ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 280 ཡོད།

སྐུ་གཟུགས།

གཟུགས་པོའི་ཞེ་ས།རྒྱ་ཡིག身体 དབྱིན་ཡིག body 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]ལུས། 贵体,身体。བར་དེར་སྐུ་གཟུགས་བདེ་པོ་ཡོད་ཤག遥想贵体一向纳吉。སྐུ་གཟུགས་དཔངས་མཐོ་ཞིང་རྔམས་པ། 身躯高大威严。སྐུ་གཟུགས་བརྗིད་བག་ལྡན་ལ་མཛེས་པ། 体格魁伟。[2]སྣང་བརྙན

20200220

སངས་རྒྱས་ཀྱི་སྐུ་གཟུགས་འབྲི་ཚུལ།

སངས་རྒྱས་ཀྱི་སྐུ་གཟུགས་འབྲི་ཚེ་ཐོ་མར་ཚངས་ཐིག་བཏབ་སྟེ་སྐུའི་ཆེ་ཆུང་གི་ཚད་གཏན་ཁེལ་བྱས་ནས། དེ་ཉིད་ཆ་དགུ་རུ་བགོས་པས་ཆ་གཅིག་ནི་ཞལ་གང་ཡིན་ལ། སྟེང་ནས་ཐུར་དུ་ཆ་གཉིས་ཀྱི་མཚམས་སུ་འཕྲེལ་ཐིག་འདེབས་ཤིང་། དེའི་སྟེང་ནས་ཞལ་ཁྱིམ་དང་སྐུ་ཡོངས་རྫོགས་བྲིས་པས་གོང་དུ་བགོས་པའི་ཆའམ་ཞལ་ཚད་རྣམས་ཁྲིགས་ཆགས་སུ་འགྲོའོ༎ངོ་སྤྲོད

20190725

སྐུ་གཟུགས་མཚན་ཉིད་དང་ལྡན་པ་བཞེངས་པའི་ཕན་ཡོན།

མདོར་ན་རས་བྲིས་མཐོང་བས་ཀྱང་། ། སྐྱེ་བོས་བསོད་ནམས་ཐོབ་པ་དོན་ཡོད་པར། ། བསྐལ་པ་བྱེ་བར་བརྗོད་པར་མི་ནུས་ཞེས། ། འཇམ་དཔལ་རྩ་བའི་རྒྱུད་ལས་བཀའ་བསྩལ་ཏོ། ། ཞེས་གསུངས་པ་ལྟར་སྐུ་གཟུགས་མཚན་ཉིད་དང་ལྡན་པ་བཞེངས་པའི་ཐད་ལ་ཧུར་ཐག་གིས་འབད་བརྩོན་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ངོ་། །མིང་། སྐུ་གཟུགས་མཚན་ཉིད་དང་ལྡན་པ་བཞེངས་པའི་ཕན་ཡོན

20190724

འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས

བྱང་ཆུབ་སེམས་དཔའ་ལང་ཚོ་གསར་པའི་སྐབས་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་ཁ་སྤུ་མ་སྐྱེས་ཤིང་རབ་ཏུ་མ་བྱུང་བའི་ཆ་ལུགས་ཅན་ནོ། །བྱང་ཆུབ་སེམས་དཔའ་ལང་ཚོ་གསར་པའི་སྐབས་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་ཁ་སྤུ་མ་སྐྱེས་ཤིང་རབ་ཏུ་མ་བྱུང་བའི་ཆ་ལུགས་ཅན་ནོ། །

20180118

སྐུ་གཟུགས་མཚན་ཉིད་དང་མི་ལྡན་པ་བཞེངས་པའི་ཉེས་དམིགས།

སྐུ་གཟུགས་མཚན་ཉིད་དང་མི་ལྡན་པ་བཞེངས་པ་དེ་ཚེ་འདི་ཕྱིའི་བར་ཆད་དང་བགེགས་སུ་འགྱུར་བས་སྤོང་པར་བྱ་བ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཡིན་ནོ༎འཕྲེང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་བཟོ་རིག་པའི་བསྟན་བཅོས་མདོ་རྒྱུད་གསལ་བའི་མེ་ལོང་ལས། དྲུག་པ་སྐུ་གཟུགས་མཚན་ཉིད་མི་ལྡན་པའི། ། སྐྱོན་གྱི་ཉེས་དམིགས་འདི་དག་རིག་པར་བྱ། ། ཀོ་ཀོ་མགྲིན་པ་བྱིན་པ

