1.རྗོད་ཚིག་གི་དོན། 2.སྒྲ་དང་དོན།རྒྱ་ཡིག 字义,词义,声义 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]རྗོད་ཚིག་གི་དོན། 字义,词义。语词含义。[2]སྒྲ་དང་དོན། 声义。语音和词义。
20211210
སྒྲ་དོན་ཟུང་ལྡན་གྱི་འགྱུར་ཚིག་ནི་སྤྱི་ལོ2011ལོའི་རྒྱལ་ཡོངས་ཚན་རིག་ལག་རྩལ་གྱི་ཐ་སྙད་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྐད་བརྡ་རིག་པའི་ཐ་སྙད་ཅིག་ཡིན།རྒྱ་ཡིག་གི་ཀློག་སྟངས་དང་དོན་མཚོན་ནུས་པར་བརྟེན་ནས་འཕྲོས་རྟོག་བྱས་ཏེ་གཡར་ཚིག་གསར་བ་བཟོས་པ་ཞིག་ཡིན། དཔེར་ན་པིན་ཁྲི (benz) དང
20230920
ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བའི་སྒྲ་དོན་གཉིས་ལ་གོ་བ་ཡིན།ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། 1.སྒྲ་ནི། ཚིག་དང་ཡི་གེར་ཕྲད་པའི་རྣམ་པར་རྟོག་པ་ཡིན་ཏེ། སོ་དང་། འགྲམ་པ་དང་། རྐན་དང་། ལྕེ་དང་། མཆུ་སྦྱར་བ་ལས་བྱུང་བ་ཕན་ཚུན་སྨྲ་བར་རྣམ་པར་རྟོག་པའི་བག་ཆགས
20201118
བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཡོན་ཏན་གྱི་སྒྲ་དོན་གསུམ་ལ་གོ་བ་ཡིན།བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཡོན་ཏན་གྱི་སྒྲ་དོན་གསུམ་ནི། མོས་པ། སྦྱོར་བ། ཁོང་དུ་ཆུད་པའོ༎ དེ་ཡང་། བྱང་ཆུབ་ཅེས་བྱ་བ་དང་། སེམས་དཔའ་ཞེས་བྱ་བ་ད་། སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་གསུམ་དང་གོ་རིམ་བཞིན་དུ་སྦྱར་དགོས་པ་སྟེ། 1.ངེས་པར་འབྱེད་པའི་ཆ་བཞི་ལ་གནས་པ་ནི་བྱང་ཆུབ
20210119
《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་རྟེན་འབྲེལ་སྤྱིའི་སྒྲ་དོན་བཅུ་གཅིག་ལ་གོ་བ་ཡིན།1.བྱེད་པ་པོ་མེད་པ། 2.རྒྱུ་དང་བཅས་པ། 3.སེམས་ཅན་མེད་པ། 4.གཞན་གྱི་དབང་། 5.གཡོ་བ་མེད་པ། 6.མི་རྟག་པ། 7.སྐད་ཅིག་པ། 8.རྒྱུན་མི་འཆད་པ། 9.སྣ་ཚོགས་པ། 10.རྒྱུ་འབྲས་མཐུན་པ། 11.རྒྱུ་འབྲས་སོ་སོར་ངེས་པ་བཅས་སོ
20220512
སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཤེས་པ་སྟེ། མངོན་སུམ་གྱི་ཤེས་པ་རྣམས་དང༌། མངོན་སུམ་ལྟར་སྣང་གི་ཤེས་པ་རྣམས་སོ། །རྒྱ་ཡིག 无分别识 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཤེས་པ་སྟེ། མངོན་སུམ་གྱི་ཤེས་པ་རྣམས་དང༌། མངོན་སུམ་ལྟར་སྣང་གི་ཤེས་པ་རྣམས་སོ། ། 无分别识
20231009
ཆོས་མངོན་པ་ལ་འཇུག་པའི་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ་ལས་བྱུང་བའི་གཽ་ཞེས་བྱ་བའི་སྒྲ་དོན་དགུ་ལ་འཇུག་པའི་དོན་དགུ་ལ་གོ་བ་ཡིན།ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། 1.ཚིག 2.ཕྱོགས། 3.ས། 4.འོད་ཟེར། 5.རྡོ་རྗེ། 6.མིག 7.ཕྱུགས། 8.མཐོ་རིས། 9.ཆུའོ༎འབྱུང་ཁུངས
20210817
དང་འཆད་བཞིན་པའི་མིང་བརྡ་རྩ་ཆེན་མང་པོ་ཞིག་ཡོད་པ་ལ་ད་ལྟའི་བར་ཡི་གེ་དག་མོ་འབྲི་སྲོལ་བྱུང་མེད་པ་ཁག་ཅིག་ཀྱང་བསྡུ་སྒྲུག་བྱས་ནས་དཔྱད་པ་ཕྲ་ཞིང་ཞིབ་མོས་དེ་དག་ལ་སྒྲ་དོན་དང་མཐུན་པར་ཡི་གེའི་གཟུགས་རིས་འགོད་ཁུལ་བྱས་ཡོད་པས། དེས་ཀྱང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཕན་ནུས་ཐོན་སྲིད་པ་གདོན་མི་ཟ
20231124
འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་གི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཡོན་ཏན་གྱི་སྒྲ་དོན་གསུམ། བྱང་ཆུབ་སེམས་དཔའི་ཐོག་མ་དང་། བར་དང་། ཐ་མར་དགེ་བ་གསུམ་ལ་གོ་བ་ཡིན།འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་གི་མདོ་ལས་བྱུང་བ་ལྟར་ན་ཁག་ལྔ་ཡོད། 1.ཐོག་མར་དགེ་བ་ནི། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ༎ 2.བར་དུ་དགེ་བ་ནི། ཐེག་པ་དམན་པ་མི་འདོད་པའོ
20210409
བྱེད་པ་པོ་མེད་པ། རྒྱུ་དང་བཅས་པ། སེམས་ཅན་མེད་པ། གཞན་གྱི་དབང༌། གཡོ་བ་མེད་པ། མི་རྟག་པ། སྐད་ཅིག་མ། རྒྱུད་རྒྱུན་མི་ཆད་པ། རྒྱུ་འབྲས་མཐུན་པ། སྣ་ཚོགས་པ། རྒྱུ་འབྲས་སོ་སོར་ངེས་པ།བྱེད་པ་པོ་མེད་པ། རྒྱུ་དང་བཅས་པ། སེམས་ཅན་མེད་པ། གཞན་གྱི་དབང༌། གཡོ་བ་མེད་པ། མི་རྟག་པ། སྐད་ཅིག་མ། རྒྱུད་རྒྱུན་མི་ཆད་པ། རྒྱུ་འབྲས་མཐུན་པ
20170810