ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 218 ཡོད།

སྡེ་སྣོད་གསུམ།

sutra, abhidharma) 1.དག་ཡིག་གསར་བསྒྲིགས་ལས། སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་རྣམས་འདུལ་བའི་སྡེ་སྣོད་དང་མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་གསུམ་དུ་བསྡུས་ཡོད་པས། དེ་གསུམ་ལ་སྡེ་སྣོད་གསུམ་ཟེར། 2.བརྡ་དག་མིང་ཚིག་གསལ་བ་ལས། སངས་རྒྱས་ཀྱི་བཀའ་སྟེ་མངོན་པའི་སྡེ་སྣོད་འདུལ་བའི་སྡེ་སྣོད་མདོ་སྡེའི་སྡེ་སྣོད་གསུམ་

20160721

སྡེ་སྣོད་གསུམ།

འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་དང་དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་བཅས་ལས་བྱུང་བའི་སྡེ་སྣོད་གསུམ་ལ་གོ་བ་ཡིན།སྡེ་སྣོད་ཀྱི་དོན། སྡེ་སྣོད་ཀྱི་སྐད་དོད་ལ་པི་ཊ་ཀ་ཟེར་ཏེ་དེ་ནི་གང་དུ་བྲེ་བོ་ཆེ་ལ་འཇུག་བྲེ་བོ་ཆེའི་ནང་དུ་བྲེ་བོ་ཆུང་བ་མང་པོ་འདུས་པ་བཞིན་འདི་དག་གི་ནང་དུ་བརྗོད་བྱ་བསླབ་པ་མང་པོ་འདུས་པས་ན་སྡེ་སྣོད

20160421

སྡེ་སྣོད་གསུམ།

སངས་རྒྱས་ཀྱི་བཀའ་སྟེ་མངོན་པའི་སྡེ་སྣོད། འདུལ་བའི་སྡེ་སྣོད། མདོ་སྡེའི་སྣོད་གསུམ་མོ། །དོན་ཐམས་ཅད་བསྡུས་པའི་ཕྱིར་སྡེ་སྣོད་དམ། ཡང་ན་སྐྱེ་མཆེད་བཅུ་གཉིས་ཀྱི་དོན་དང་ཚིག་ཐམས་ཅད་བསྡུས་པའི་སྣོད་ལྟ་བུའི་ཕྱིར་ན་སྡེ་སྣོད་ཅེས་བྱའོ། །སྤྱོད་པ་གཙོ་བོར་སྟོན་པ་འདུལ་བ། བསྒོམ་པ་གཙོ་བོར་སྟོན་པ་མདོ་སྡེ། ལྟ་བ་གཙོ་བོར་སྟོན་པ་མངོན་པའོ

20180528

གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་འདུ་བ་གསུམ།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བའི་གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་འདུ་བ་གསུམ་ལ་གོ་བ་ཡིན།འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། 1.མདོ་སྡེར་འདུ་བ་ནི། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ

20210524

བཏུལ་བ།

འདུལ་བའི་འདས་པ།1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འདུལ་བའི་འདས་པ། སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྟུང་བ་སྡེ་ལྔ་དང༌། ལྟུང་བ་འབྱུང་བའི་རྒྱུ་དང༌། ལྟུང་བ་ལས་ལྡང་བ་དང༌། ལྟུང་བ་ལས་ངེས་པར་འབྱུང་བ་དང༌། གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག་བསླབ་པ་བཅས་པ་དངོས། དེའི་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ

20230906

ཐང་ཟན་ཙང༌།

འགྱུར་རྙིང་མང་པོ་ལ་འགྱུར་བཅོས་དང༌། མདོ་སྡེ་འགའི་ཊིཀ བསྟན་བཅོས་མང་པོ་གསར་རྩོམ་བཅས་མཛད་དེ་སེམས་ཙམ་པའི་ལུགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་སྟེ་རྒྱ་སྐད་དུ་ཐང་ཟན་ཙང་སྟེ་སྡེ་སྣོད་གསུམ་འཛིན་གྱི་སློབ་དཔོན་དུ་གྲགས། ལོ་བཞི་བཅུ་ཙམ་གྱི་རིང་འགྲོ་དོན་མཐའ་ཡས་པ་མཛད་ནས་ཤིང་བྱི་ལོར་འདས།རྒྱ་ཡིག 唐三藏 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [རྒྱ་སྐད]

