ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 180 ཡོད།

ཤྭ་རྭ་ལ་བཙས

འདི་ནི་སྔོན་ཆད་རི་དྭགས་ཤྭ་བོའི་རྭ་ཡིས་བསྟད་པའི་ལ་བཙས་ཤིག་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཤྭ་རྭ་ལ་བཙས་ཀྱི་འོག་ཏུ་འབུམ་ཁང་ཡོད་པས་འབུམ་ཁང་དམར་ལྡང་ཡང་ཟེར། ལུང་དམར་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ5ཡས་མས་ཀྱི་མཚམས་སུ་ཡོད།འདི་ནི་སྔོན་ཆད་རི་དྭགས་ཤྭ་བོའི་རྭ་ཡིས་བསྟད་པའི་ལ་བཙས་ཤིག་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཤྭ་རྭ

20260206

ལ་བཙས་ནག་རིས།

ཉག་ག་འདིའི་ཁར་ལ་བཙས་ཤིག་བསྟད་ཡོད་ལ། གཞན་ཡང་དེར་ཤུག་སྡོང་ཁེར་སྐྱེས་ཤིག་ཀྱང་ཡོད་པ་དེའི་དབྱིབས་ལ་བཙས་དང་མཚུངས་ཤིང་། རྒྱང་ནས་བལྟས་ན་ནག་རིལ་ལེར་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། སྔོན་ཉག་གའི་ཁ་ན་དབུས་མཇལ་བས་ལ་བཙས་བསྟད་ཤུལ་ད་ལྟའང་མཐོང་རྒྱུ་ཡོད། ཤར་རི་ཁ་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ20མཚམས་སུ་ཡོད།ཉག་ག་འདིའི་ཁར

20250603

ཚམས་དཀར་ལ་བཙས

གྲོང་རྡལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ30མཚམས་སུ་ཡོད།གནས་འདིར་ཙག་ཝ་མ་མང་པོ་སྐྱེས་ཡོད་པས་རྒྱང་ནས་བལྟས་ན་མདོག་དཀར་པོར་མཐོང་བས་ཚམས་དཀར་ཞེས་ས་མིང་ལ་དེ་ལྟར་ཐོགས། ལ་བཙས་བཅུ་གསུམ་ཁྲོད་ཀྱི་གཅིག་ཡིན་ལ། གནས་འདིར་བསྟད་པའི་ལ་བཙས་བཅུ་གསུམ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་པ་ལྟར་བསྟད་པ་ཡིན་པར་བཤད། ཤངས་སྡེ་གྲོང་རྡལ་གྱི་ལྷོ་ཕྱོགས

20250513

ཚ་ལེ་དབྱིན་ལ་བཙས

ཚ་ལེ་དབྱིན་ལ་བཙས་ཞེས་པ་སོག་སྐད་དུ་ཏིག་ཚྭ་དང་ལ་བཙས་ཞེས་པའི་དོན་ཡིན། འདི་ནི་པཱ་ལིའུ་གུག་སྡེ་བའི་དགུན་ས་ཡིན་ཏེ། ལ་བཙས་དང་ཏིག་ཚྭའི་གཏེར་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། བུའུ་ཐའོ་མའེ་རིན་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ45ཡས་མས་ཀྱི་མཚམས་སུ་ཡོད།ཚ་ལེ་དབྱིན་ལ་བཙས་ཞེས་པ་སོག་སྐད་དུ་ཏིག་ཚྭ་དང་ལ་བཙས་ཞེས་པའི་དོན་ཡིན

20250402

བསྟོད་བསྟོད་ལ་བཙས་སྒང་།

གནས་འདིའི་རི་མགོར་སྔོན་ཆད་ནས་བཟུང་རྡོ་བརྩིགས་ཀྱི་ལ་བཙས་ཤིག་ཡོད་པས་ས་མིང་ལ་དེ་ལྟར་དུ་ཐོགས། བསྟོད་བསྟོད་ཞེས་པ་ནི་རྡོ་བརྩིགས་ལ་བཙས་བརྩིག་སྐབས་ངག་ནས་ལ་བཙས་བསྟོད་བསྟོད་ཡར་ལ་བསྟོད། ཁ་རྗེ་བཅུ་གསུམ་ཡར་ལ་བསྟོད་ཅེས་འབོད་སྲོལ་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། རི་རྒྱུད་ཀྱི་མཚོ་འཕགས་སྨི3480ཡས་མས་ཡོད། ཤར་རི་ཁ

