ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 484 ཡོད།

རིགས་ལྔ།

《བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད》དང《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》གཉིས་ལས་བྱུང་བའི་རིགས་ལྔ་ལ་གོ་བ་ཡིན།ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས། དེ་བཞིན་བཤེགས་པའི་རིགས། མངོན་པའི་རིགས། རིགས་མེད་པ་བཅས་ལྔའོ། །ཡང་ན་མི་བསྐྱོད་པ

20180807

རིགས་ལྔ།

སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ལས་བཤད་ཚུལ་ལ། སེམས་ཅན་གང་ཡིན་ཀྱང་སངས་རྒྱས་པའི་ཚེ་ན་རང་ཉིད་ཀྱི་མ་དག་པའི་ཕུང་པོ་ལྔ་གནས་འགྱུར་ཏེ་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པ་སྟེ། གཟུགས་ཀྱི་ཕུང་པོ་གནས་འགྱུར་བའི་དག་ཆ་ལྷ་སྐུར་འཆར་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཡིན་པས་དེའི་སྐུ་མདོག་དཀར་པོ་དང༌། དེ་བཞིན་དུ་ཚོར་བའི་ཕུང་པོ

20180305

རིགས་ལྔའི་ཞྭ་མོ།

ལ་དབང་བསྒྱུར་བའི་དོན་དུ་ས་བོན་དཔའ་བོ་འབྲུ་ལྔ་དང་། ནང་ལྟར་དུག་ལྔའི་ས་བོན་བཅོམ་པའི་དོན་དུ་ཡེ་ཤེས་ལྔ་ཡི་སྙིང་པོ་དང་། གསང་བ་ལྟར་སྐུ་ལྔ་ལྷུན་ལ་རྫོགས་པའི་དོན་དུ་རིགས་ལྔ་ལྷ་ཡི་གཟུངས་གཞུག་འབྲི་ལ། དེའང་དཔེར་ན། ཨོཾ་ཡཾ་རཾ་ཁཾ་སྲུཾ་དང་། ཡང་ན་ཨོཾ་ཧཱུྃ་རཾ་ཛ། གང་རུང་འབྲི་དགོས་སོ། མདོར་ན་རིགས་ལྔ་ལྷ་ཡི་བརྡ་རྟགས་ཡིན་པས་ན་དེ་ལྟར་བྱའོ

20181103

རིགས་ལྔ་མཁའ་འགྲོ།

རྒྱལ་བ་རིགས་ལྔ་དང(1.རྣམ་པར་སྣང་མཛད། 2.རིན་ཆེན་འབྱུང་ལྡན། 3.འོད་དཔག་མེད། 4.དོན་ཡོད་གྲུབ་པ། 5.མི་བསྐྱོད་པ) མཁའ་འགྲོ་སྡེ་ལྔ། (1.རྡོ་རྗེ་མཁའ་འགྲོ། 2.རིན་ཆེན་མཁའ་འགྲོ། 3.པདྨ་མཁའ་འགྲོ། 4.ལས་ཀྱི་མཁའ་འགྲོ། 5.སངས་རྒྱས་མཁའ་འགྲོ།))རྒྱལ་བ་རིགས་ལྔ་དང(1.རྣམ་པར་སྣང་མཛད། 2.རིན་ཆེན་འབྱུང་ལྡན

20180305

མི་རིགས་ལྔ

དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བའི་མི་རིགས་ལྔ་ལ་གོ་བ་ཡིན།1.རྒྱལ་རིགས། 2.རྗེ་རིགས། 3.བྲམ་ཟེའི་རིགས། 4.དམངས་རིགས། 5.གདོལ་པའི་རིགས་སོ༎འབྱུང་ཁུངས། 《དུང་དཀར་ཚིག་མཛོད་ཆེན་མོ》ཤ1607.31ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20220315

སྨན་ཆུ་རིགས་ལྔ

《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་སྨན་ཆུ་རིགས་ལྔ་ལ་གོ་བ་ཡིན།1.རླུང་སེལ་བ་སྔོ་ལ་མངར་བ། 2.མཁྲིས་པ་སེལ་བར་སེར་ལ་ཁ་བ། 3.བད་ཀན་སེལ་བ་སྐྱ་ལ་སྐྱུར་བ། 4.ཁྲག་སེལ་བ་དམར་སྐམ་པ། 5.ཆུ་སེར་སེལ་བ་སྨུག་ལ་ཚ་བའོ༎ ཡང་ན། ཅོང་ཞི་རིགས་ལྔ་དག་ལས་འབྱུང་། 1.སྐྱུར་ཞིང་ལན་ཚས་བད་རླུང་སེལ། 2.སྐྱུར་མངར

20220316

འཇམ་དཔལ་རིགས་ལྔ

འཇམ་དཔལ་རིགས་ལྔ་ནི་སྐུ་གསུང་ཐུགས་དང་། ཡོན་ཏན་དང་འཕྲིན་ལས་ཀྱི་འཇམ་དཔལ་བཅས་ལྔའོ། །སྐུའི་འཇམ་དཔལ། གསུང་གི་འཇམ་དཔལ། ཐུགས་ཀྱི་འཇམ་དཔལ། ཡོན་ཏན་གྱི་འཇམ་དཔལ། འཕྲིན་ལས་ཀྱི་འཇམ་དཔལ་བཅས་ལྔའོ། །ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད།

20180620

ལོངས་སྐུ་རིགས་ལྔ

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་ལོངས་སྐུ་རིགས་ལྔ་ལ་གོ་བ་ཡིན།1.རྣམ་སྣང་། 2.རིན་འབྱུང་། 3.འོད་དཔག་མེད། 4.དོན་གྲུབ། 5.མི་བསྐྱོད་པའོ༎འབྱུང་ཁུངས། 《དུང་དཀར་ཚིག་མཛོད་ཆེན་མོ》ཤ1977.1ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20220412

སྐུ་གདུང་རིགས་ལྔ

ཤ་རཱི་རམ་དང་ཆུ་རཱི་རམ། བ་རཱི་རམ་དང་ཉ་རཱི་རམ། པཉྩརམ་དང་ལྔ་ལྡན་གདུང་། རིགས་ལྔའི་གདུངས་སྟེ་སྐུ་ཡང་འབྱུང་། དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ་ཞེས་པས། ཤའི་རྟེན་དུ་གདུང་རཱི་རམ་དཀར་སེར་རིན་པོ་ཆེ་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། །ཁྲག་གི་རྟེན་དུ་ཆུ་རཱི་རམ་མཐིང་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་པས་རྡོ་རྗེའི་གདུང་དུ་བཞག་པའོ

20180710

ཅོང་ཞི་རིགས་ལྔ

《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་ཅོང་ཞི་རིགས་ལྔ་ལ་གོ་བ་ཡིན།1.ཕོ་ཅོང་རྟ་སོ་བཅག་པ་ལྟ་བུ་མཁྲེགས་ཤིང་ལྕི་བ། 2.ཕོ་ཅོང་དཀར་པོ་སྐྱ་སོབ་མཉེན་པ། 3.མོ་ཅོང་སྨུག་ཟིལ་བ་ནུ་ལྟ་བུ། 4.མོ་ཅོང་སེར་པོ་ལྕིབས་ཅན། 5.མ་ནིང་དཀར་དམར་སེར་ལ་སྣ་རིང་མཉེན་པའོ༎འབྱུང་ཁུངས། 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང

20220118