བ་དང་སྡུག་བསྔལ་བཏང་སྙོམས་སོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ443.5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220325

གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁ་དོག་དང་དབྱིབས་གཟུགས་ཉི་ཤུ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁ་དོག་དང་དབྱིབས་གཟུགས་ཉི་ཤུ་ལ་གོ་བ་ཡིན།1.རྩ་བའི་ཁ་དོག་བཞི། 2.ཡན་ལག་གི་ཁ་དོག་བཞི། 3.དབྱིབས་བརྒྱད། 4.གཟུགས་བརྒྱད་བཅས་སོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ554.8ལས་བཏུས། རིགས་དབྱེ། སྒྲ་རིག་པ

20201224

ཤེས་རབ་ཀྱི་རབ་དབྱེ་གསུམ།

ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་ཤེས་རབ་ཀྱི་རབ་དབྱེ་གསུམ་ལ་གོ་བ་ཡིན།1.གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། 2.གནས་ལུགས་རིགས་པ་དོན་དམ་རྟོགས་པའི་ཤེས་རབ། 3.སེམས་ཙམ་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་བོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ452.13ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210517