20250519

ལ་བཙས་ནག་རིལ།

འདི་ནི་གཏན་ཆགས་ཐང་གི་བྱང་ཤར་གྱི་མཚམས་སུ་རི་ཆུང་ཆུང་ཞིག་ཡོད་པའི་སྟེང་ན་ལ་བཙས་ཤིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། རྒུ་རུ་ཡུལ་ཚོའི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ25ཡས་མས་ཀྱི་མཚམས་སུ་ཡོད།འདི་ནི་གཏན་ཆགས་ཐང་གི་བྱང་ཤར་གྱི་མཚམས་སུ་རི་ཆུང་ཆུང་ཞིག་ཡོད་པའི་སྟེང་ན་ལ་བཙས་ཤིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། རྒུ་རུ་ཡུལ་ཚོའི་ནུབ་བྱང

20250730

ལ་བཙས་ལུང་བ།

སྒང་མགོ་འདིར་སྔོན་ཆད་ནས་བཟུང་ལ་བཙས་ཤིག་བསྟད་ཡོད་པ་དང་གནས་འདི་ནི་དེའི་འདབས་ཀྱི་ལུང་བ་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། ཤངས་སྡེ་གྲོང་རྡལ་ནུབ་ཕྱོགས་ཀྱི་སྤྱི་ལེ5ཡས་མས་ཀྱི་མཚམས་སུ་ཡོད།སྒང་མགོ་འདིར་སྔོན་ཆད་ནས་བཟུང་ལ་བཙས་ཤིག་བསྟད་ཡོད་པ་དང་གནས་འདི་ནི་དེའི་འདབས་ཀྱི་ལུང་བ་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། ཤངས་སྡེ

20250509

ལ་བཙས་སྲིབ་ཆུ།

གནས་འདིའི་སྒང་ཁེར་སྐྱེས་ཤིག་གི་མགོ་རུ་སྔོན་ཆད་ལ་བཙས་ཡོད་ལ། དེའི་སྲིབ་རྒྱུད་དུ་ཆུ་མགོ་ཞིག་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཡུན་དར་ལུག་རྒྱུད་ར་བ་གསར་པའི་ཤར་ཕྱོགས་ཀྱི་སྤྱི་ལེ16ཡས་མས་ཀྱི་མཚམས་སུ་ཡོད།གནས་འདིའི་སྒང་ཁེར་སྐྱེས་ཤིག་གི་མགོ་རུ་སྔོན་ཆད་ལ་བཙས་ཡོད་ལ། དེའི་སྲིབ་རྒྱུད་དུ་ཆུ་མགོ་ཞིག་ཡོད་པས་ས་མིང་ལ་དེ

20251104

ཀླུ་མང་ལ་བཙས

སུ་ཡོད།མིང་གཞན་དུ་ཀླུ་མང་གསེར་གཞུང་རིང་མོའང་ཟེར། གནས་འདིར་ཡན་ལག་བརྒྱད་ལྡན་གྱི་ཆུ་མགོ་དངོས་གྲུབ་ཅན་བརྒྱ་ལྷག་འདུས་ཤིང་སྤང་ཞེང་ཆེ་ལ་ས་ཁོད་སྙོམས་པ། རི་མགོར་ལ་བཙས་བསྟད་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཤེས་ཡོན་གྲོང་རྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ24ཡས་མས་ཀྱི་མཚམས་སུ་ཡོད། “鲁茫拉则”藏语意为鲁神聚众的插箭台

20260202

གནས་རི་བྲག་སེར་ལ་བཙས

བོང་སྟག་སྡེ་བའི་གནས་འདིར་མ་ཞུས་པའི་སྔོན་ཏེ། སྤྱི་ལོ1777ལོར་བོང་སྟག་སྡེ་བ་འདི་རྨ་ཕ་རོལ་ན་ཡོད་དུས་རོང་བོའི་དགུ་ཆུའི་འགྲམ་ནས་བོང་སྟག་གིས་བྲག་སེར་ལ་བཙས་འདི་ཐེངས་དང་པོར་བསྟད། ཐེངས་གཉིས་པ་འབའ་སྟོད་བྲག་སེར་རི་ནས་སྤྱི་ལོ1784ལོར་བོང་སྟག་གིས་བྲག་སེར་ལ་བཙས་བསྟད། དེ་དུས་ཐེངས་དང་པོ་དགུ་ཆུའི་འགྲམ་ནས

20260203