ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 27 ཡོད།

ཁྱེད་ཀྱིས་འཚོལ་འདོད་པ་ནི སྔོན་རོལ ཡིན་ནམ།

བཙལ་འབྲས་ནི སྔོན་རོལ ཡིན་མོད། ཁྱེད་ཀྱིས་སྔར་བཞིན སློན་ཀོལ། འཚོལ་རྒྱུ་ཡིན་ནམ།

སྔོན་རོལ།

སྔ་རོལ་ལམ་སྔོན་དུ་ཞེས་པ་ལྟ་བུ།རྒྱ་ཡིག 以前,先前,从前 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྔ་རོལ་ལམ་སྔོན་དུ། 以前,先前,从前:སྔོན་རོལ་ནས་གྲབས་གཤོམ་བྱེད་པ། 先作准备。

20220506

ལི་ཐུ་ལིའི་རྐང་རྗེས།

འདིརdkབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་ལི་ཐུ་ལིའི་རྐང་རྗེས་ཞེས་པའི་ནང་དོན་བཀོད་ཡོད།ལོ་ཁྲི350ལྷག་ཙམ་གྱི་སྔོན་རོལ་དུ་ཨ་ཧྥེ་རི་ཁ་ཤར་མའི་ལི་ཐུ་ལི་ཟེར་བའི་ས་ཆ་ཞིག་ཏུ་མེ་རི་འཕྱུར་ཞིང་། རབ་ཏུ་ཚ་བའི་བྲག་ཞུན་གྱིས་མཐའ་འཁོར་གྱི་སྐམ་ས་བཀབ། སྲོག་ཆགས་མང་པོ་དྲོད་ཡལ་བའི་བྲག་ཞུན་བརྒྱུད་དེ་འགྲོ

20240226

ཐེག་ཆེན་རིགས་ཅན།

རིགས་ཅན་གསུམ་གྱི་ཡ་གྱལ་ཞིག་སྟེ། སྦྱོར་བ་ཅི་བྱེད་པའི་སྔོན་རོལ་ནས་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང༌། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང༌། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་བཟོད་པ་དང༌། ཕ་རོལ་དུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པ་ལ་སྤྲོ་བའི་རིགས་ཅན་རྣམས་སོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང

20170821

ཡེ་ངམ་གཉིས་ཀྱི་ས་མཚམས།

ཡེ་ངམ་གཉིས་ཀྱི་ས་མཚམས། ཞེས་པ་ནི་རྫོགས་ཆེན་དུ། འཁོར་འདས་རྒྱ་མ་གྱེས་པའི་སྔོན་རོལ། ཞེས་པ་དང་དོན་གཅིག་པ་སྟེ། དོན་དུ“ཡེ”ཞེས་པ་ནི་སྣང་བ་དང་མཐུན་པའི་ཕྱོགས་ཀྱི་ཡིན་ལུགས་དེ་ལ་ཟེར་ཞིང་། “ངམ”ཞེས་པ་ནི་མུན་པའམ་མི་མཐུན་ཕྱོགས་ཀྱི་ཡིན་ལུགས་དེ་ལ་ཟེར་བ་ཡིན།ཡེ་ངམ་གཉིས་ཀྱི་ས་མཚམས། ཞེས་པ་ནི་རྫོགས་ཆེན་དུ། འཁོར་འདས་རྒྱ་མ་གྱེས་པའི

20190304

སྲིད་པ་བཞི།

གཉིས་པ་ནས་འཆི་སྲིད། སྐད་ཅིག་མ་ཐ་མའི་སྔོན་རོལ་ནི་སྔོན་དུས་ཀྱི་སྲིད་པ། འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་དོ། །ཡང་ན། ཤི་ནས་སྐྱེ་བ་མ་བླངས་བར་ནི་བར་སྲིད་དང༌། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ནི་སྐྱེ་སྲིད། དེའི་སྐད་ཅིག་མ་གཉིས་པ་ནས་འཆི་སྲིད། སྐད་ཅིག་མ་ཐ་མའི་སྔོན་རོལ་ནི་སྔོན་དུས་ཀྱི་སྲིད་པ། འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་དོ

