རབ་བྱུང་བརྗོད་བདེ་བའི་ཕྱིར་དུ་སྐུ་མཆོག་ཉིད་ཀྱིས་དཔེ་གཞུང་ཆེན་མོ་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་མཇུག་ཏུ་རབ་བྱུང་བཅུ་བདུན་པར་རབ་གནས་དང་། རབ་བྱུང་བཅོ་བརྒྱད་པར་རབ་སྐྱོན། རབ་བྱུང་བཅུ་དགུ་བར་རབ་ཐབས། རབ་བྱུང་ཉི་ཤུ་བར་རབ་ཆོག རབ་བྱུང་ཉེར་གཅིག་པར་རབ་སྒྲོལ། རབ་བྱུང་ཉེར་གཉིས་པར་རབ་བསྐྱེད་ཅེས་བཀོད་འདུག རབ་བྱུང་དང་པོ་ནས་རབ་བྱུང་བཅུ་བའི་བར་ལ
20151230
calendar; 2.a monk 1.དག་ཡིག་གསར་བསྒྲིགས་ལས། ①ཀྲུང་གོའི་ཞིང་པའི་ལོ་རྩིས་ཀྱི་ཤོང་ཕོ་བྱི་བའི་ལོའི་མིང་ལ་བོད་རྩིས་ཀྱི་ནང་དུ་རབ་བྱུང་ཟེར། ②ཤིང་ཕོ་བྱི་བའི་ལོ་ནས་མེ་ཕོ་ཡོས་ཀྱི་ལོའི་བར་ལ་ལོ་འཁོར་དྲུག་ཅུ་རེ་ལ་རབ་བྱུང་གཅིག་ཟེར། རབ་བྱུང་གི་འགོ་ནི1027ལོ་ནས་ཚུགས་པ་རེད། ③སངས་རྒྱས་ཆོས་ལུགས
20190409
རབ་བྱུང་ནི་ལོ་རྒན་དྲུག་ཅུ་སྐོར་གཅིག་གི་མིང་སྟེ། རབ་བྱུང(མེ་མོ་ཡོས)རྣམ་འབྱུང(ས་ཕོ་འབྲུག)དཀར་པོ(ས་མོ་སྦྲུལ)རབ་མྱོས(ལྕགས་ཕོ་རྟ)སྐྱེས་བདག(ལྕགས་མོ་ལུག)ཨངྒིར(ཆུ་ཕོ་སྤྲེལ)དཔལ་གདོང(ཆུ་མོ་བྱ)དངོས་པོ(ཤིང་ཕོ་ཁྱི)ན་ཚོད་ལྡན(ཤིང་མོ་ཕག)འཛིན་བྱེད(མེ་ཕོ་བྱི)དབང་ཕྱུག(མེ་མོ་གླང)འབྲུ་མང་པོ
20180426
《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་རབ་བྱུང་གི་སྡོམ་ལྡན་ལྔ་ལ་གོ་བ་ཡིན།1.དགེ་ཚུལ་ཕ། 2.དགེ་ཚུལ་མ། 3.དགེ་སློབ་མ། 4.དགེ་སློང་ཕ། 5.དགེ་སློང་མའོ༎འབྱུང་ཁུངས། 《དུང་དཀར་ཚིག་མཛོད་ཆེན་མོ》ཤ1893.5ལས་བཏུས། རིགས་དབྱེ། ནང་དོན་རིག་པ
20220412
《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་རབ་བྱུང་གཏོང་བྱེད་ཀྱི་རྒྱུ་གསུམ་ལ་གོ་བ་ཡིན།1.ཁྱིམ་པའི་རྟགས་སྤོང་བ་ལས་ཉམས་པ། 2.རབ་བྱུང་གི་རྟགས་ལེན་པ་ལས་ཉམས་པ། 3.མཁན་པོར་གུས་པར་ཁས་བླངས་པ་ལས་ཉམས་པའོ༎འབྱུང་ཁུངས། 《ཤེས་བྱ་ཀུན་ཁྱབ》དེབ་བར་ཆ་ཤ50.13ལས་བཏུས། རིགས་དབྱེ། ནང་དོན་རིག་པ
20210519
