ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 75 ཡོད།

སྦྲུལ་ཞགས་པ།

ལྡུམ་བུ་གཞན་ལ་འཁྲིལ་ནས་སྐྱེ་ཞིང་ལོ་མ་ཟུར་གསུམ་ཤིན་ཏུ་ཆུང་ལ་མངོན་དཀའ་བ། མེ་ཏོག་དཀར་ཞིབ་བྲ་བོའི་མེ་ཏོག་གི་དབྱིབས་ལྟར་ཚིགས་མཚམས་ནས་ཚོམ་བུ་ཚོམ་བུར་འཆར་བ་ཅན་གྱི་ལྡུམ་སྨན་ལ་བྱ་སྟེ། གཅེས་བསྡུས་ཕན་བདེ་འབུམ་ཕྲག་ལས་འཕྲོས་པའི་བརྡ་ཚིག་གསང་རྒྱའི་ལྕགས་འབྱེད་གསེར་གྱི་ལྡེའུ་མིག་ལས། སྦྲུལ་ཞགས་ནི། བ་ཐག་དམར་པོའི་མེ་ཏོག་ཁྲོམ་ཁྲོམ་ཚིགས་པར

20230726

སྤྱང་ཚེར་རྒོད་པ།

ལོ་མང་སྐྱེ་བའི་ལྡུམ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཞིང་ཁུལ་གྱི་ས་ནག་དང་ཞིང་རྒོད་སོགས་སུ་སྐྱེ་བ། རྩ་ལོ་དང་མེ་འབྲས་རྣམས་ཕལ་ཆེར་གཡུང་བ་དང་འདྲ་བ་ལ་ངར་པ་ཁོང་སྟོང་སྦོམ་ལ་རིང་བ་གྱེན་དུ་སྐྱེས་པའི་མཐོ་ཚད་སྨི0.4-1.5ཙམ་ཟིན་པ། སྟོད་ཆ་ནས་ཡལ་ག་གྱེས་པ། ངར་པའི་ངོས་ཡོངས་རྫོགས་ལོ་ཚེར་གྱི་གཤོག་པས་ཁྱབ་པ་དང་། ལོ་མ་རེས་མོས་སུ

20190923

ཤུག་ཚེར།

ལོ་མང་སྐྱེ་བའི་ཤིང་མ་ལྡུམ་སྨན་གྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཅུང་སྦོམ་ལ་མཁྲེགས་པ་ས་འོག་ཏུ་རྒྱས་པ། སྡོང་པོ་ཕྲ་ལ་མཁྲེགས་པ་ཁྲུ་གང་ལྷག་ཙམ་ཡལ་གར་སྐྱེ་ཞིང་ལོ་མ་སྔོ་ནག་ཉམས་ལྡན་པ་སྦ་མའི་ལོ་མ་འདྲ་བ་ཚེར་མ་ཅན་གྱོང་བ་རྩུབ་བའོ༎ སྨན་དུ་སྦྱར་བྱ་ནི་རྒྱ་ཤུག་དང་སྤ་མའི་འབྲས་བུ་ཟླ་བ10-12པར་བཏུས་ནས་སོ་སོར་སྐམ་གསེད་དང

20190723

བལ་བུ་ནག་པོ།

བལ་བུ་ནག་པོ་སུར་ནག་ཡིན། །བལ་བུ་དག་དང་སྐྱེས་ས་མཐུན། །སྡོང་བུ་ལོ་མ་ནག་པ་ལ། །མེ་ཏོག་དམར་ལ་འབྲས་བུ་ཅན། །རོ་ནི་ཚ་ལ་ནུས་པ་དྲོ། །བལ་བུ་ནག་པོ་སུར་ནག་ཡིན། །བལ་བུ་དག་དང་སྐྱེས་ས་མཐུན། །སྡོང་བུ་ལོ་མ་ནག་པ་ལ། །མེ་ཏོག་དམར་ལ་འབྲས་བུ་ཅན། །རོ་ནི་ཚ་ལ་ནུས་པ་དྲོ། །རྒྱ་ཡིག་གི་མིང་། 光壳杜鹃 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230325

བོང་དུག་ནག་པོ།

བོང་དུག་ནག་པོ་ཞེས་བྱ་བ། །འདི་ཡི་ལོ་འབྲས་ཆ་གཅིག་དང་། །ཚ་བ་གསུམ་པོ་ཆ་གཅིག་སྦྱར། །གྲང་ནད་སེལ་བར་ཐེ་ཚོམ་མེད། ། གག་ལྷོག་ནད་ལ་ལུམས་བྱས་ན། །བདུད་རྩི་ལྟ་བུར་འཚོ་བ་ཡིན། །གསེར་མདོག་བུ་རམ་པི་པི་ལིང་། །སྦྱར་བས་ཕོ་བའི་གྲང་རླུང་སེལ། །ཡོན་ཏན་མང་སྟེ་བརྗོད་མི་ལང་། །རྒྱ་ཡིག་གི་མིང་། 黄花瑞香狼毒 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230325

