ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 45 ཡོད།

རྒྱལ་པོ་མ་སྐྱེས་དགྲ།

རྒྱལ་པོ་གཟུགས་ཅན་སྙིང་པོའམ་མ་ལུས་འཕགས་མ་ཟེར།(ཨ་ཛ་ཏ་ཤྲུ་ཏ་གོ་དོན་མི་འདྲ་བ་ཡོད)དགེ་ཆོས་ཀྱི《གསེར་ཐང》ནང་སྲིད་དབང་བཟུང་ནས་ལོ་བརྒྱད་པ་ལ་སླེབས་སྐབས་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཞེས་གསལ་ཞིང༌། དཔའ་བོ་གཙུག་ལག་པས་མ་སྐྱེས་དགྲའི་ཁྲི་ལོ་ལྔ་པ་ལ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཞེས་གསུངས།རྒྱལ་པོ་གཟུགས་ཅན་སྙིང་པོའམ་མ་ལུས་འཕགས་མ་ཟེར

20170328

རྒྱལ་པོ་འཕགས་སྐྱེས་པོ།

རྒྱལ་པོ་གསལ་རྒྱལ་ལ་བློན་པོའི་གཙོ་བོ་དུམ་བུ་ཞེས་པ་ཞིག་ཡོད་པ་དེ་ལ་བུ་ས་སྐྱོང་དང་། སེང་གེ་གཉིས། སེང་གེ་ལ་བུ་མོ་གཉིས་ཡོད(གོས་ཅན་དང་ཉེ་གོས་ཅན)པས་དེ་གཉིས་ནོར་ནས་གོས་ཅན་རྒྱལ་པོ་གཟུགས་ཅན་སྙིང་པོས་བཙུན་མོར་བླངས་པ་ལས་བུ་སྐྱེས་པའི་མིང་ལ་རྒྱལ་པོ་མ་སྐྱེས་དགྲ་ཟེར། རྒྱལ་པོ་འཕགས་སྐྱེས་པོའི་ལོ་རྒྱུས་ཞིབ་ཆ་འདུལ་བ་ལུང་གི་གོས་གཞིའི་སྐབས་སུ་གསལ

20230817

རྒྱལ་པོ་གཟུགས་ཅན་སྙིང་པོ

རྒྱ་གར་གྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་པདྨའི་སྙིང་པོའི་བུ་ཡིན་ཅིང་། བཅོམ་ལྡན་འདས་དང་དགུང་མཉམ་རྒྱལ་པོ་བཞིའི་གྲས་ཡིན། དགེ་ཆོས་ཀྱི《གསེར་ཐང》ལས། རང་ལོ་བཅོ་ལྔ་པ་ལ་ཡབ་ཀྱི་བཀས་རྒྱལ་སར་འཁོད།རྒྱ་གར་གྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་པདྨའི་སྙིང་པོའི་བུ་ཡིན་ཅིང་། བཅོམ་ལྡན་འདས་དང་དགུང་མཉམ་རྒྱལ་པོ་བཞིའི

20230817

ཉན་ཐོས་ཆེན་པོ་འོད་སྲུང༌།

བསྙེན་རྫོགས་གནང་སྐབས་རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་གཟུགས་ཅན་སྙིང་པོ་བསད་ནས་རྒྱལ་པོ་བྱས་པའི་སྐབས་ཡིན་པར་དེའི་རྣམ་ཐར་ནང་གསལ།བསྙེན་རྫོགས་གནང་སྐབས་རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་གཟུགས་ཅན་སྙིང་པོ་བསད་ནས་རྒྱལ་པོ་བྱས་པའི་སྐབས་ཡིན་པར་དེའི་རྣམ་ཐར་ནང་གསལ།

20170801

སྲས་ལྔ་ཚིགས།

རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བུ་འགའ་ཞིག་ཡོད་པའི་ནང་གི་ཆུང་ཤོས་སྟོབས་ཆུང་གི་བུ་ལྔ་པ་ཞེས་པའི་དོན།རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བུ་འགའ་ཞིག་ཡོད་པའི་ནང་གི་ཆུང་ཤོས་སྟོབས་ཆུང་གི་བུ་ལྔ་པ་ཞེས་པའི་དོན་སྟེ། བུ་སྟོབས་ཆུང་ལ་བུ་ལྔ་བྱུང་བར་བཤད་པའི་ལྔ་པོ་སོ་སོའི་མིང་གང་ཟེར་ད་ཕན་དཔྱད་གཞི་མ་རྙེད

