ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 20,213 ཡོད།

སུ་རུག་ཤོག་ཀ

སུ་རེད་གང་རེད་དེ་ཅི་རིགས་བསྡུས་པས་སུ་རུག་ཅེས་ཐོགས་ཚུལ་འདུག་པ་བཞིན་དུ་ངེས། ཉེ་དུས་སྔར་གྱི་ཆགས་གནས་བྲག་ནག་ཕུག་སེར་མ་དེ་རི་པ་སྨད་མའི་དགོན་ས་ཡིན་པས་དགོན་པ་ཆོག་མཆན་ཐོབ་པ་དང་ཤོག་ཀའི་སྲིད་གཞུང་ས་དཀར་ཆུ་རུལ་ཐང་དུ་ཕྱིར་ནུད། རྫ་སྟོད་རྫོང་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ༧༠མཚམས་དང་། ས་དེའི་ས་བབ་མཐོ་ཚད་ལ་མཚོ་ངོས་ལས་སྨིས༤༢༠༠ཙམ་ཟིན

20260720

ལྗིད་ཆུང་།

འདིར་རྫ་སྟོད་རྫོང་གི་ལྗིད་ཆུང་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།ཤོག་ཀ་སྲིད་གཞུང་གི་ནུབ་ཏུ་སྤྱི་ལེ༡༧ཡས་མས་དང་། ས་བབ་མཐོ་ཚད་མཚེ་ངོས་ལས་སྨིས༤༨༠༠ཙམ་ཟིན།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང་།

20260720

དགུ་ཆོས་གཞུང་།

འདིར་རྫ་སྟོད་རྫོང་གི་དགུ་ཆོས་གཞུང་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།སུ་རུག་ཤོག་ཀ་སྲིད་གཞུང་གི་ནུབ་བྱང་དང་འབྲེལ་ནས་ཡོད། ཆ་སྙོམས་ས་བབ་མཐོ་ཚད་མཚོ་ངོས་ལ་སྨིས༤༥༠༠ཙམ་ཟིན།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང་།

20260720

རོག་རྒྱུང་གཞུང་།

འདིར་རྫ་སྟོད་རྫོང་གི་རོག་རྒྱུང་གཞུང་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།འདི་ནི་ལུང་པ་ཞིག་གི་མིང་སྟེ་ཤོག་ཀ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཙམ་དང་ས་བབ་མཐོ་ཚད་ལ་མཚོ་འཕགས4300ཡས་མས་ལྡན།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང་།

20260720

ཡུག་གི་ཀླུ་སྨན་དཀར་མོ།

འདིར་རྫ་སྟོད་རྫོང་གི་ཡུག་གི་ཀླུ་སྨན་དཀར་མོ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།བྲག་རི་དཀར་པོ་རྦབ་ཆུ་དང་མཛེས་ལྗོངས་ཡིད་དུ་འོང་བས་མིང་དེ་ཐོགས། ཤོག་ཀ་སྲིད་གཞུང་གི་ཤར་ཕྱོགས་སྤྱི་ལེ40ཙམ་དང་མཐོ་ཚད་སྨི4300ཙམ་གྱི་སར་གནས།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང

20260720

ཆུ་བཟང་ཆོས་ཁྲི་ཐང་།

འདིར་རྫ་སྟོད་རྫོང་གི་ཆུ་བཟང་ཆོས་ཁྲི་ཐང་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།ཤོག་ཀ་སྲིད་གཞུང་གི་ཤར་ཕྱོགས་སྤྱི་ལེ40ཙམ་གྱི་སར་ཡོད་ཅིང་། གནའ་དུས་འབྲོང་སྨད་ལྕི་ཉིན་ཕྱོགས་ཀྱི་སྤྱི་རིམ་བཅའ་ས་ཡིན་པས་ཆོས་ཁྲི་ཐང་ཞེས་བྱ། མཐོ་ཚད་མཚོ་ངོས་ལས་སྨི4300ལྷག་ཟིན།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང

20260720

མཆིས་ལ།

འདིར་རྫ་སྟོད་རྫོང་གི་མཆིས་ལ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།ལ་འདི་རྫ་ལྕི་གཉིས་བར་སྨད་ཀྱི་ལ་ཆེ་ཤོས་ཤིག་ཡིན་ལ། རོག་རྒྱང་ཕུ་ནས་མཆིས་ཕུ་དང་འབྲེལ་བར་རྫ་ལའི་མཐོ་ཚད་མཚོ་ངོས་ལས་སྨི4700ཙམ་ཟིན། ཤོག་ཀ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཙམ་ཡོད།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང

20260720

རྫ་ཡི་ཨ་མགྲོན་ཁྲ་ཡག

འདིར་རྫ་སྟོད་རྫོང་གི་རྫ་ཡི་ཨ་མགྲོན་ཁྲ་ཡག་ཅེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།རྫ་རི་འདི་ཤོག་ཀ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ལྷག་དང་མཚོ་ངོས་ལས་མཐོ་ཚད་སྨི4800ལྷག་ཟིན། རྫ་གཞུང་སྲིབ་ཀྱི་རི་ཡིན་པ་མ་ཟད། རྫ་རི་སྔོ་ཁྲ་མགྲོན་བུའི་མདོག་ལྟར་གནས་པས་ཨ་མགྲོན་ཁྲ་ཡག་ཅེས་ཟེར།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ

20260720

ཡུག་སྲིན་ནོར་བུ་རྩེ་རྒྱལ།

འདིར་རྫ་སྟོད་རྫོང་གི་ཡུག་སྲིན་ནོར་བུ་རྩེ་རྒྱལ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།ཤོག་ཀ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ་32ཀྱི་མཚམས་སུ་རྫ་བྲག་དམར་སྐྱ་གློ་བའི་དབྱིབས་ཅན། ནང་དུ་གཟའ་བདུད་གནོད་སྦྱིན་མིག་དགུ་གནས་པར་གྲགས་ཤིང་། ཡུལ་མིས་ཡུག་གི་སྲིན་པོ་མགོ་དགུ་ཞེས་བྱ། རི་བོའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4300ལྷག

20260720

ལབ་རྩེ་གསུམ་པ།

ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།ལ་འདི་ལྗིད་ཆེན་གཞུང་གི་སྨད་དུ་གནས་པའི་སྐེད་ལམ་མགྲོན་ལམ་གལ་ཆེན་ཞིག་ཡིན། ལ་དེར་ལབ་རྩེ་རྡོ་སྤུངས་ཆེན་པོ་གསུམ་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། ཤོག་ཀ་སྲིད་གཞུང་གི་ནུབ་ཏུ་སྤྱི་ལེ༡༠ཡས་མས་དང་། ས་བབ་མཐོ་ཚད་མཚོ་ངོས་ལས་སྨིས༤༦༠༠ཙམ་ཟིན།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང

20260720