ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 238 ཡོད།

སེམས་བྱུང་།

རང་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་རྣམ་ཤེས་ཡོད་ཅིང་། རང་ཡུལ་གང་རུང་བའི་དོན་གྱི་ངོ་བོའམ་ཁྱད་པར་གཉིས་ཡོད་པའི་ནང་གི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་སེམས་བྱུང་དུ་བཞག་པའོ། ། དེའི་ཟུར་གྱི་ཆ་བཞག་གི་གཅད་བྱ་ནི། བུམ་པ་འཛིན་པའི་བློ་དེ་ལྟ་བུས་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་ཡང་སེམས་བྱུང་ཡིན་པ་བཅད་པ་ཡིན་ནོ

20160907

སེམས་བྱུང་།

ལྔ་བཅུ་རྩ་གཅིག་གོ།རྒྱ་ཡིག 心所 དབྱིན་ཡིག mind state 1.དག་ཡིག་གསར་བསྒྲིགས་ལས། ①སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་ཀྱི་མིང་། ②ཆོས་མངོན་པར་བཤད་པའི་སེམས་བྱུང་ང་གཅིག་ལྟ་བུའི་སྤྱི་མིང་། 2.བརྡ་དག་མིང་ཚིག་གསལ་བ་ལས། སེམས་ཀྱི་འཁོར་དུ་བྱུང་བའི་ཤེས་པའོ། ། ཚོར་བ་དང་འདུ་ཤེས་སེམས་པ་སོགས་ལྔ་བཅུ་ང་གཅིག་གོ ། ཡང་ན་བཞི་བཅུ་ཞེ་དྲུག

20190228

འདི་ན་མར།

ད་དུང་ཡང་རྒྱལ་བ་ཡབ་སྲས་ཀྱི་ཞུས་ལན་འདི་ན་མར་ལ། བདག་གི་ཡོན་ཏན་སྦ་བྱ་ཞིང་།། གཞན་གྱི་ཡོན་ཏན་བསྒྲུབ་པར་བྱ།། ཞེས་གསུངས་གདའ་ན། ལྡེབ676པར། འདི་ན་མར་ལ། ལེ་ལོ་སྙོམས་པའི་སེམས་བྱུང་ཚེ།། དེ་ཚེ་བདག་ལ་རྔན་བགྲང་ཞིང་།། བརྟུལ་ཞུགས་སྙིང་པོ་དྲན་པར་བྱ།། ཞེས་དང་། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ

20250506

སེམས་སེམས་བྱུང་རྫས་གཅིག

དེ་གཉིས་དངོས་པོ་ཡིན་པས་རྫས་ཡིན་ལ། བློ་གཅིག་གི་རྫས་སུ་གྲུབ་པ་ཡིན་ཏེ་སེམས་ཀྱི་རྫས་ལས་སེམས་བྱུང་གྲུབ། སེམས་བྱུང་རྣམས་ཀྱང་ཕན་ཚུན་གཅིག་གི་རྫས་ལས་གཅིག་གྲུབ་པ་ཤ་སྟག་ཡིན་ལ་སེམས་ལས་དོན་ལོགས་སུ་གྱུར་པའི་སེམས་བྱུང་མེད། སེམས་བྱུང་ལས་དོན་ལོགས་སུ་གྱུར་པའི་སེམས་མེད་པས་ན་བློ་གཅིག་གི་ཁྱད་པར་མི་འདྲ་བའི་ལྡོག་པ་དུ་མ་ལ་བཞག་པ་ཡིན་གྱི

20180319

ཆགས་སྡང་གི་སེམས་བྱུང་

ཆགས་སྡང་གི་སེམས་བྱུང་ནི་དབང་ཤེས་ཀྱི་སེམས་བྱུང་ལས་སྐྱེས་ཤིང་ཐོན་པ་དང་། དམིགས་སུ་བཟུང་བའི་བློའི་སྣང་བ་དང་ཕྱིའི་ཡུལ་གྱི་རྐྱེན་གྱིས་བསླངས་པའི་དྲན་སྣང་དང་དེ་མིན་ཟུག་རེག་གི་རྐྱེན་གྱིས་བསླངས་པའི་དྲན་པ་སོགས་ཀྱི་ནང་སེམས་ཀྱི་འགྱུར་བ་ལ་བྱའོ། །ཆགས་སྡང་གི་སེམས་བྱུང་ནི་དབང་ཤེས་ཀྱི་སེམས་བྱུང་ལས་སྐྱེས་ཤིང་ཐོན་པ་དང

