ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 2,802 ཡོད།

བདུད་རྩི་བུམ་པ།

བདུད་རྩི་བུམ་པ་གཡུ་ཡི་རྒྱལ་མཚན་འདྲ། །དྲི་ཆེ་རོ་ཁ་ནུས་པས་སྲིན་རྣམས་གསོད། །བདུད་རྩི་བུམ་པ་གཡུ་ཡི་རྒྱལ་མཚན་འདྲ། །དྲི་ཆེ་རོ་ཁ་ནུས་པས་སྲིན་རྣམས་གསོད། ། ཤིང་མངར་སྤེན་ཐལ་སྤང་རྒྱན་དཀར། །ཀ་ར་དང་སྦྱར་གློ་ནད་སེལ། །ཕུར་མོང་ལོ་མ་སྤང་སྤོས་དང་། །ཐང་ཕྲོམ་འབྲུ་གུ་དང་སྦྱར་ན། །སྲིན་ནད་མ་ལུས་སེལ་བར་བྱེད། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ

20231023

ཉུང་མའི་མེ་ཏོག་ས་བོན།

ཉུང་མའི་མེ་ཏོག་ས་བོན་ནི༎ རོ་ཁ་ནུས་པས་འཁྲུ་བ་སེལ༎ཉུང་མའི་མེ་ཏོག་ས་བོན་ནི༎ རོ་ཁ་ནུས་པས་འཁྲུ་བ་སེལ༎ ཉུང་མ་མེ་ཏོག་སྦྲང་རྩི་དང་༎ ཁུར་མང་མེ་ཏོག་གུར་གུམ་རྣམས༎ འབྲས་ཁུས་ཕུལ་བཏང་འཁྲུ་བ་སེལ༎ མཆོག་ཏུ་རིམས་ཀྱིས་འཁྲུ་བ་སེལ༎ ཉུང་མས་དུག་ནད་སྲུང་དང་སྦྱོངས༎ ཉུང་མའི་ས་བོན་ཚ་ལ་དང་༎ སྦྲང་རྩི་རྩད་དང་ལྕགས་ཕྱེ་དང་༎ གླ་རྩི་དང་ནི་ཀ་ར་སྦྱར

20231024

ཉི་དགའ།

ལྕམ་པས་ཆུ་འགགས་སྐོམ་དད་འཁྲུ་བ་སེལ།། ཞེས་དང་། ལྗོན་ཤིང་ལས། ལྕམ་པས་མཁལ་མའི་ནུས་པ་སྐྱེད།། ཆུ་སྲི་འགགས་སེལ་རྨ་རྣམས་སྐེམ།། ཞེས་དང་། གཡུ་ཐོག་ཁྱུང་པོའི་སྨན་གྱི་རོ་ནུས་ཞུ་རྗེས་ལས། ཉི་དགའ་རོ་མངར་བསྐ་ལ་ཞུ་རྗེས་དྲོད།། མཁལ་ནད་ཆུ་འགས་རྩ་ནད་སྐྲངས་པ་སེལ།། ཞེས་དང་། སྨན་མིང་རྒྱ་མཚོ་ལས། ཉི་དགའ་དྲོད་ལྡན་ཆུ་འགགས་སེལ༎ ཞེས་གསུངས་སོ

20231229

ཨུག་ཆོས་དཀར་པོ།

ཨུག་ཆོས་དཀར་པོ་ཞེས་བྱ་བ། །ལོ་མ་ཨུག་ཆོས་འདྲ་བ་ལ། །མེ་ཏོག་ཨུག་ཆོས་འདྲ་སྟེ་དཀར། །རོ་ཁ་ནུས་པས་ཆུ་སེར་སྐེམ། །ཨུག་ཆོས་དཀར་པོ་ཞེས་བྱ་བ། །ལོ་མ་ཨུག་ཆོས་འདྲ་བ་ལ། །མེ་ཏོག་ཨུག་ཆོས་འདྲ་སྟེ་དཀར། །རོ་ཁ་ནུས་པས་ཆུ་སེར་སྐེམ། ། འདི་ཡི་སྨན་གྱི་སྦྱོར་བ་ནི། །ཆུ་སེར་ནད་འདྲེན་བཤལ་ཞེས་བྱ། །ཨུག་ཆོས་དཀར་པོའི་རྩ་བ་ཤག །སྤང་རྒྱན་དཀར་པོ

20230924

སྲན་ཆུང་།

ཞིང་སྐྱེས་སྲན་མ་ལེབ་མོའི་མིང་།ཞིང་སྐྱེས་སྲན་མ་ལེབ་མོའི་མིང་སྟེ། ནོར་བུའི་དོ་ཤལ་ལས། སྲན་ཆུང་ནི། སྲན་མ་ལེབ་མོའོ། ། ཞེས་གསུངས་ཤིང་། དེའི་དབྱིབས་དང་རོ་ནུས་ནི། དྲི་མེད་ཤེལ་གོང་ལས། སྲན་ཆུང་ལེབ་མོ་བསྐ་མངར་ཉེས་གསུམ་བསྐྱེད། ། གཞང་འབྲུམ་ལ་ཕན་སྐྱོ་མ་བྱུགས་པ་ན། ། མེ་དབལ་དྲེག་ནད་དང་ནི་ཁྲག་ནད་འཇོམས། ། ཞེས་གསུངས་པས་སོ

