ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 37 ཡོད།

ཁྱེད་ཀྱིས་འཚོལ་འདོད་པ་ནི སི་ལི་ལི ཡིན་ནམ།

བཙལ་འབྲས་ནི སི་ལི་ལི ཡིན་མོད། ཁྱེད་ཀྱིས་སྔར་བཞིན སི་ཁི་ཐི། འཚོལ་རྒྱུ་ཡིན་ནམ།

སི་ལི་ལི།

】大雨滂沱不息的声音。﹝达﹞ 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྒྲ་གྲག་སྟངས་ཤིག 淅淅沥沥,潺潺,窸窣窣。一类象声词:ཆར་ཟིམ་སི་ལི་ལིར་འབབ། 细雨淅沥地下着。ཁུ་འཕང་སི་ལི་ལིར་འབབ། 微雪淅淅降。མེ་ཏོག་གི་ཆར་སི་ལི་ལིར་འབབ། 花雨渐减沥沥地洒着。ན་པོ་ཆེའི་རྒྱན་གྱི་སྒྲ་སི་ལི་ལིར་

20190305

གཡུང་དྲུང་དབང་ལྡན

རིན་ཆེན་པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་རྩེ་ལ་རིན་ཆེན་འཛིན། གཡོན་པས་ཚེ་བུམ་རིན་ཆེན་བཅུད་ལྡན་བསྣམས། མཁའ་འགྲོ་ཀུན་སྨིན་སོ་སོར་རྟོགས་པའི་ཡུམ། སྔོན་པོ་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་ཚེ་ཡི་ལྗོན་ཤིང་མཁའ་ལ་ཕྱར། གཡོན་པས་བདུད་རྩི་ཞལ་བུ་ཡབ་ལ་བསྟབ། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ་ཚེ་བྲུཾ

20230519

སྲས་མཆོག་དབང་རྒྱལ།

པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་རྩེ་ལ་པདྨ་དཀར་པོ་འཛིན། གཡོན་པས་ཚེ་བུམ་རིན་ཆེན་རྒྱན་ལྡན་བསྣམས། མཁའ་འགྲོ་བདེ་ལྡན་སྦྱིན་པ་བསྐྱེད་པའི་ཡུམ། དམར་པོ་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་གྲི་ཁུག་ནམ་མཁའི་དབྱིངས་སུ་ཕྱར། གཡོན་པས་ཞལ་བུ་ཡབ་ཀྱི་ཞལ་དུ་བསྟབ། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ

20230521

ནམ་མཁའ་སྒྲོན་གསལ།

པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་རྔ་གཤང་སྒྲ་དབྱངས་སྒྲོགས། གཡོན་པས་ཚེ་བུམང་བཅུད་ལྡན་ཐུགས་ཀར་འཛིན། མཁའ་འགྲོ་བདེ་ལྡན་དབྱིངས་ཤེས་གཉིས་མེད་ཡུམ། དམར་ལྗང་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་མི་འགྱུར་གཡུང་དྲུང་མཁའ་ལ་ལྡིང་། གཡོན་པས་ཞལ་བུ་ཡོལ་ཆེན་ཡབ་ཞལ་བསྟབས། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ

20230521

གཡུང་དྲུང་དོན་གསལ།

པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་གཡུང་དྲུང་འོད་གསལ་འཛིན། གཡོན་པས་ཚེ་བུམ་རིན་ཆེན་བཅུད་ལྡན་བསྣམས། མཁའ་འགྲོ་ཀུན་བསྐྱེད་ཡེ་ཤེས་རྒྱས་པའི་ཡུམ། དཀར་མོ་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་ཡབ་འཁྱུད་གཡོན་པས་གཡུང་དྲུང་བསྐོར། འཛབ་ནི། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ་ཚེ་བྲུཾ

20230519

གཡུང་དྲུང་གྲུབ་པ།

རིན་ཆེན་པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་རྩེ་ལ་འཁོར་ལོ་བསྐོར། གཡོན་པས་ཚེ་བུམ་རིན་ཆེན་བཅུད་ལྡན་བསྣམས། མཁའ་འགྲོ་དབང་སྡུད་མཉམ་ཉིད་རྒྱལ་མཛད་ཡུམ། ལྗང་མོ་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལྗང་དར་ལྡེམས་སེ་ལྡེམས། གཡས་པས་ཡབ་འཁྱུད་གཡོན་པའི་བུམ་པ་འཛིན། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ་ཚེ་བྲུཾ། མ་མ་དྷ་ཀི་ཧ་རི་སྭི་ཏཱི་ཧཱུྃ་མི་འགྱུར