20240127

སེམས་བྱུང་ལྔ་བཅུ་ང་གཅིག

《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་སེམས་བྱུང་ལྔ་བཅུ་ང་གཅིག་ལ་གོ་བ་ཡིན།1.ཀུན་འགྲོ་ལྔ། 2.ཡུལ་ངེས་ལྔ། 3.དགེ་བ་བཅུ་གཅིག 4.རྩ་ཉོན་དྲུག 5.ཉེ་ཉོན་ཉི་ཤུ། 6.གཞན་འགྱུར་བཞི་བཅས་སོ༎ སྐབས་འདིར་རྩ་ཉོན་ལྟ་བ་ལྔ་དང་ལྟ་མིན་ལྔ་བཅུར་བགྲངས་ན་སེམས་བྱུང་ལྔ་བཅུ་ང་ལྔ། རྩ་ཉོན་དྲུག་བགྲངས་ཚེ་སེམས་བྱུང་ང་གཅིག་ཅེས་ཡོངས་སུ་གྲགས་པ

20210420

འདུ་ཤེས།

གཏོར་ཀྱང་རང་ལ་གྱོད་བཀལ་ནས་ཞིང་དེ་ལ་ཕར་དྲིན་གྱིས་བསྐྱངས་པའི་འདུ་ཤེས་ག་ལ་སྐྱེ། ཞེས་འབྱུང་བ་ལྟ་བུའོ།། 《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ9བའི(སེམས་སེམས་བྱུང་གི་སྡོམ་ཚིག་དང་འགྲེལ་བ)ལྡེབ30བར། ཡང་འདུ་ཤེས་ལ་རྟེན་གྱི་སྒོ་ནས་ཕྱེ་ན་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི

20250507

སེམས་བྱུང་ཀུན་འགྲོ་ལྔ།

མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ་ལ་གོ་བ་ཡིན།མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། 1.སེམས་པ། 2.ཚོར་བ། 3.འདུ་ཤེས། 4.ཡིད་ལ་བྱེད་པ། 5.རིག་པའོ༎འབྱུང་ཁུངས། 《མི་ཕམ་བཀའ་འབུམ་ཅ་པ》ཤ5བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220424

སེམས་དང་སེམས་བྱུང་གཉིས་རྫས་ཐ་དད།

འདིར་དུང་དཀར་ཚིག་མཛོད་ལས་བྱུང་བའི་སེམས་དང་སེམས་བྱུང་གཉིས་རྫས་ཐ་དད་ཅེས་པའི་སྐོར་ཞུས་ཡོད།སེམས་དང་སེམས་བྱུང་གཅིག་དང་ཐ་དད་ལ་བཞེད་ཚུལ་མང་སྟེ། དཔལ་ཆོས་ཀྱི་གྲགས་པས་དེ་གཉིས་རྫས་གཅིག་ཏུ་བཞེད། སློབ་དཔོན་ཟླ་བ་གྲགས་པ་དང་འཕགས་པ་ཐོགས་མེད་ཀྱིས་རྫས་ཐ་དད་དུ་བཞེད་པ་སོགས་ཡོད་པ་ལས།ཐ་དད་དུ་བཞེད་པའི་རྒྱུ་མཚན་ནི། སེམས་དང་སེམས་བྱུང་རྫས་ཐ་དད་པར

20180313

དེ་མ་ཐག་པའི་རྐྱེན།

རྐྱེན་བཞིའི་ནང་གསེས། སེམས་སེམས་བྱུང་མཚུངས་པ་རྣམས་ཀྱིས་སྔ་མ་གང་ཞིག་འགག་པའི་དེ་མ་ཐག་ཏུ་རང་གི་ཕྱི་ལོགས་ཀྱི་སེམས་སེམས་བྱུང་སྐྱེད་པའོ། །རྒྱ་ཡིག 等无间缘 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྐྱེན་བཞིའི་ནང་གསེས། སེམས་སེམས་བྱུང་མཚུངས་པ་རྣམས་ཀྱིས་སྔ་མ་གང་ཞིག་འགག་པའི་དེ་མ་ཐག་ཏུ་རང་གི་ཕྱི་ལོཌ་ཀྱི་སེམས་སེམས་བྱུང་སྐྱེད་པའོ

20240722