ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 37 ཡོད།

སྒོམ་གྲྭ།

ཆོས་འཆད་ཉན་གཙོ་བོར་བྱ་ཡུལ་མ་ཡིན་པ་སྟེ། ཆོས་ཀྱི་དོན་ངོ་མ་དེ་རང་ཉིད་ལ་གོམས་འདྲིས་བྱེད་ཆེད་སྒོམ་མཁན་འདུས་སྡོད་ཀྱི་ཁུལ་ལམ། སྒོམ་ཁང་དུ་མ་ཡོད་པའི་གྲྭ་ཁང་ལ་སྒོམ་གྲྭ་ཞེས་གྲགས་ལ། དེ་ལྟར་སྒྲུབ་པ་ཁོ་ན་བྱས་ནས་སྡོད་ས་ཡིན་པས་སྒྲུབ་གྲྭ་ཡང་ཟེར། ཕྱི་རོལ་གྱི་བྱ་བ་ཀུན་མཚམས་བཅད་ནས་སྒོ་གསུམ་ཆོས་དོན་ལ་བཞག་ས་ཡིན་པས་མཚམས་གྲྭ་ཡང་ཟེར

20190426

བྲག་དཀར་སྒོམ་གྲྭ་ཕུན་ཚོགས་གླིང་།

སྒོམ་གྲྭ་འདི་ནི་གྲུབ་ཆེན་ཤར་སྐལ་ལྡན་རྒྱ་མཚོས་བཏབ་ཅིང་། བྲག་དཀར་དཀའ་བཅུ་བ་ངག་དབང་གྲགས་པ་སོགས་གཙོ་བྱས་ཏེ་ཡར་མར་ནང་གི་རི་ཁྲོད་པའི་སྒྲུབ་གནས་གཙོ་བོ་ཡིན།སྒོམ་གྲྭ་འདི་ནི་གྲུབ་ཆེན་ཤར་སྐལ་ལྡན་རྒྱ་མཚོས་བཏབ་ཅིང་། བྲག་དཀར་དཀའ་བཅུ་བ་ངག་དབང་གྲགས་པ་སོགས་གཙོ་བྱས་ཏེ་ཡར་མར་ནང་གི་རི་ཁྲོད་པའི་སྒྲུབ་གནས་གཙོ་བོ་ཡིན། ནང་སོ་བཙན་པོ་མའི

20230713

རྩི་རྐྱང་སྒོམ་གྲྭ་བཀྲ་ཤིས་བཤད་སྒྲུབ་གླིང་།

རྩི་རྐྱང་སྒོམ་གྲྭ་ནི་ཉིན་པ་སྡེ་བའི་མདུན་གྱི་རི་ངོས་སུ་ཆགས་ཡོད། དང་ཐོག་དགོན་པ་འདི་རི་ཁྲོད་པའི་དགོན་པ་ཞིག་ཡིན་ལ། སྤྱི་ལོ1705ལོར་རོང་བོ་བླ་མ་རྫོང་དཀར་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་བདག་སྐྱོང་བྱས་ཏེ་དགེ་ལུགས་པའི་དགོན་པར་བསྒྱུར་བ་དང་། སྤྱི་ལོ1922ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་ཚང་གིས་བདག་སྐྱོང

20230625

དམག་དཔོན་སྒོམ་གྲྭ་ཨེ་ཝམ་ཆོས་འཁོར་གླིང་།

དམག་དཔོན་སྒོམ་གྲྭ་ནི་དམག་དཔོན་སྡེ་བའི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད། ལོ་རྒྱུས་སྟེང་དུ་འདན་མ་དང་རྒྱལ་ཚང་སྡེ་བ་གཉིས་ལའང་སྒར་རེ་ཡོད་པར་བཤད། དུས་རབས་བཅོ་ལྔའི་ནང་རེབ་གོང་རོང་བོ་དགོན་པའི་བླ་མ་དགེ་བཤེས་ཧོར་ཚང་གིས་ཕྱོགས་གཅིག་ཏུ་བསྡུས་ནས་དགེ་ལུགས་པའི་དགོན་པ་འདི་བཏབ།དམག་དཔོན་སྒོམ་གྲྭ་ནི་དམག་དཔོན་སྡེ་བའི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད

20230625

སྤྲེལ་ལུང་སྒོམ་གྲྭ་བསམ་གཏན་འཕེལ་རྒྱས་གླིང་།

སྤྲེལ་ལུང་སྒོམ་གྲྭ་ནི་སྤྲེལ་ལུང་སྡེ་བའི་གོང་དུ་ཆགས་ཡོད། སྤྱི་ལོ1359ཡས་མས་སུ་འབའ་རྩི་སྒང་རིང་མོ་ས་ཁུལ་ནས་འོངས་པའི་ཧོར་ངག་དབང་རྣམ་རྒྱལ་གྱི་རིང་ལ་བཀའ་བརྒྱུད་པའི་དགོན་པ་འདི་བཏབ།སྤྲེལ་ལུང་སྒོམ་གྲྭ་ནི་སྤྲེལ་ལུང་སྡེ་བའི་གོང་དུ་ཆགས་ཡོད། སྤྱི་ལོ1359ཡས་མས་སུ་འབའ་རྩི་སྒང་རིང་མོ་ས་ཁུལ་ནས་འོངས་པའི་ཧོར་ངག་དབང་རྣམ་རྒྱལ