20180320

བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་རྣམ་པ་བཞི།

མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་རྣམ་པ་བཞི་ལ་གོ་བ་ཡིན།མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། 1.སྦྱོར་བའི་སྔོན་རོལ་ཉིད་ནས་སེམས་ཅན་རྣམས་ལ་སྙིང་རྗེ་བ། 2.ཐེག་པ་ཆེན་པོའི་ཆོས་ལ་མོས་པ། 3.དཀའ་བ་སྤྱད་པ་དག་ལ་ཇི་མི་སྙམ་པའི་དོན་གྱིས་བཟོད་པ། 4.ཕ་རོལ་ཏུ་ཕྱིན་པའི་རང་བཞིན

20210924

སྒྲ་མི་སྙན།

ཆགས་པའི་གླིང་ཆེན་ཞིག་གི་མིང་།སྒྲ་མི་སྙན་ནི་བྱང་སྒྲ་མི་སྙན་ཏེ། རི་རབ་ཀྱི་བྱང་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ཞིག་གི་མིང་། དེར་གནས་པའི་མི་རྣམས་འཆི་བའི་ཞག་བདུན་གྱི་སྔོན་རོལ་ནས་ཁྱོད་འཆིའོ་ཞེས་སྒྲ་མི་སྙན་པ་ནམ་མཁའ་ལས་བྱུང་བས་ན་སྒྲ་མི་སྙན་ཞེས་པའི་མིང་ཐོབ། དེའི་དབྱིབས་གྲུ་བཞི་དང་། ཚད་ངོས་བཞི་ག་རེ་རེ་ལ་དཔག་ཚད་ཉིས་སྟོང་རེ་ཡོད་པས་མཐའ་བསྐོར

20180424

ཚིག་དོན་མཛོད་ཀྱི་རྡོ་རྗེའི་གནས་བཅུ་གཅིག

ལས་བྱུང་བའི་ཚིག་དོན་མཛོད་ཀྱི་རྡོ་རྗེའི་གནས་བཅུ་གཅིག་ལ་གོ་བ་ཡིན།ཚིག་དོན་མཛོད་ལས་བྱུང་བ་སྟེ། 1.དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ། 2.དེ་ལས་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ། 3.འཁྲུལ་དུས་གཞི་དེས་ཁྱབ་ཚུལ་བསྟན་པ། 4.གནས་གང་ལ་བརྟེན་པ། 5.དེའི

20220515

རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་གི་དོན་མངོན་པར་རྟོགས་པ་ལག་ལེན་དུ་བསྟན་པ་བཅུ་གཅིག

རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་གི་དོན་མངོན་པར་རྟོགས་པ་ལག་ལེན་དུ་བསྟན་པ་བཅུ་གཅིག་ལ་གོ་བ་ཡིན།1.དེ་ལ་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ། 2.དེ་ལ་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པ། 3.འཁྲུལ་དུས་གཞི་དེས་ཁྱབ་ཚུལ་བསྟན་པ། 4.གནས་གང་ལ་བརྟེན་པ་བསྟན་པ། 5

20220515

སྲིད་པ་རྣམ་པ་བཞི།

1.ཤི་ནས་སྐྱེ་བ་མ་བླངས་བར་ནི་བར་སྲིད། 2.སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ནི་སྐྱེ་སྲིད། 3.དེའི་སྐད་ཅིག་མ་གཉིས་པ་ནས་འཆི་སྲིད། 4.སྐད་ཅིག་མ་ཐ་མའི་སྔོན་རོལ་ནི་སྔོན་དུས་ཀྱི་སྲིད་པ། འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་དོ༎ འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག་སྟེ། 1.འཆི་བའི་སྲིད་པ། 2.བར་དོའི་སྲིད་པ

20211216