ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 26 ཡོད།

རྒྱ་གར་ཤར་ལི།

རྒྱ་གར་ཤར་ལི་ཟེར་བ་སྤྱི་ལོ་དུས་རབས་དགུ་པ་ཡས་མས་སུ་རྒྱ་གར་ཤར་ཕྱོགས་ས་ཁུལ་དུ་དར་བའི་འབུར་སྐུའི་བཟོ་རྒྱུན་ཆེན་པོ་ཞིག་ལ་བརྗོད་པ་ཡིན། དེ་ཡང་བོད་དུ་དུས་རབས་དགུ་པ་ཙམ་ནས་དེའི་བཟོ་རྒྱུན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་བཀའ་བདམས་ལི་མ་དང་འདོད་དཔལ་ལི་མ་ཡང་དེའི་ཤུགས་རྐྱེན་ལས་བྱུང་བ་ལྟ་བུ་སྣང་ངོ་། །རྒྱ་གར་ཤར་ལི་ཟེར་བ་སྤྱི་ལོ་དུས་རབས

20190122

མདོ་བ་དགོན་པ།

འདིའི་ནང་གི་རྟེན་གསུམ་སྐོར་གཙོ་བོ་ཇོ་བོའི་སྐུ་འདྲ་དང་། གསེར་ཟངས་ལས་གྲུབ་པའི་རྗེའི་སྐུ་བྱིན་ཅན། ཐུགས་རྗེ་ཆེན་པོའི་སྤོས་སྐུ་བྱིན་ཅན། སྒྲོལ་མའི་སྤོས་སྐུ་བྱིན་ཅན། རྒྱ་གར་ཤར་ལི་མང་བོ་ཡོད། གཞན་ལྷ་བཟོ་གྲགས་ཅན་གྱིས་བྲིས་པའི་བླ་མཆོད་ཚོགས་ཞིང་དང་། བདེ་གསང་འཇིགས་གསུམ་གྱི་ཞལ་ཐང་སོགས་ཡོད། མདོ་བ་དགོན་པའི་ལྷ་སྡེ་ནི་རྔ་བ་རྫོང་མཚན་ཉིད་ཡུལ་ཚོའི

20230625

ཨ་འདུས་དགོན་གོང་མ།

སྟོང་དགུ་ལྷག་ཡོད་པ་དང་། རྔ་བ་རྫོང་མཁར་ནས་སྤྱི་ལེ18མཚམས་སུ་ཆགས་ཡོད། དགོན་འདིའི་ནང་གི་རྟེན་གསུམ་གཙོ་བོ་ཁྲི་ཆེན་བྱང་སེམས་གླིང་རི་ཐང་བའི་འབྲལ་སྤང་ཐུབ་སྐུ་རྒྱ་གར་ཤར་ལི་མ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་དབུ་སྔས་ནས་གནང་བའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གསེར་སྐུ། བཀའ་བློན་ཤ་ཁྲས་ནང་རྟེན་གྱི་རྗེ་ཡབ་སྲས་གསུམ་གྱི་སྤོས་སྐུ

20230529

ཨ་འདུས་དགོན་འགབ་མ།

17མཚམས་སུ་ཆགས་ཡོད། དགོན་འདིའི་ནང་གི་རྟེན་གསུམ་གཙོ་བོ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་། ཐུབ་པ་རྡོ་གདན་མ། རྒྱལ་དབང་སྐུ་ཕྲེང་བརྒྱད་པས་གནང་བའི་མི་འཁྲུགས་པའི་སྐུ་རྒྱ་གར་ཤར་ལི་མ། བྱམས་སྐུ། འཇིགས་བྱེད། ཚ་ཁོ་ངག་དབང་གྲགས་པས་གནང་བའི་ཚོགས་བདག་གླང་གདོང་ས་མིན་རྡོ་མིན་ལས་གྲུབ་པ། རྗེ་རིན་པོ་ཆེའི་ཤངས་ཁྲག་གིས་བྲིས་པའི་ཆོས་རྒྱལ་བསྐྱང་བསྐུམ་མའི

20230529

འབྲོག་དགེ་དགོན་པ།

རྔ་བ་རྫོང་མཁར་ནས་སྤྱི་ལེ18ཙམ་གྱི་མཚམས་སུ་ཆགས་ཡོད། དགོན་འདིའི་ནང་གི་རྟེན་གསུམ་གཙོ་བོ་རྗེ་བཙུན་ཏཱ་རྭ་ནཱ་ཐའི་སྐུ་ཆོས་དང་ཞབས་ལྷམ་དབུ་ཞྭ་བཅས་དང་། ཐུབ་པ་རྡོར་གདན་མ་རྒྱ་གར་ཤར་ལི་གཙོ་འཁོར་གསུམ། སྒྲོལ་མ་རྒྱ་ནག་མ་བྱིན་ཅན། གོས་ལྷ་པཎ་ཊི་ཏས་བྲིས་པའི་སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གནའ་ཐང་སོགས་ངོ་མཚར་བའི་རྟེན་མཆོག་ཁྱད་པར་བ་གྲངས་ལས་འདས་པ