《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རབ་བྱུང་སྒྲུབ་པའི་མཐུན་རྐྱེན་བཞི་ལ་གོ་བ་ཡིན།1.ཡུལ་རྒྱུད་སོགས་རྐྱེན་ལྔ་ཚང་བ། 2.རྒྱུ་ཡི་ཀུན་སློང་ཐོབ་འདོད། 3.དུས་ཀྱི་ཀུན་སློང་ཐོབ་ཤེས། 4.འགལ་རྐྱེན་ངེས་པ་ལྔ་བྲལ། མཐུན་རྐྱེན་སྣ་ཚོགས་གསུམ་ལྡན་དགོས་པའོ༎ རྒྱུ་ཡི་ཀུན་སློང་ཐོབ་འདོད་ནི། སྐོམ་པས་ཆུ་འདོད་བཞིན་སྡོམ་པ་ཐོབ་འདོད་པའོ
20211213
《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རབ་བྱུང་གི་བརྗེ་བ་གསུམ་བསྟན་ཡོད།1.མིང་བརྗེ་བ། 2.རྟགས་ཆ་ལུགས་བརྗེ་བ། 3.བསམ་པ་བརྗེ་བའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ485.3ལས་བཏུས། རིགས་དབྱེ། ནང་དོན་རིག་པ།
20210427
《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རབ་བྱུང་སྒྲུབ་པའི་མཐུན་རྐྱེན་ལྔ་ལ་གོ་བ་ཡིན།1.ཡུལ་ནི། བདག་ཅག་གི་སྟོན་པའི་སྐུ་གཟུགས་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་བསྒྲུབ་བྱ་གསུམ་ཡན་ཆད་ཚོགས་སུ་ལོངས་པའོ༎ 2.རྒྱུད་ནི། སྡོམ་པ་རྙིང་པས་རྒྱུད་མ་བཀག་པའོ༎ 3.རྟགས་ནི། ཁྲུས་བྱས་ཤིང་ཁྱིམ་པའི་རྟགས་སྤངས་རབ་བྱུང་གི་རྟགས་དང་ལྡན་པའོ
20220412
མ་གནང་བ་ལོགས་སུ་གནས་པའི་བར་ཆད། བྱ་རོག་སྐྲོད་མི་ནུས་པ་ལ་སོགས་ཁྱད་པར་དུ་འགྲོ་བའི་བར་ཆད། སྐྲ་སེར་ལ་སོགས་མཛེས་པའི་བར་ཆད་དོ། །མ་ནིང་ལ་སོགས་སྡོམ་པ་མི་སྐྱེ་བའི་བར་ཆད། རྒྱལ་པོས་མ་གནང་བ་ལོགས་སུ་གནས་པའི་བར་ཆད། བྱ་རོག་སྐྲོད་མི་ནུས་པ་ལ་སོགས་ཁྱད་པར་དུ་འགྲོ་བའི་བར་ཆད། སྐྲ་སེར་ལ་སོགས་མཛེས་པའི་བར་ཆད་དོ། །(རབ་བྱུང་གི་བར་ཆད་བཞི་ཡང་ཟེར)
20180207
《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རབ་བྱུང་སྒྲུབ་པའི་མཐུན་རྐྱེན་གསུམ་ལ་གོ་བ་ཡིན།1.སྡོམ་པ་གང་ལས་བླངས་པའི་ཡུལ་མཁན་སློབ། 2.གང་གིས་བླངས་པའི་རྟེན་གྱིས་བསླབ་བྱ་སློབ་ནུས་པ། 3.ཇི་ལྟར་ལེན་པའི་ཆོ་ག་ཡོད་པ་ནི། ལས་བྱེད་ཅིང་བསླབ་པ་ལ་ནན་ཏན་བྱེད་པ་ཡོད་པའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ479.2
20210516