ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 59 ཡོད།

རིན་སྤུངས་པ་ཀུན་བཟང་པ།

ཡབ་རིན་སྤུངས་པ་ནོར་བུ་བཟང་པོའི་སྲས་འདིས་གོང་མ་གྲགས་པ་འབྱུང་གནས་སྐུ་མཆེད་ཀྱི་ཞབས་ལ་གཏུགས་ཤིང་། ཡབ་མེས་ཀྱི་འཇའ་ས་དང་ལས་ཀ་བླངས་ཏེ་རིན་སྤུངས་པའི་རྫོང་དཔོན་མཛད་སྐབས་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ་ཀུན་མཁྱེན་སངས་རྒྱས་འཕེལ་དང་གོ་རམ་པ་བསོད་ནམས་སེང་གེ་དང་མཆོད་ཡོན་འབྲེལ་ཏེ་འབྲས་ཡུལ་སྐྱེད་ཚལ་གྱི་བཤད་གྲྭ་བཙུགས

20230816

སྡེ་པ་རིན་སྤུངས་པ

དེ་སྐབས་མི་དབང་གྲགས་པ་རྒྱལ་མཚན་གྱི་གཅུང་སངས་རྒྱས་རྒྱལ་མཚན་པས་རིན་སྤུངས་པའི་སྲས་མོ་ཀུན་དགའ་དཔལ་འཛོམས་ལྕམ་དུ་བསུས་པར་སྲས་ངག་དབང་གྲགས་པ་འབྱུང་གནས་འཁྲུངས། རིན་སྤུངས་པ་ནོར་བུ་བཟང་པོའི་སྐབས་བསམ་གྲུབ་རྩེའང་མངའ་འོག་ཏུ་བསྡུས་པས་ཕག་གྲུའི་དབང་ཐང་ཉམས་འགོ་ཚུགས། རིན་སྤུངས་པ་ནོར་བུ་བཟང་པོའི་སྲས་ལྔ་ལས་གཉིས་པ་ཀུན་ཏུ་བཟང་པོས་རིན་སྤུངས་རྫོང

20181108

དགའ་ལྡན་དམག་དཔོན་བསོད་ནམས་རྒྱལ་པོ།

ཆེ་བས་དབྱི་ནག་བསོད་རྒྱལ་དུ་གྲགས། མཐོང་ཆེ་བ་དང་། དབང་རིས་ཀྱི་འཇའ་ས་གནང་། དེའི་བུ་ནང་སོ་ནམ་མཁའ་རྒྱལ་པོས་བར་སྐབས་ཆུ་ཤུལ་ལྷུན་པོ་རྩེ་བཟུང་། སྣེལ་པ་ནང་ཟློས་དུས་རིན་སྤུངས་པའི་དམག་སྙེ་ཐང་དུ་འབྱོར་ཐོག་ཆུ་ཤུལ་དུ་གཏད། དེའི་བུ་བསོད་ནམས་ཀྱི་བྱ་སྤྱོད་སྣེལ་པའི་སྐུ་མཆེད་ཀྱི་ཐུགས་ལ་མ་བབས་པ་བྱུང་སྟབས་རིན་སྤུངས་དོན་ཡོད་རྡོ་རྗེས་སྐྱིད་ཤོད

20230817

སྡེ་པ་རིན་སྤུངས་པ་ངག་དབང་འཇིག་གྲགས།

སྐུ་ཚེ་མཇུག་ཏུ་མངའ་ཐང་ཕལ་ཆེར་ཤོར་ཞེས་གསུངས་པ་ལྟར་ན། རབ་བྱུང་དགུ་བའི་ཤིང་གླང(སྤྱི་ལོ1565)ལོར་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་བསམ་གྲུབ་རྩེ་བཟུང་། རིན་སྤུངས་པ་ཁྲི་ཐོག་བཞིས་མི་ལོ130རིང་བོད་ཀྱི་སྲིད་དབང་འཛིན་པ་མཇུག་རྫོགས་པས། དེ་དག་ལ་བརྟགས་ན་རྗེ་འདི་སྤྱི་ལོ1557-1556ལོའི་བར་འདས་པ་ཡིན་ནམ་སྙམ

20180425

ཞིང་ཤག་པ་ཚེ་བརྟན་རྡོ་རྗེ།

ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་གཙང་རྒྱལ་གྱི་ཐོག་མ་ཡིན་ལ། ཁོང་ནི་རིན་སྤུངས་པའི་གཉེན་ཚན་དུ་གཏོགས། རིན་སྤུངས་པ་དང་སྣེ་གདོང་བ་གཉིས་ཀྱི་ཞབས་འབྲིང་དང་། དེ་ནས་ཆིབས་དཔོན། རྫོང་དཔོན་སོགས་ཀྱི་གོ་གནས་རིམ་བཞིན་བརྒྱུད། རྗེས་སུ་ཁོང་འབངས་གྱེན་ལོག་བྱས་ཏེ་གཙང་རྒྱལ་གྱི་ཐོག་མ་རུ་གྱུར།ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས

