ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 138 ཡོད།

གནས་བཅུ་གཅིག

སྤྱོད་ལམ་བསྟན་པ་བཅས་བྱ་བ་སྤྱོད་ལམ་གྱི་གནས་དང་བཞི། ལུས་སྲོག་འཚོ་བ་ཟས་ཀྱི་ཚུལ་ཤེས་པ་དང་། ཁ་ཟས་བསྡམ་པ། ཟས་ཚོད་རན་པར་བཟའ་བ་བཅས་འཚོ་བ་ཟས་ཀྱི་གནས་དང་ལྔ། འཕྲོད་པར་སྦྱོར་བ་སྨན་གྱི་རོ་དང་། སྨན་གྱི་ནུས་པ། སྨན་གྱི་སྦྱར་ཐབས་བསྟན་པ་བཅས་སྦྱོར་བ་སྨན་གྱི་གནས་དང་དྲུག ཆ་བྱད་ཀྱི་དབྱིབས་ཚད་སྟོན་ཞིང་ལས་ལ་གཏར་བ་དང་། བསྲེག་པ། ཐུར་མ་སོགས་ཆ་བྱད་དཔྱད

20160128

སྨན་པ་དུང་གི་ཐོར་ཅོག

དགའ་བྱེད་དང་ཡུམ་ཡིད་ཀྱི་རོལ་ཆ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་གསུམ་པ་ཙམ་ལ་སྐུ་འཁྲུངས་པར་གྲགས། ཆུང་ངུའི་དུས་ནས་རང་གི་ཡབ་ལས་རེག་པ་རྩའི་མདོ། འཚོབ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་ཡི་མདོ་བཅས་དང༌། དེ་དག་གི་འགྲེལ་བཤད་ཁོག་འབུབ། ས་བཅད། ལག་ལེན་སོགས་གསན་ཏེ་མཁས་པར་གྱུར།དབུ་ལ་རས་དཀར་གྱི་ལ་ཐོད་གསོལ་བས

20180110

རྫ་ཨ་ཀྲོང་།

རྫ་འགྲམ་དུ་སྐྱེ་བའི་ལོ་མ་སྔོ་སྤྲིན་འདྲ་ལ་སྡོང་པོ་དམར་པོ་རོ་མངར་བ་དེའོ༎རྫ་འགྲམ་དུ་སྐྱེ་བའི་ལོ་མ་སྔོ་སྤྲིན་འདྲ་ལ་སྡོང་པོ་དམར་པོ་རོ་མངར་བ་དེའོ༎ གློ་བའི་ཚད་པ་སེལ་བར་བྱེད༎ སྨན་ནུས་བཤད་པ་ལས། ཨ་ཀྲོང་གློ་མང་སོགས་པ་འགོགས༎ མཁན་ཆུང་གསེར་མགོ་དེ་དང་འདྲ༎རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། གློ་བའི་ཚད་པ་སེལ་བར་བྱེད

20220726

ཨ་ཀྲོང་།

མཁན་ཨ་ཀྲོང་ནི། མཁན་ཆུང་གསེར་མགོ་བདུད་རྩིའི་ཟིལ་བ་ཆགས་པ༎ རྩ་བ་དཀར་པོ་རོ་མངར་བ༎ འོག་གི་མཁན་རིགས་སྐབས་དེའོ༎ གློ་བའི་ཚད་པ་སེལ་བར་བྱེད༎ སྨན་ནུས་བཤད་པ་ལས། ཨ་ཀྲོང་གློ་མང་སོགས་པ་འགོགས༎ མཁན་ཆུང་གསེར་མགོ་དེ་དང་འདྲ༎རྒྱ་ཡིག་གི་མིང་། 茵陈蒿 རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། ཨ་ཀྲོང་གློ་ཡི་ཚད་པ་སེལ་བར་བྱེད

20230110

སྐྱེར་པའི་མེ་ཏོག་དང་འབྲས་བུ།

སྐྱེར་བའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད།སྐྱེར་པ་ལ་དཀར་ནག་གཉིས་ཡོད་པ་ལས་གོང་བཤད་དཀར་པོའི་མེ་ཏོག་དང་འབྲས་བུའོ༎ འཁྲུ་བ་གཅོད་པར་བྱེད་དོ༎རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། སྐྱེར་བའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད།

