ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 151 ཡོད།

རྣམ་པར་བྱང་བར་བརྗོད་པའི་གནས་བརྒྱད།

རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བའི་རྣམ་པར་བྱང་བར་བརྗོད་པའི་གནས་བརྒྱད་བསྟན་ཡོད།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། 1.ལྟ་བ་དང་ང་རྒྱལ་ལས་ཡང་དག་པར་འདས་པའི་ཕྱིར་རྣམ་པ་ལས་ཡང་དག་པར་འདས་པའི་ཡིད་ཅེས་བྱ་བ་རྣམ་པར་བྱང་བ་བརྗོད་པའི་གནས། 2.དེའི་མཚན་མ་སྤངས་པའི་ཕྱིར་མཚན་མ་དང་བྲལ་བ། 3.དེའི་བག་ལ་ཉལ

20210621

རྣམ་པར་བྱང་བ་རྣམ་པ་གཉིས།

རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བའི་རྣམ་པར་བྱང་བ་རྣམ་པ་གཉིས་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། 1.ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ། འགོག་པར་འགྱུར་ལམ་མོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཟི་པ》ཤ310བ1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201214

རྣམ་པར་བྱང་བ་རྣམ་པ་གསུམ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི་རྣམ་པར་བྱང་བ་རྣམ་པ་གསུམ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.ཉོན་མོངས་པ་སྤོང་བའི་མྱ་ངན་ལས་འདས་པ་འཇིགས་པ་མེད་པའི་ཕྱོགས་ཞེས་བྱ་བ་གང་ཡིན་པ། 2.དེ་ཐོབ་པར་བྱ་བའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པ་ལས་བརྩམས་ཏེ་དགེ་བའི་སེམས་ཀྱི་ཏིང་ངེ་འཛིན། 3.ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལས་བརྩམས

20210322

ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བརྟག་པའི་གཞི་གསུམ།

རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བརྟག་པའི་གཞི་གསུམ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་གཞི་བསྡུ་བ་ལས་བྱུང་བ་སྟེ། 1.མནོག་ལ་མནོག་གི་སྒོ་ནས་རྟོག་པ་ན་འདུ་བྱེད་རྣམས་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་རྟོག་པ། 2.ཉེས་དམིགས་ལ་ཉེས་དམིགས་ཀྱི་སྒོ་ནས་རྟོག་པ་ན་འདུ་བྱེད་རྣམས་ལ་རྣམ་པར་བྱང་བའི་རྒྱུར

20210118

རྣམ་པར་བྱང་བ་བསྒྲུབ་པར་དཀའ་བ་རྣམ་པ་ལྔ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི་རྣམ་པར་བྱང་བ་བསྒྲུབ་པར་དཀའ་བ་རྣམ་པ་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.ཡུལ་མཐའ་འཁོབ་ཏུ་སྐྱེ་བའི་སྒྲིབ་པ། 2.ངན་སོང་དུ་སྐྱེ་བའི་སྒྲིབ་པ། 3.ཁྱིམ་པའི་ཕྱོགས་ཀྱི་མཚམས་མེད་པའི་ལས་ཀྱི་ཆུ་ལོན་མི་བྱེད་པ། 4.རབ་ཏུ་བྱུང་བའི་ཕྱོགས་ཀྱི་ལྟ་བར་གྱུར་པ་ཚད་མེད་པ་དང་མ་བྲལ

20220221

རྣམ་པར་བྱང་བ་དང་བྲལ་བའི་ཉེས་དམིགས་རྣམ་པ་ལྔ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི་རྣམ་པར་བྱང་བ་དང་བྲལ་བའི་ཉེས་དམིགས་རྣམ་པ་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.ཡུལ་མཐའ་འཁོབ་ཏུ་སྐྱེ་བའི་སྒྲིབ་པ། 2.ངན་སོང་དུ་སྐྱེ་བའི་སྒྲིབ་པ། 3.ཁྱིམ་པའི་ཕྱོགས་ཀྱི་མཚམས་མེད་པའི་ལས་ཀྱི་ཆུ་ལོན་མི་བྱེད་པ། 4.རབ་ཏུ་བྱུང་བའི་ཕྱོགས་ཀྱི་ལྟ་བར་གྱུར་པ་ཚད་མེད་པ་དང་མ་བྲལ

20220221

ཀུན་ནས་ཉོན་མོངས་པ་དང་།རྣམ་པར་བྱང་བ་བརྟག་པ་རྣམ་པ་གཉིས།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་བརྟག་པ་རྣམ་པ་གཉིས་ཞེས་པ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཇི་ལྟ་བ་བཞིན་དུ་ཡོད་པ་དང་། ཇི་སྙེད་ཡོད་པ་དང་གཉིས་སོ། ། དེ་ལས། 1.ཇི་ལྟ་བ་བཞིན་དུ་ཡོད་པ་ནི། འདུ་བྱེད་རྣམས་ཀྱི་མནོག་གང་ཡིན་པ་དང

20201102

རྣམ་པར་བྱང་བའི་ཆོས་རྣམ་པ་བཞི།

མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བའི་རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་ལ་གོ་བ་ཡིན།མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། 1.རང་བཞིན་གྱིས་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དོ༎ 2.དྲི་མ་མེད་པར་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དེ་ནམ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་གློ་བུར་དང་བྲལ་བར་གྱུར་པའོ༎ 3.དེ་ཐོབ་པའི་ལམ

20210824

ཤེས་པར་བྱ་བ་རྣམ་པ་ལྔ།

ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བའི་ཤེས་པར་བྱ་བ་རྣམ་པ་ལྔ་ལ་གོ་བ་ཡིན།ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། གང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། གང་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་།དེའི་གནས་སྐབས་གང་ཡིན་པ་དང་། རྣམ་པར་བྱང་བ་གང་ཡིན་པ་དེའི་དབང་དུ་བྱས་ནས་ཐམས་ཅད་ཀྱང་ཤེས་པར་བྱ་བ་དག་གོ

20220412

ཡིད་ཀྱི་དཔྱོད་པ་བཅོ་བརྒྱད།

16.ཡིད་ཀྱིས་ཆོས་ཤེས་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ༎ 17.ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ༎ 18.བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ༎རྒྱ་ཡིག་གི་མིང་། 十八伺察意 འབྱུང་ཁུངས

20201215