20240104

རྗེ་འབྲོག་རུ་པ་ཚུལ་ཁྲིམས་རྒྱ་མཚོ།

དུས་ཆུད་ཟོས་སུ་གྱུར། དམ་པ་ཁོང་གི་དངོས་སློབ་ནི་ཡང་དར་བསྟན་པའི་གསལ་བྱེད་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱ་མཚོ་དང་དགེ་བའི་བཤེས་གཉེན་མཁས་བཙུན་རྒྱ་མཚོ་སོགས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་དོན་དངོས་སྟོབས་རིགས་པའི་ལམ་ནས་སྨྲ་བ་ལ་གཞན་དྲིང་མི་འཇོག་པ་མང་དུ་མཆིས་སོ། །ཡབ། གནམ་ལྷ། ཡུམ། གནམ་མཚོ་སྐྱིད། འཁྲུངས་འདས་ལོ་ཚིགས

20230919

བཤད་སྒྲུབ་ཀྱི་བསྟན་པ།

ལུང་སྡེ་སྣོད་གསུམ་བཤད་པའི་བསྟན་པ་དང་བསླབ་པ་གསུམ་ལྟ་བུ་སྒྲུབ་པའི་བསྟན་པ་ཡིན།ལུང་སྡེ་སྣོད་གསུམ་བཤད་པའི་བསྟན་པ་དང་བསླབ་པ་གསུམ་ལྟ་བུ་སྒྲུབ་པའི་བསྟན་པ་ཡིན། ལུང་སྡེ་སྣོད་གསུམ་ལ་བརྒལ་བརྟགས་ཀྱི་གཏན་ལ་འབེབས་པ་ནི་རྩོད་པ་དང༌། དེ་གསུམ་གྱི་ཚིག་དོན་གཞན་ལ་འཆད་པ་དང༌། དེ་གསུམ་གྱི་དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པ་གསུམ་ནི་བཤད་པའི་བསྟན་པ་འཛིན་པའི

20180309

མཁན་པོ་དང་།ལས་སློབ།གནས་ཀྱི་བླ་མའི་མཁས་པའི་ཡོན་ཏན་ལྔ་ཕྲུག་ཉེར་གཅིག

སློབ་མའི་ནད་གཡོག་ནུས་པ། འགྱོད་པ་བསལ་ནུས་པ། སྡིག་ལྟ་སྤོང་བར་ནུས་པ། བསམ་ཤེས་ཏེ་གནས་པ་སློབ་མ་གནས་ལ་མངོན་པར་མི་དགའ་བ་ཞི་བར་བྱེད་དམ་བྱེད་དུ་འཇུག་ནུས་པའོ༎ 2.སྡེ་སྣོད་གསུམ་འཛིན་གྱི་ལྔ་ཕྲུག་ནི། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་གསུམ་འཛིན་པ། མང་ཐོས། ཚུལ་ལྡན་གཉིས་ཏེ་ལྔའོ༎ 3.སྡེ་སྣོད་གསུམ་མཁས་ཀྱི་ལྔ་ཕྲུག་ནི། འདུལ་བ

20210107

མདོ་སྡེ།

kangyur 1.དག་ཡིག་གསར་བསྒྲིགས་ལས། སངས་རྒྱས་གསུང་རབ་ལ་སྡེ་སྣོད་གསུམ་ཕྱེ་བའི་ནང་གི་ཡ་གྱལ་ཞིག་གི་མིང་། 2.བརྡ་དག་མིང་ཚིག་གསལ་བ་ལས། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་ནང་ཚན་ཏེ་དེར་ལྟོས་ཤིག 经藏( 佛),佛经三藏之一,参看སྡེ་སྣོད་གསུམ条。 3.དུང་དཀར་ཚིག་མཛོད་ཆེན་མོ་ལས། སངས་རྒྱས་ཀྱི་གསུང་རབ་རྣམས་སྡེ་སྣོད་གསུམ་

20160711