20230521

དྲག་པོ་རྒྱལ་པོ།

རིན་ཆེན་པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་རྩེལ་ལྕགས་ཀྱུ་འཛིན། གཡོན་པས་ཚེ་བུམ་རིན་ཆེན་བཅུད་ལྡན་བསྣམས། མཁའ་འགྲོ་དབང་སྡུད་ཐབས་ཤེས་གཉིས་མེད་ཡུམ། དཀར་མོ་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་སྡིགས་འཛུབ་གཡོན་པས་བུམ་པ་འཛིན། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ་ཚེ་བྲུཾ། མ་མ་དྷ་ཀི་ཧ་རི་སྭི་ཏཱི་ཧཱུྃ

20230521

པདྨ་མཐོང་སྒྲོལ་དབང་།

རིན་ཆེན་པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་ཚེ་ཡི་བུམ་པ་འཛིན། གཡོན་པས་མཉམ་བཞག་བྷན་དྷ་ཡོལ་ཆེན་བསྣམས། མཁའ་འགྲོ་ཞི་བ་རིན་ཆེན་རྒྱས་མཛད་ཡུམ། དཀར་ལྗང་རིན་ཆེན་རྒྱན་ས་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་སྡིག་མཛུབ་ཚེ་ཡི་ཞལ་བུ་འཛིན། གཡོན་པས་བྷན་དྷ་བཅུ་ལྡན་ཡབ་ཞལ་བསྟབས། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ

20230521

དཔའ་བོ་གཡུང་དྲུང་།

རིན་ཆེན་པྲོག་ཞུ་གསོལ། གཡས་པས་སྡིགས་མཛུབ་ཡེ་ཤེས་རལ་གྲི་འཛིན། གཡོན་པས་ཚེ་བུམ་རིན་ཆེན་བཅུད་ལྡན་བསྣམས། མཁའ་གྲོ་མཆོག་ཐུན་ཀུན་སྡུད་བདེ་བའི་ཡུམ། དམར་མོ་རིན་ཆེན་རྒྱན་ཆ་སི་ལི་ལི། དབུ་སྐྲ་ལི་ལྗང་དར་རྒྱང་ལྡེམས་སེ་ལྡེམ། གཡས་པས་ཕུར་པ་ནམ་མཁའི་དབྱིངས་སུ་ཕྱར། གཡོན་པས་ཞལ་བུ་བདུད་རྩི་ཡབ་ལ་བསྟབས། འཛབ་ནི། ཨཱོྃ་མ་ཧཱུྃཿབཛྲ་ཊནྤ་པྴང་གྷུ་རུ་ཨཱ་ཡུ

20230521

ཚེ་དབང་མཐིང་སྔོན་ཡབ་ཡུམ།

བདེར་གཤེགས་ཀུན་གྱི་གཙོ། སྐུ་མདོག་མཐིང་སྔོན་ནམ་མཁའི་བེ་དུ་རྒྱ། ཞལ་གཅིག་ཕྱག་གཉིས་སྟག་ཤམ་རུས་རྒྱན་གསོལ། དབུ་སྐྲ་ལི་ལྗང་རིན་ཆེན་པྲོག་ཞུ་གསོལ། དུར་ཁྲོད་རུས་པའི་རྒྱན་ཆ་སི་ལི་ལི། གཡས་པས་སྡིགས་མཛུབ་གཡུང་དྲུང་ཆག་ཤིང་འཛིན། སྡེ་བཅུ་བོན་གྱི་འཁོར་ལོ་ཐུགས་ལ་འཆང་། གཡོན་པས་ཚེ་བུམ་བཅུད་ལྡན་ཐུགས་ཀར་འཛིན། འཆི་མེད་སྐྱེས་བརྩན་གཡུང་དྲུང་ཚེ་ཡི་མཆོག

20230519