20230922

བདུད་རྩི་སུམ་སྦྱོར་དཀྱུས་མ།

དུ་བཞག་པའི་རྒྱུ་མཚན་ནི། སྨན་སྦྱོར་འདིའི་གཙོ་བོ་ཅོང་ཞི་ཡིན་ཞིང་། ཅོང་ཞི་ཉིད་རུས་ཆག་གསོ་བར་བྱེད་པའི་སྨན་མཆོག་ཏུ་གྱུར་པ་ཡིན་པས་ཏེ། གཡུ་ཐོག་ཁྱུང་པོའི་སྨན་གྱི་རོ་ནུས་ཞུ་རྗེས་ལས། ཅོང་ཞི་རོ་མངར་ཞུ་རྗེས་ཅུང་ཟད་དྲོད། ། རུས་ཆག་གསོ་ཞིང་མཁལ་ནད་གྲང་བ་སེལ། ། རོ་ཙ་རྒྱས་ཤིང་ཤ་མདངས་འཕེལ་བར་བྱེད། ། ཅེས་གསུངས་པས་སོ། །འབྱུང་ཁུངས

20230727

ཨུན་ཀྲོའུ་ཁྲུང་ཏུང་རྩ་བ།

སྨན་པ་ཁྲེང་ཙང་ཆིས། རོ་ཁ། ནུས་པ་སྙོམས། དུག་མེད། རང་གི་ནུས་པས་དུག་ཚད་དང་། སྦྲུལ་དུག་དང་། ཁྱི་སྨོན་གྱི་དུག་དང་། བ་དུག་དང་། རྨ་རྒན་ཆུ་སེར་འཛག་པ་བཅས་ལ་ཕན་ནོ༎སྨན་པ་ཁྲེང་ཙང་ཆིས། རོ་ཁ། ནུས་པ་སྙོམས། དུག་མེད། རང་གི་ནུས་པས་དུག་ཚད་དང་། སྦྲུལ་དུག་དང་། ཁྱི་སྨོན་གྱི་དུག་དང་། བ་དུག་དང་། རྨ་རྒན་ཆུ་སེར་འཛག་པ་བཅས་ལ་ཕན་ནོ

20231225

པོ་སོ་ཆ།

རྒྱུད་ལས། སོ་ཆས་ནད་ཀུན་གྱེན་འདྲེན་སྐྱུགས་སྨན་མཆོག ། ཅེས་དང་། གདམས་པ་སུམ་ཅུ་པ་ལས། སོ་ཆ་རློན་ཞིང་གྱེན་ལ་འདྲེན་པའི་མཆོག། ། ཅེས་དང་། གཡུ་ཐོག་ཁྱུང་པོའི་སྨན་གྱི་རོ་ནུས་ཞུ་རྗེས་ལས། པོ་སོ་ཆ་ནི་རོ་ཚ་སྐྱུར་ལ་དྲོད། ། ནུས་པས་མ་ཞུ་བད་ཀན་གྱེན་དུ་འདྲེན། ། ཞེས་དང་། སྨན་མིང་རྒྱ་མཚོ་ལས། པོ་སོ་ཆ་ཡིས་ནད་རྣམས་སྐྱུགས། ། ཞེས་གསུངས་པས་སོ

20230628

སྨན་གྱི་རོ་ནུས་སྦྱོར་བ་དྲུག

《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་སྨན་གྱི་རོ་ནུས་སྦྱོར་བ་དྲུག་ལ་གོ་བ་ཡིན།1.རླུང་སྨན་རོ། 2.རླུང་སྨན་ནུས་པ། 3.མཁྲིས་སྨན་རོ། 4.མཁྲིས་སྨན་ནུས་པ། 5.བད་ཀན་གྱི་སྨན་གྱི་རོ། 6.བད་ཀན་སྨན་གྱི་ནུས་པའོ༎འབྱུང་ཁུངས། 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》དེབ་དང་པོ་ཤ59.17

20210301

བྱང་ལུགས་མིང་ཅན་ནག་པོ།

འདི་ལ་མིང་གཞན་དུ་དབང་ཕྱུག་མིག་ཅེས་བརྗོད་པར་གསུངས། དེའི་ཕན་ཡོན་ནི། སྨན་མིང་རྒྱ་མཚོ་ལས། དབང་ཕྱུག་མིག་གིས་དུག་ཚད་སྡུད། ། ཅེས་དང་། གཡུ་ཐོག་ཁྱུང་པོའི་སྨན་གྱི་རོ་ནུས་ཞུ་རྗེས་ལས། མིང་ཅན་རོ་ཁ་བསྐ་ལ་ཞུ་རྗེས་བསིལ། ། ནུས་པས་གཉན་ནད་སེལ་ཞིང་དུག་ཚད་འཇོམས། ། ཞེས་གསུངས་སོ། ། གོང་དུ་ཟིན་ཏིག་གི་གཞུང་རྩ་བར་བྱང་ལུགས་མིང་ཅན་ནག་པོ་འཁྲུལ་མེད

20230701