ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 963 ཡོད།

སྐད་ཅིག

སྐད་ཅིག་མ་ཟེར་ཞིང༌། སྐྱེས་བུ་ནད་མེད་སྟོབས་དང་ལྡན་པ་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་ལ་ཆ་དྲུག་ཅུ་རེ་བཞི་ཕྱེ་བའི་ཆ་གཅིག་གི་ཡུན་ཚད་དོ། དེ་ལྟ་བུའི་ཐུང་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ། དེའི་སྐད་ཅིག་གཅིག དེ་ཡི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་གཅིག ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག ཉིན་ཞག་སུམ་ཅུར་ཟླ་བ་གཅིག

20160225

དེའི་སྐད་ཅིག་མ

དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ།རྒྱ་ཡིག 彼刹那 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ། 彼刹那。一百二十个时极刹那,时间比两个弹指顷短十个刹那。

20240805

སྐད་ཅིག་མ

དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ཚད།རྒྱ་ཡིག顷刻,瞬间 དབྱིན་ཡིགinstant, instant 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།[ཀྵནཾ]ཡུད་ཙམ་མམ། ཐང་ཅིག་སྟེ་དུས་ཡུན་ཧ་ཅང་ཐུང་ངུ་ཞིག་ཡིན་པ་འདི་ལ་རང་རྒྱུད་པ་མན་ཆད་ཀྱི་སྐྱེས་བུའི་སེ་གོལ་གཅིག་གི་ཡུན་ཚད་ཆ་དྲུག་ཅུ་རེ་ལྔར་ཕྱེ་བ་རེར་འཛིན་ཅིང་ཐལ་འགྱུར་བས

20200104

སྐད་ཅིག་མ་གཅིག

འདི་ལ་དུས་ཀྱི་ཐུང་བའི་མཐར་ཐུག་གི་མིང་ཞིག་སྟེ། སྐད་ཅིག་ཅེས་པ་དེ་ཡིན།འདི་ལ་དུས་ཀྱི་ཐུང་བའི་མཐར་ཐུག་གི་མིང་ཞིག་སྟེ། དེ་ནི་གོང་དུ་བཤད་མ་ཐག་པའི་སྐད་ཅིག་ཅེས་པ་དེ་ཡིན། དེའི་མིང་བསྡུས་ན་དུས་མཐའི་སྐད་ཅིག་མ་ཟེར་ཞིང༌། དུས་མཐའི་སྐད་ཅིག་མ་གཅིག་གམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་སེ་གོལ་གྱི་དྲུག་ཅུ་རེ་ལྔའི་ཆ་གཅིག

20161130

སྐད་ཅིག་མ་གཅིག

དུས་མཐའི་སྐད་ཅིག་མ་གཅིག་གམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་སེ་གོལ་གྱི་དྲུག་ཅུ་རེ་ལྔའི་ཆ་གཅིགདུས་མཐའི་སྐད་ཅིག་མ་གཅིག་གམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་སེ་གོལ་གྱི་དྲུག་ཅུ་རེ་ལྔའི་ཆ་གཅིག (宗)一刹那顷:最短时,一刹那或事情完毕的一刹那。约一弹指间的六十五分之一

20180418

སྐད་ཅིག་མ་བཞི།

དུས་འཁོར་གྱི་གཞུང་ལས་གསུངས་པའི་སྐད་ཅིག་མ་བཞི་ལ་ཟེར།དུས་འཁོར་གྱི་གཞུང་ལས་གསུངས་པའི་སྐད་ཅིག་མ་བཞི་ནི། 1.རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ། 2.རྣམ་པར་ཉམས་པའི་སྐད་ཅིག་མ། 3.རྣམ་པར་སྨིན་པའི་སྐད་ཅིག་མ། 4.མཚན་ཉིད་མེད་པའི་སྐད་ཅིག་མ་བཅས་ཡིན་ཅིང༌། དང་པོ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ནི་ཕྱིའི་བྱ་བ་སྣ་ཚོགས་ལ་བརྟེན་པའི་བདེ་བ

20161130

སྐད་ཅིག་མ་གཉིས།

དུས་མཐའི་སྐད་ཅིག་མ།བྱ་རྫོགས་ཀྱི་སྐད་ཅིག་མའོ༎རྒྱ་ཡིག二种刹那 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།དུས་མཐའི་སྐད་ཅིག་མ་དང་བྱ་རྫོགས་ཀྱི་སྐད་ཅིག་མ། 二念顷:时边际刹那和事边际刹那。

20200104

དུས་མཐའི་སྐད་ཅིག་མ

ཐུང་བའི་མཐར་ཐུག་པའི་ཆ། དཔེར་ན་སྐྱེས་བུ་སྟོབས་ལྡན་གཅིག་གིས་སེ་གོལ་གཅིག་གཏོག་པའི་ཡུན་ཚད་ལ་ཆ་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་གཅིག་གི་ཡུན་ཚད། དེ་བརྒྱ་དང་ཉི་ཤུ་ལ་དེའི་སྐད་ཅིག དེ་དྲུག་ཅུ་ལ་ཐང་ཅིག་དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཉིན་ཞག དེ་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་གོ ། ཡང་ན། དབུགས། ཆུ་སྲང་། ཆུ་ཚོད

20170915

མཇུག་ཐོགས་ཀྱི་སྐད་ཅིག་མ

སྐད་ཅིག་དང་པོ་འདས་མ་ཐག་པའི་སྐད་ཅིག་གཉིས་པ།རྒྱ་ཡིག 次刹那 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྐད་ཅིག་དང་པོ་འདས་མ་ཐག་པའི་སྐད་ཅིག་གཉིས་པ། 次刹那。下一刹那。紧接着的第二个瞬间。

20230104

སྐད་ཅིག་བསྐུར།

ཟོག་བ་བསྡད། ས་དེ་ནི་རྫ་མཐོ་ཞིང་གྲང་ངར་ཆེ་ལ་སྤྱང་ཀི་མང་བའི་ས་ཆ་ཞིག་ཡིན། ཉིན་འགའ་འགོར་རྗེས་རྒད་པོའི་དུ་ཁུག་ནང་གི་དུ་བ་ཚར་བས་ལམ་འགྲོ་བ་ཞིག་ལ་རྒན་མོར་འདི་ལྟར་སྐད་ཅིག་བསྐུར། ས་བུམ་ཆེན་གཞུང་ལ་འགྲོ་ནི་ཚོ། ། མ་བུམ་པ་འདྲ་བོར་སྐད་ཅིག་བསྐུར། ། ས་ཁ་ཆའི་བུ་ཡུག་ངན་གི་བཟེ། ། སྤྱང་དར་མའི་ཁ་རྩ་དྲག་གི་བཟེ། ། ང་ཁ་ཉོག་ཁ་ལས་དགེ་ཀི་བཟེ

20191217