20160830

ངག་དབང་བཀྲ་ཤིས་གྲགས་པ།

ཡས་མས་སུ་སྐུ་གཤེགས། གདུང་སྲས་བགྲེས་པ་འགྲོ་བའི་མགོན་པོ་དང་དགའ་ལྡན་པའི་ལྕམ་མོ་ཞིག་གཉེན་སྡེབ་སྟེ་གོང་དཀར་གཞིས་ཀ་བཟུང་ནས་སྲས་སྐུ་མཆེད་གཉིས་ཀྱང་འཁྲུངས། འདི་དག་སྐབས་ལ་རིན་སྤུངས་པ་སོགས་ཀྱིས་སྡེ་གཟར་མང་ཙམ་ལངས་ནའང་རེ་ཞིག་ཕག་གྲུའི་སྲིད་དབང་རྩ་ཤོར་མ་བྱུང་ཙམ་ལས། དོན་ལ་རིན་སྤུངས་པས་ཕག་གྲུའི་སྡེ་སྲིད་ཀྱི་མངའ་ཐང་ཕལ་ཆེར་བླངས་ཡོད་པ་དང

20160328

ཕོ་བྲང་རིན་ཆེན་སྤུངས།

(སྡེ་པ་རིན་སྤུངས་པ)གཞིས་རྩེ་ས་ཁུལ་ཁོངས་རིན་སྤུངས་རྫོང་དུ་ཡོད། རྫོང་འདི་སྔར་རབ་བྱུང་དྲུག་པའི་འགོ་ཙམ་ལ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་བའི་ལག་ནས་བོད་ཀྱི་སྲིད་དབང་བླངས་པའི་རྗེས་སུ་བརྩིགས་པ་ཡིན་ཚུལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལྕགས་དཔར་མའི་ཤོག་གྲངས185བར་གསལ

20171127

རྒྱལ་ཆེན་རྩེ་ཆོས་སྡེ།

རྒྱལ་ཆེན་རྩེ་ཆོས་སྡེ་ནི་རིན་སྤུངས་པའི་དཔོན་ས་བུ་འདྲེན་བདག་མོས་བཏབ་པར་གྲགས་ཤིང་། རིང་མོ་ཞིག་ནས་པཎ་ཆེན་དམ་ཆོས་ཡར་འཕེལ་གྱིས་བླ་མ་མཛད། རྗེ་བླ་མའི་ཆོས་སྲིད་གདུགས་དཀར་གྱིས་ཁྱབ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྐྱོང་བ་གནང་།རྒྱལ་ཆེན་རྩེ་ཆོས་སྡེ་ནི། རིན་སྤུངས་པའི་དཔོན་ས་བུ་འདྲེན་བདག་མོས་བཏབ་པར་གྲགས་ཤིང་། རིང་མོ་ཞིག་ནས་པཎ་ཆེན་དམ་ཆོས་ཡར་འཕེལ

20220520

སྟག་ལོའི་སྡེ་གཟར།

གཙོ་བོ་ཞིག་ཏུ་གྱུར་ཡོད། དེས་ན་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་ཉམས་རྒུད་དུ་ཕྱིན་པ་ཡང་རྒྱུ་རྐྱེན་དེ་ལས་མ་འདས། ཕག་གྲུ་དང་རིན་སྤུངས་པ་གཉེན་བསྲེས་པའི་ཐོག་མ་ནི་ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་པའི་ལྕམ་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བཞེས་པ་དེ་ཡིན་ཞིང་། དེ་གཉིས་ཀྱི་སྲས་གྲགས་པ་འབྱུང་གནས་དགུང་ལོ་བཅུ་དགུ་པར་སྲིད་ཁྲིར་ཕེབས་སྐབས

20160608

སྐྱིད་ཤོད་དགའ་ལྡན།

དབྱི་ནག་བསོད་རྒྱལ་བ་སྤུན་མཆེད་ཀྱི་བུ་ནང་སོ་ནམ་མཁའ་རྒྱལ་པོས་བར་སྐབས་ཤིག་ཆུ་ཤུལ་ལྷུན་པོ་རྩེའི་རྫོང་བཟུང་ཡང༌། གཞིས་ཀ་སྣེའུ་པ་ནང་བཟློས་བྱུང་བ་དང་སྟབས་བསྟུན་རིན་སྤུངས་པའི་དམག་སྙེ་ཐང་དུ་འབྱོར་སྐབས་ཆུ་ཤུལ་རྫོང་རིན་སྤུངས་པར་རྩིས་སྤྲད། ནང་སོ་ནམ་མཁའ་རྒྱལ་པོའི་བུ་ཆེ་བ་ཚེ་བརྟན་རྒྱལ་པོ་དང༌། ཆུང་བ་བསོད་ནམས་གཉིས་ལས་ཆེ་བ་རབ་ཏུ་བྱུང་ཞིང

20170612