20220726

རྡོ་མཁྲིས།

ལ་རེག་ན་འབྱར་ལ་རོ་ཁ་བའི་རྣམ་པ་ཅན་མཆོག རོ་ངེས་མེད་ནི་དམན་པའོ༎ རྨ་ཡི་རྩ་ཁ་སྡོམ་པར་བྱེད་པ་དང་། སྨན་མིང་རྒྱ་མཚོ་ལས། རྡོ་མཁྲིས་མཁྲིས་པ་མིག་སེར་སེལ༎ ཞེས་སོ༎རྒྱ་ཡིག་གི་མིང་། 胆石 ཕྱི་ཡིག་གི་མིང་། limonite རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། རྡོ་མཁྲིས་ཡིས་རྨ་ཡི་རྩ་ཁ་སྡོམ་པར་བྱེད་པ་དང་མཁྲིས་པ་མིག་སེར་སེལ

20211223

ནག་མཚུར།

ཁ་དོག་དཀར་ལ་སེར་ཁ་ཆགས་ཤིང་ལྕགས་ལ་བྱུགས་ན་ཟངས་ལྟར་དམར་པོར་འགྱུར་བ་དང་། སྣམ་ཕྲུག་སོགས་ལ་ཚོས་རྒྱབ་བྱེད་ཨ་རུ་ར་དང་མཉམ་དུ་བསྲེས་ན་ཁ་དོག་དམར་པོར་འགྱུར་བ་རོ་ཤིན་ཏུ་སྐྱུར་བ་དེ་ལེགས། རུལ་བ་གཅོད་ཅིང་སྐྲན་ལའང་བརྐོ།རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། རུལ་བ་གཅོད་ཅིང་སྐྲན་ལའང་བརྐོ། རོ། རོ་སྐྱུར་བ། ཁ་དོག སྐྱ་མདོག

20220119

ཟངས་རྩི་ནག་པོ།

མེ་ཏོག་འབྲས་བུ་འཁན་དམར་འདྲ༎ རོ་ནི་ཚ་ལ་ཅུང་ཟད་ཁ༎ ནུས་པས་སྲིན་ནད་མ་ལུས་སེལ༎ ཞེས་སྡོང་པོ་ཁྲུ་རེ་མཛུབ་རེ་ཙམ་དྲི་ཆེ་བ་དབྱིབས་ཞིང་སྐྱེས་སྲོ་མ་ར་ཙ་འདྲ་བའོ༎ མཁྲིས་ནད་ཀྱི་རིགས་ཁྱད་པར་མིག་སེར་སེལ་བར་བྱེད༎རྒྱ་ཡིག་གི་མིང་། 猪殃殃 རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། མཁྲིས་ནད་ཀྱི་རིགས་ཁྱད་པར་མིག་སེར་སེལ་བར་བྱེད

20230217

བྱེའུ་མགོ།

ཁ་དོག་དམར་སྐྱ་དང་སྔོན་པོ་སོགས་ལ་ཁྲ་ཡི་མགོ་འདྲ་ཞིང་གཤོག་པའི་སུལ་རིས་དོད་པ། གཤོག་སྣེ་བཏེག་ལ་ཆེ་བ་རྣམས་དམན་ལ་རྩུབ་པར་གསུངས། ཕག་མགོ་དང་འདྲ་བར་ཤའུ་སྐྱེད་པར་བྱེད་པ་དང་། རང་བྱུང་བས། བྱེ་མགོས་མགོ་ཡི་རུས་ཆག་སྦྱོར༎ ཞེས་གསུངས་སོ༎རྒྱ་ཡིག་གི་མིང་། 石燕 རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། བྱེའུ་མགོ་ཡིས་ཤའུ་སྐྱེད་པར་བྱེད

20211220

ཡ་བཀྵ་ར།

དཀར་འཇམ་བག་ཕྱེ་འདྲ་བ་བཅངས་ན་འཁྲུག་སྒྲ་འབྱིན་པ་ཡང་ཞིང་རོ་ལན་ཚྭ་ལ་མངར་ཤས་ཅན་དེའོ༎ དེ་ཆགས་པའི་བྲག་ལ་ཤ་ཁུ་སྣུམ་ཅན་བྱུག་པས་ཕྱི་ལོར་ཟེ་ཚྭར་འགྱུར་བར་བཤད། དྲོད་སྐྱེད་ཅིང་སྐྲན་ནད་སྦྱོང་བར་བྱེད།མིང་གཞན། ཀེའུ་ལ་ཀ་དང་ནས་ཚིག་ཁུ་བའི་ཐལ་བ་སོགས་ཀྱང་ཟེར། རིགས་དབྱེ། སྦྱོར་བ་སྨན་གྱི་རིགས། ཕན་ནུས། དྲོད་སྐྱེད་ཅིང་སྐྲན་ནད་སྦྱོང་བར་བྱེད

20220119