20190724

རྟེན་གྱི་དངོས་པོ།

སྐུ་གཟུགས་དང་གླེགས་བམ་མཆོད་རྟེན་སོགས།རྒྱ་ཡིག 依处,依止物 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྐུ་གཟུགས་དང་གླེགས་བམ་མཆོད་རྟེན་སོགས། 依处,依止物。佛像、佛经、佛塔等。

20231008

སྙུན་འདྲི།

དོན།རྒྱ་ཡིག 问病,问安,问好,问候 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཁམས་བདེ་འདྲི་བ། 问病,问安,问好,问候:གྲོགས་པོའི་སྐུ་ཁམས་བདེ་སྡུག་གང་ཡིན་སྙུན་འདྲི་ཞུ། 问候朋友身体安否。སྟངས་དཔྱལ་འཁོར་བཅས་ཀྱི་སྐུ་གཟུགས་བདེ་ཐང་ཡིན་མིན་སྙུན་འདྲི་ཞུ་གཞིན་དུ་ཡོད། 谨向贤伉俪及宝眷问好

20230710

ཐུགས་སྨོན།

1.སྨོན་ལམ། 2.འདུན་པ་དང་མོས་པ།རྒྱ་ཡིག 1.愿,心愿 2.希望,信解 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]སྨོན་ལམ། 愿,心愿:སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་འདེབས་པ། 愿贵体健康![2]འདུན་པ་དང་མོས་པ། 希望,信解。

20240221

བྱམས་པའི་སྐུ་གཟུགས་ཁྲུ་ཚད་བརྒྱད་ཅུ་རྩ་བརྒྱད་ཀྱི་སྲིད་དང་ལྡན་པའི་ཁྲུ་ཚད་ཁག་བཅུ་བདུན།

འཕགས་པ་བྱམས་པའི་མདོ་ལས་བྱུང་བའི་བྱམས་པའི་སྐུ་གཟུགས་ཁྲུ་ཚད་བརྒྱད་ཅུ་རྩ་བརྒྱད་ཀྱི་སྲིད་དང་ལྡན་པའི་ཁྲུ་ཚད་ཁག་བཅུ་བདུན་ལ་གོ་བ་ཡིན།འཕགས་པ་བྱམས་པའི་མདོ་ལས་བྱུང་བ་སྟེ། 1.ཞབས་ཀྱི་མཐིལ་ནས་པུས་མོའི་བར་ལ་ཁྲུ་ཚད་ཉི་ཤུ་རྩ་གཉིས་སོ༎ 2.པུས་མོ་དང་ལྟེ་བའི་བར་ལ་ཁྲུ་ཚད་ཉི་ཤུ་རྩ་གཉིས་སོ༎ 3.ལྟེ་བ་དང་མགུར་གྱི་བར་ལ་ཁྲུ་ཚད་ཉི་ཤུ་རྩ་གཉིས

20201207

བྱམས་པ་གོས་སྐུ་ཆེན་མོ།

ནུབ་སྒོ་བྱམས་པ་གོས་སྐུ་ཆེན་མོ་ཞེས་པ། རྨ་ཆེན་གངས་རིའི་ནུབ་ཀྱི་ཁ་གཏད་དུ་ཡོད། མདོག་སྣ་ཚོགས་ལས་གྲུབ་པའི་བྲག་རྡོ་དང་། རང་བྱུང་དུ་བབས་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་གཟུགས་ཡོད། ལྷག་པར་ཆར་བབས་རྗེས་འོད་འཕྲོས་ཏེ་སྔར་ལས་མཛེས་སྡུག་རྣམ་པར་བཀྲ། གཞན་ཡང་རྨ་བྱའི་གཟུགས་དང་དུང་དཀར་གྱི་གཟུགས་སུ་མཚུངས་པའི་རྡོ་ཐོག་གི་རི་མོ་ངོ་མཚར་བ་མང་པོ

20231011