ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 238 ཡོད།

སུན་འབྱིན།

repudiating, criticizing 1.དག་ཡིག་གསར་བསྒྲིགས་ལས། དགག་པ་བརྒྱབ་པའམ་མི་འཐད་པར་བཤད་པའི་དོན་ཏེ། བཤད་ཚུལ་ཁུངས་མེད་རྣམས་སུན་འབྱིན་དགོས། སུན་དབྱུང་བྱའི་ལོག་བཤད། ལོག་པར་བཤད་པ་རྣམས་སུན་ཕྱུང་། བཤད་ཚུལ་ཕྱིན་ཅི་ལོག་པ་རྣམས་སུན་ཕྱུངས་ཤིག་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས། སྡུག་ཐང་ཆད་པར་སུན་འབྱིན་

20190225

ཁྱིམ་སུན་འབྱིན་པ།

1.ཁྱིམ་པ་སུན་འབྱིན་པ་དང་དོན་གཅིག 2.ཁྱིན་སུན་འབྱིན་པའི་དོན་ནི། ཁྱིམ་པ་མ་དད་པར་བྱེད་པ་ཡིན་ནོ། །1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།ཁྱིམ་པ་སུན་འབྱིན་པ་དང་དོན་གཅིག

20200918

ཁྱིམ་སུན་འབྱིན་པའི་ལྷག་མ།

དགེ་འདུན་ལྷག་མ་བཅུ་གསུམ་ལས། བསྒོ་བ་ལས་གྱུར་པའི་ལྷག་མ་བཞིའི་ནང་གསེས། བསླབ་པ་དང་འགལ་བའི་ངན་སྤྱོད་ཀྱིས་ཁྱིམ་པ་རྣམས་སུན་འབྱིན་པར་བྱས་ཏེ། མ་དད་པ་བྱེད་པའི་ཚེ་དགེ་སློང་དེ་དགེ་འདུན་གྱི་གནས་ནས་བསྐྲད་པ་ན་སྐྲོད་བྱེད་དགེ་འདུན་ལ་བསྐུར་བ་འདེབས་པ་ལན་གསུམ་གྱི་བར་དུ་བཟློག་ཀྱང་མི་ཉན་པའོ།།རྒྱ་ཡིག 污家摈谤违谏残 1.བོད་རྒྱ་ཚིག་མཛོད་ཆེན་མོ

20200918

གཉེན་པོའི་དགེ་བ།

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་དག་རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བ་དང་སྤང་བ་དང་འབྲལ་བར་བྱེད་པའི་ལམ་ལ་བརྩོན་པ།རྒྱ་ཡིག 对治善 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་དག་རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བ་དང་སྤང་བ་དང་འབྲལ་བར་བྱེད་པའི་ལམ་ལ་བརྩོན་པ། 对治善。谓于烦恼所知二障

20230606

གཉེན་པོ་བཞི།

སྤོང་བའི་གཉེན་པོ་དང༌། གཞིའི་གཉེན་པོ། ཐག་སྲིང་བའི་གཉེན་པོ། རྣམ་པར་སུན་འབྱིན་པའི་གཉེན་པོ།རྒྱ་ཡིག 四种对治 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྤོང་བའི་གཉེན་པོ་དང༌། གཞིའི་གཉེན་པོ། ཐག་སྲིང་བའི་གཉེན་པོ། རྣམ་པར་སུན་འབྱིན་པའི་གཉེན་པོ། 四种对治:断对治、持对治、远分对治和厌患对治。 2.སྨོན་ལམ་ཚིག་མཛོད་ཆེན་མོ

20230606

ཐལ་བ་འཕེན་པ།

ཕ་རོལ་པོའི་རྒྱུད་ཀྱི་ལོག་རྟོག་སུན་འབྱིན་པ་དང༌། ལོག་སྨྲ་ཚར་གཅོད་པའི་ཕྱིར་དུ། རྟགས་ཁྱབ་ཚད་མའམ་ཁས་བླངས་ཀྱིས་གྲུབ་པ་བཀོད་ནས་མི་འདོད་པ་སྒྲུབ་པ། དཔེར་ན། སྒྲ་རྟག་པར་འདོད་པའི་ཕྱི་རོལ་པ་སུན་འབྱིན་པའི་ཕྱིར་དུ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པ་ལྟ་བུ་འདོད་པ་རྟགས་སུ་བཀོད་ནས་མི་འདོད་པར་ཐལ་བ་འཕེན་པའོ

20240110

གཉེན་པོའི་སྟོབས་བཞི།

རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་བཞི།རྒྱ་ཡིག 四对治力 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་བཞི། 四对治力:所依对治力、厌患

20230606

སྟིང་ཚིག

[བརྡ་རྙིང] སུན་འབྱིན་པའི་ཚིགརྒྱ་ཡིག 讽刺语,嘲弄语 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [བརྡ་རྙིང] སུན་འབྱིན་པའི་ཚིག 讽刺语,嘲弄语。

20231106

མི་མཐུན་པའི་ཕྱོགས་སུན་འབྱིན་པ་རྣམ་པ་གཉིས།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བའི་མི་མཐུན་པའི་ཕྱོགས་སུན་འབྱིན་པ་རྣམ་པ་གཉིས་ལ་གོ་བ་ཡིན།འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། 1.རྒྱུ་སྤོང་བ། 2.འབྲས་བུ་སྤོང་བའོ༎འབྱུང་ཁུངས། 《བསྟན་འགྱུར་མདོ་སྡེ་ཅི་པ》ཤ152བ3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201224

ཉེས་པ་གསུམ།

1.རྣམ་པར་མ་གྱུར་པའི་སྐབས་ལུས་གསོ་བསྐྱེད་ཀྱི་བྱ་བ་བྱེད་ཅིང༌། རྣམ་པར་གྱུར་ན་ལུས་ལ་གནོད་ཅིང་སུན་འབྱིན་པའི་ཟུག་རྔུའི་ཉེས་པ་གཏོང་བའི་རྒྱུ་བྱེད་པ་རླུང་མཁྲིས་བད་ཀན་གསུམ་ལ་ཟེར། 2.རྒྱུད་ལ་ཡོད་པའི་འདོད་ཆགས་ཞེ་སྡང་གཏི་མུག་གི་ཉེས་པ་དུག་གི་རྩ་བ་གསུམ།​རྒྱ་ཡིག 1.三因 2.三过 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས

20230510