དངུལ་ཤིང་སྟག་པ།

དངུལ་ཤིང་སྟག་པ་སྡོང་པོ་ཆེ། །པགས་པ་མུ་ལེ་གྲིམ་ཤིང་འདྲ། །ལོ་མ་ལྕང་ལོ་ཕྲ་ལ་སྲབ། །མེ་ཏོག་ལྕུག་པ་འདྲ་བ་སྟེ། །རང་གི་ནུས་པ་སྐམ་ལ་རྣོ། ། མགོ་དང་ཡན་ལག་བྱང་ཁོག་རྨ། །འདྲུབ་ཅིང་རྣག་སྐེམ་ཤའུ་གསོ། །དུག་ནད་མ་ལུས་སེལ་བར་བྱེད། །རྔོ་དང་ཤུ་བ་བལ་ལྷོག་སེལ། །མར་སྦྱར་བྱུགས་པས་སེལ་བར་འགྱུར། །རྒྱ་ཡིག་གི་མིང་། 白桦树 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230325

གཡའ་ཀྱི་སྔོན་པོ།

ཁ་ལ་ནུས་པས་ནད་རྣམས་སྐྱུགས། །ཆིག་ཐང་བཏང་བས་སྙིང་གི་ཚད་པ་སེལ། ། འཐིབས་ཤིང་མྱོས་པའི་ཚད་པ་དང་། །བརྒྱལ་ཞིང་འབོག་པའི་ཚད་པ་དང་། །ར་ཁྲག་སྐག་ཁུའི་ནང་དུ་སྦྱར། །སྨན་གྱི་ཐུན་ནི་ཆེ་བར་བཏང་། །སྙིང་གི་ཚད་པ་སེལ་བ་ལ། །འདི་ཡི་གོང་ན་སྨན་གཞན་མེད། །སྦྱོར་སྡེ་གཞན་སྦྱར་ནད་གཞན་སེལ། །རྒྱ་ཡིག་གི་མིང་། 蓝花金腰子 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230325

བདུད་རྩི་ད་ལིས།

གློ་ནད་མ་ལུས་སེལ་བར་བྱེད། །ཕོ་རིས་པི་ལིང་བཅའ་སྒ་དང་། །མ་ནུ་ཀ་ར་སྦྱར་དང་ན། །གློ་ནད་རིམས་དང་ཕོ་བའི་ནད། །ཆམ་པ་རྙིང་པ་མ་ལུས་སེལ། །ད་ལིས་བདུན་པ་སྨན་གྱི་མཆོག །སྐྲངས་འདུལ་ལུམས་ལ་འདི་ཉིད་བསྔགས། །འདི་ཡི་སྨན་སྦྱོར་བརྗོད་མི་ལང་། །ལྷ་ཆེན་ཚངས་པའི་བདུད་རྩི་ཡིན། །རྒྱ་ཡིག་གི་མིང་། 小叶杜鹃 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230325

སྟོང་རི་ཟིལ་པ།

སྨན་འཕྲོད་གཞན་སྦྱར་ཚད་རིམས་སེལ། །སྟོང་རི་ཟིལ་གནོན་པར་པ་ཏ། །ཆུ་རྟ་མོ་དང་གཡུ་མགོ་དང་། །ནད་མ་སྦྱར་ཡང་ཞིབ་བྱས་ལ། །བཞི་ཀའི་ཆུ་དང་སྦྱར་བྱས་ལ། །སྐྲངས་པ་གར་བྱུང་སྟེང་དུ་བྱུག །འབྱར་དང་དམ་རྣམས་ལེགས་བྱས་ན། །ལྷོག་པ་ལ་སོགས་སྐྲངས་རྣམས་སེལ། །འདི་ནི་སྐྲངས་འདུལ་རྒྱལ་པོར་གྲགས། །རྒྱ་ཡིག་གི་མིང་། 糙果紫堇 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230227

བྲག་ཇ་ཧ་བོ།

བུར་དཀར་དང་སྦྱར་གྲང་རླུང་སེལ། །ཚ་བ་གསུམ་སྦྱར་བད་ཀན་འཇོམས། །ལུས་ཀྱི་ནད་ཡོད་ཐམས་ཅད་དང་། །ཚ་གྲང་གང་ཡིན་སྨན་དང་སྦྱར། །ནད་རྣམས་སེལ་བ་ཐེ་ཚོམ་མེད། །མགོ་དང་ཡན་ལག་བྱང་ཁོག་རྨ། །རྨ་ཁོང་གཉིས་སུ་བཏང་བ་ན། །རྨ་འདྲུབ་ཤའུ་གསོ་བ་ཡིན། །སྦྱོར་སྡེ་གཞན་དུ་བཤད་ལྟར་བྱ། །རྒྱ་ཡིག་གི་མིང་། 卷丝苣苔 ཁོངས་གཏོགས། ལྡུམ་སྨན་གྱི་རིགས

20230325