20230817

བཀའ་བསྡུ་དང་པོ།

བཞི། བཀའ་བསྡུ་བའི་དུས་དང་གནས་ནི། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་སྦྲུལ(སྤྱི་ལོའི་གོང་གི881)ལོ་གནས་བརྟན་སྡེ་པའི་ལུགས་ལྟར་ན་ས་རྟ(སྤྱི་ལོའི་གོང545)ལོར་རྒྱལ་པོ་མ་སྐྱེས་དགྲས་སྲིད་དབང་བཟུང་བའི་ཁྲི་ལོ་དགུ་པ་ལ་བབས་པ་རྒྱལ་པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་བདེ་ཅན་མའི་བྲག་ཕུག་ཏུ་བཀའ་བསྡུ་དང་པོ་མཛད

20170605

ཉེ་བར་འཁོར།

སྟོན་པ་ཤཱཀྱ་ཐུབ་པའི་ཉན་ཐོས་ཉེ་འཁོར་བཅུའི་ནང་གསེས་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་པའོ། ། སྟོན་པ་ཤཱཀྱ་ཐུབ་པའི་ཉེ་འཁོར་བཅུའི་ཡ་གྱལ། དེ་ཡང་བཀའ་བསྡུ་དང་པོའི་སྐབས་སུ་རྒྱལ་པོ་མ་སྐྱེས་དགྲ་སྦྱིན་བདག་དང་འཕགས་པ་འོད་སྲུངས་གིས་སྐུལ་མཁན་བྱས་ནས་ཉེ་བར་འཁོར་གྱིས་འདུལ་བ་བློར་བཟུང་བ་གསུངས་པའོ། །རྒྱ་ཡིག་གི་མིང་། 优婆离 ཁོངས་གཏོགས

20180605

རྒྱལ་པོ་གསལ་རྒྱལ།

རྒྱལ་པོ་ཞིག་ཡིན་པ་དེ་ཤཱཀྱ་མུ་ནེ་འཁྲུངས་པའི་ལོ་དང་ཟླ་ཚེས་འདྲ་ཞིང༌། ཁྲིར་ཕེབས་རྗེས་རྟག་ཏུ་བཅོམ་ལྡན་འདས་ལ་ཆོས་ཞུས་པས། དེའི་བློན་པོས་རྒྱལ་པོ་གནས་དབྱུང་བཏང་ནས་རྒྱལ་པོ་མ་སྐྱེས་དགྲར་དཔུང་རོགས་སུ་སྦྲན་པར་བསྐྱོད་པའི་ལམ་བར་དུ་ཤི། 波斯匿王,胜光王,胜军王。古印度舍卫国王,与释迎牟尼同年同月同日生。即位

20211009

རབ་ཞི་ཏིང་ངེ་འཛིན་གྱི་མདོ།

བརྗོད་བྱའི་ནང་དོན་གཙོ་བོ་ནི་སེམས་དཔའ་ཆོས་བཟང་ལ་ཏིང་ངེ་འཛིན་གྱི་གོ་དོན་གསུངས།དེ་ནས་དགེ་སློང་དེ་དག་དང་། བྱམས་པ། སྤྱན་རས་གཟིགས། ས་སྙིང་། ནམ་སྙིང་སོགས་རྒྱལ་སྲས་མང་པོ་དང་། རྒྱལ་པོ་མ་སྐྱེས་དགྲ་ཡང་ནོར་སྐྱོང་གི་བུ་ལ་ཞོན་ནས་འོངས་ཏེ། དེར་འདུས་པ་སོགས་འཁོར་མང་པོ་དང་ཐབས་གཅིག་པ་ན། བཟང་སྐྱོང་གིས་ཞུས་ཤིང་འཇམ་དཔལ་གྱིས་མཇུག་བསྡུས་པས

20190724

ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ།

དབྱར་གནས་པ་བཞི་བཅུ་རྩ་གཅིག་པ་མཛད་དོ། ། དབྱར་གནས་པ་དེ་གྲོལ་བ་དང་། མཆོག་ཟུང་ལ་སོགས་པའི་དགེ་སློང་འབུམ་འདུས་ཤིང་སྐྱེ་དགུའི་བདག་མོ་ཡང་འོངས་སོ། ། དཀོན་མཆོག་འབྱུང་གནས་སོགས་སེམས་དཔའ་དག་དང་། རྒྱལ་པོ་མ་སྐྱེས་དགྲ་རྣམས་འདུས་པ་ན། བཟང་སྐྱོང་གིས་ཞུས་ཏེ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་གསུངས་སོ། ། དེ་ལ་བམ་པོ་བདུན་དང

20190610