20230530

ལི་སྐུ།

ལྕགས་རིགས་ཀྱི་གཏེར་རྡོ་ཞིག་བཙོ་སྦྱངས་བྱས་པ་ལས་ཐོན་པ་ཞིག་ཡིན། དེ་ལའང་སྤྱིར་ན་རྒྱ་ལི་དང་བོད་ལི་ཞེས་རིགས་གཉིས་སུ་དབྱེ་བ་དང་། རྒྱ་ལི་ལའང་ཐོན་ཁུངས་མི་འདྲ་བར་བརྟེན་ནས་རྒྱ་གར་ཤར་ལི་དང་ནུབ་ལི་ཞེས་རིགས་གཉིས་སུ་དབྱེ་ཞིང་། དེ་རེ་རེ་ལའང་དཀར་དམར་གཉིས་ཀྱི་ཁྱད་པར་ཡོད།རྒྱུ་ལི་ལས་གྲུབ་པའི་ལྷ་སྐུའི་སྣང་བརྙན་ལ་ལི་སྐུ་ཞེས་འབོད

20190409

གྲོག་ཨེ་ཝཾ་བསམ་གྲུབ་གླིང་ཆོས་སྡེ།

བློ་གླིང་གི་ཁོངས་སུ་གཏོགས། ད་ལྟ་དགོན་དེར་སྔར་གྱི་རྟེན་རྙིང་ལྷག་ལུས་བཞུགས་པ་གསེར་ཟངས་ཀྱི་ཐུབ་དབང་སྐུ་མི་ཚད་མ་གཅིག་དང་། ཟངས་དང་ལི་མ་བཅས་སྐུ་བསྡོམས་པས19སྐོར། རྒྱ་གར་ཤར་ལིའི་པད་སྤུངས་མཆོད་རྟེན13མགོན་པོའི་བླ་རྡོ་བྱིན་ཅན། བདེ་མཆོག་ཡབ་ཀྱི་གསང་བ་རྡོ་རྗེ་མཚོན་པའི་ངོ་མཚར་ཅན། ཞལ་ཐངས་གྲངས13དང་། གཞན་ཡང་སཱཙྪའི་བརྐོས་ཕོར་སོགས་ཡོད་པ་རེད

20190819

འདོད་དཔལ་ལི་མ།

སོང་བའི་དན་རྟགས་རང་དུ་མངོན། གཞན་ཡང་ལག་ཤེས་སྒྱུ་རྩལ་གྱི་ཁྱད་ཆོས་མདོར་ཙམ་གླེང་ཚེ། སྐུ་བརྙན་གྱི་བཟོ་བཀོད་གཅིག་གྱུར་དང་། ཁྲི་ཡོལ་དང་རྒྱན་རིས་ཀྱི་བཟོ་བཀོད་སྤྱིར་རྒྱ་གར་ཤར་ལི་དང་འདྲ་ཆེ་མོད་ཀྱང་རང་རང་དུས་དང་ཡུལ་གྱི་ཁྱད་ཆོས་ཀྱང་མངོན་གསལ་དུ་དོད་པ། སྐུ་བརྙན་གྱི་སྟངས་སྟབས་བདེ་ལ་ཆེ་ཆུང་གི་ཚད་གཞི་རན་པ། རྒྱན་རིས་དང་། ལྷག་པར་དུ་གཡུ་བྱུར

20190111

བཀའ་གདམས་ལི་མ།

བཀའ་གདམས་ལི་མར་ཁྱད་ཆོས་གང་ཡོད་དམ་ཞེ་ན། དེར་ཡང་རྒྱུ་ཆ་དང་བཟོ་སྐྲུན་བཀོད་པ་གང་སྤྱིའི་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་གསལ་པོ་མངའ་བ་ཡིན་ཏེ། གཅིག བཀའ་གདམས་ལི་མ་ནི་རྒྱ་གར་ཤར་ལིའི་ཤུགས་རྐྱེན་འོག་དར་བ་ཞིག་ཡིན་པ་དང་དེའི་རྒྱུ་ཆ་ལི་མ་ཡང་གཞི་སེར་པོ་ཡིན་པ་ལ་དུས་དང་གནམ་གཤིས་ཀྱི་འགྱུར་བའི་དབང་གིས་མདོག་ནག་ཙམ་ཡིན། གཉིས། ལུགས་རྒྱུ་ལི་མ་སྲབ་ཅིང

20190524

རྒྱུད་པ་དགོན།

སྐུ་ཕྲེང་དགུ་བ་འཇམ་དབྱངས་སྨྲ་བའི་སེང་གེ་བཅས། གཡང་ལུང་དང་རྒྱ་ཁོས་ཉིན། ཨ་སྐྱིད་འབྲོག་སྟོད་པ། ཨ་སྐྱིད་རོང་སྟོད་པ་བཅས། ས་སྐྱ་གོང་མས་གནང་བའི་མགོན་པོའི་སྨན་སྐུ་དང་རྒྱ་གར་ཤར་ལི་མ་ཡིན་པའི་སྟོན་སྐུ་བྱིན་ཅན། ཕྱག་འཚལ་སྒྲོལ་མ་གསུང་བྱོན་སོགས་གསེར་སྐུ་དགུ་ཙམ་དང་དམར་མདོ་གསེར་བྲིས་པོ་ཏི་གཅིག སྡེ་དགེའི་ཤིང་དཔར་ཪྙིང་བ་བཀའ་འགྱུར་བྱིན་ལྡན་ཚར་གཅིག

20180115