20230625

རྟ་སྨོས་ཆོས་འཁོར་གླིང་།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་ཨོང་ཆུང་མདོ་ཁམས་བརྒྱུད་བྱོན་པའི་ཡར་ལམ་བཏབ་པར་བཞེད་ཀྱང་། ཆོས་རྒྱལ་དུས་ཕ་བོང་ཁ་དང་ཡེར་པར་གོས་དཀར་ལྕང་ལོའི་ཕྲེང་བ་ཅན་གྱི་སྒོམ་གྲྭ་ཚུགས་ཞེས་ལོ་རྒྱུས་རེ་གཉིས་སུ་མཆིས་ནའང་གཞན་འདུས་སྡེ་ལ་སོགས་པ་བྱུང་བ་མ་བཤད་པས་ཐེ་ཚོམ་གྱི་གཞི་ཆེ་ལ། འོན་ཀྱང་རྒྱ་བཟའ་ཇོ་བོ་ཞག་ཤས་ཙམ་བཞུགས་པའི་བསྟི་གནས་སུ་གཙུག་ལག་ཁང

20230918

བོད་ལ་ཆོས་སྤྱོད་པའི་ཁོད་བཤམས་པའི་སྒོམ་གྲྭ་བཞི།

《ལྡེའུ་ཆོས་འབྱུང》ལས་བྱུང་བའི་བོད་ལ་ཆོས་སྤྱོད་པའི་ཁོད་བཤམས་པའི་སྒོམ་གྲྭ་བཞི་ལ་གོ་བ་ཡིན།1.ཤར་ཕྱོགས་དྭགས་ལྷའི་བྲག་ཕུག་ནི། འདྲེ་རྒྱལ་བའི་བློ་གྲོས་ཀྱིས་མཛད། 2.ལྷོ་ཕྱོགས་སྟག་དང་སེང་གེ་ལུང་གི་བྲག་ཕུག་ནི། གླང་དཔལ་གྱི་སེང་གེས་མཛད། 3.ནུབ་བྲག་དམར་པོའི་མཐིང་ཕུག་ནི། སྣུབས་ནམ་མཁའ་སྙིང་པོས་མཛད། 4.བྱང་ཕྱོགས་ཨརྱ་པ་ལོའི

20210915

བིས་ཐང་སྒོམ་གྲྭ་བཀྲ་ཤིས་དགེ་འཕེལ་གླིང་།

དགོན་པ་འདི་ནི་བིས་ཐང་ནགས་ཁྲོད་དམ་མར་ནང་ཚོ་ལྔའི་ནགས་ཁྲོད་དུ་གནས་ཤིང་། དེ་ཡང་གནས་འདིར་འཇམ་མགོན་ཙོང་ཁ་བ་ཆེན་མོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་སྤྱི་ལོ1305ལོར་བྱོན་ནས་གཞི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་ཏེ་རབ་གནས་མཛད་མྱོང་།དགོན་པ་འདི་ནི་བིས་ཐང་ནགས་ཁྲོད་དམ་མར་ནང་ཚོ་ལྔའི་ནགས་ཁྲོད་དུ་གནས་ཤིང་། དེ་ཡང

20230626

ལོའུ་རྒྱལ་སྡེ་བ།

ད་ལྟའི་སྐུ་ཕྲེང་དྲུག་པ་བླ་བྲང་བསང་ཁོག་ནས་འཁྲུངས། རྗེས་སུ་བླ་བྲང་ནས་ཐུགས་ཐག་བཅད་རྗེས་སློབ་གཉེར་དཔེ་ཁྲིད་སོགས་ཀྱང་བླ་བྲང་ནས་གནང་བ་དང་། དུས་མཉམ་དུ་དམག་དཔོན་སྒོམ་གྲྭ་དང་ལྷ་སྡེ་རྣམས་ལུགས་བཞིན་སྐྱོང་གིན་ཡོད། སྔོན་ཆད་ལོའུ་རྒྱལ་སྒང་ན་ལབ་ཙེ་ཞིག་ཡོད། ད་ལྟ་ཤུལ་ཡང་ངོས་འཛིན་དཀའ།རྒྱ་ཡིག་གི་མིང་། 塘洛尕村 སྲིད་འཛིན་རིགས་དབྱེ

20230515

བཀའ་མ་ལོག།

དེའི་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་རྒྱལ་པོའི་སྐུ་རིང་ལ། མཐའ་དམག་འགོག་ཕྱིར་བོད་ཡུལ་གྱི་ཕྱོགས་བཞིར་སྒོ་སྲུང་བསྐོས། བོད་དམག་ཁྲི་ཕྲག་མང་པོ་ཁྱེར་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་སྟེ་གཡུལ་བརྒྱལ། གནང་སྤྱད་ནས་ཕྱིར་བྱིན་དུས་དམག་གི་ནང་ནས་སྐྱེན་པོ་བཏུས་པའི་དཔའ་བོ་མི་དགུ། དམག་མང་པོ་དང་བཅས་པ་ཧོར་བོད་ཀྱི་མཚམས་སུ་བཞག ངེད་རྣམས་ཅི་ཙམ་ནས

20230619