ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 175 ཡོད།

ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་རྣམ་པ་ལྔ།

གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེད་དུ་མ་གནང་བ་ལུས་དང་ངག་དང་ཡིད་ཀྱི་ལས་དེ་དེ་ཁོ་ན་བཞིན་དུ་ཡོངས་སུ་སྤོང་བ། 5.སོ་སོར་བསྟེན་ཅིང་ཡང་དག་པར་སྡུད་ལ། ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྒྲུབ་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཝི་པ》ཤ58ན7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220126

རྗེས་སུ་གནས་པ་རྣམ་པ་གསུམ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་རྗེས་སུ་གནས་པ་རྣམ་པ་གསུམ་བསྟན་ཡོད།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ལུས་ཀྱིས་རྗེས་སུ་སྒྲུབ་པ། 2.ངག་གིས་རྗེས་སུ་སྒྲུབ་པ། 3.ཡིད་ཀྱིས་རྗེས་སུ་སྒྲུབ་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ220བ6ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210303

ཐད་ཚོར།

མིག་གིས་དངོས་སུ་མཐོང་བ་དང༌། ཡིད་ཀྱིས་དངོས་སུ་དྲན་པའི་ཐད་ཀའི་ཚོར་བ།རྒྱ་ཡིག 直觉 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མིག་གིས་དངོས་སུ་མཐོང་བ་དང༌། ཡིད་ཀྱིས་དངོས་སུ་དྲན་པའི་ཐད་ཀའི་ཚོར་བ། 直觉。眼里和心里的直接感觉。

20240104

མཐོང་ཐོས་དྲན་རེག

མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ། ཡིད་ཀྱིས་དྲན་པ། ལུས་ཀྱིས་རེག་པ་བཅས་སོ། །རྒྱ་ཡིག 见闻觉知 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ། ཡིད་ཀྱིས་དྲན་པ། ལུས་ཀྱིས་རེག་པ་བཅས་སོ། ། 见闻觉知。耳濡、目染、心念、身受。

20240417

མཐོང་ཐོས་དོགས་གསུམ།

མིག་གིས་མཐོང་བ། རྣ་བས་ཐོས་པ། ཡིད་ཀྱིས་དོགས་པ་གསུམ།རྒྱ་ཡིག 或见或闻或有所疑 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མིག་གིས་མཐོང་བ། རྣ་བས་ཐོས་པ། ཡིད་ཀྱིས་དོགས་པ་གསུམ། 或见或闻或有所疑:གནས་ཚུལ་གསར་པ་མཐོང་ཐོས་དོགས་གསུམ་ཇི་བྱུང་ཚང་མ་སྣང་མེད་དུ་མ་འཇོག对于新的情况或见或闻或有所疑,都不可放任

20240417

ལྟ་རྟོག

འཚོ་སྐྱོང་ངམ་བསམ་གཞིགས།རྒྱ་ཡིག 照顾,照看 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འཚོ་སྐྱོང་ངམ་བསམ་གཞིགས། 照顾,照看。ཕྲུ་གུར་ལྟ་རྟོག照看小孩。ནད་པར་ལྟ་རྟོག照顾病人。མིག་གིས་ལྟ་ཞིང་ཡིད་ཀྱིས་རྟོག་པ། 观察,监视,守望:རྒྱལ་མཚམས་ལ་ལྟ་རྟོག་དང༌། སྲུང་སྐྱོབ་བྱེད་པ། 守望,保卫国境线

20231010

རྗེས་བཅས་དགུ།

སྟོན་པ་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་ལ་སླར་ཡང་བཅད་པ་དགུ་གནང་བ་སྟེ། སྒྲུབ་པའི་རྗེས་སུ་སྒྲུབ་པ་བཅས་པ། སྒྲུབ་པའི་རྗེས་སུ་གནང་བ་བཅས་པ། སྒྲུབ་པའི་རྗེས་སུ་དགག་པ་བཅས་པ། གནང་བའི་རྗེས་སུ་སྒྲུབ་པ་བཅས་པ། གནང་བའི་རྗེས་སུ་གནང་བ་བཅས་པ། གནང་བའི་རྗེས་སུ་དགག་པ་བཅས་པ། དགག་པའི་རྗེས་སུ་སྒྲུབ་པ་བཅས་པ། དགག་པའི་རྗེས་སུ་གནང་བ་བཅས་པ

20170710

བར་ཝོན་གསོལ་ཁ་བསྡུས་པ།

བཞེས་ལ་འདོད་དོན་སྒྲུབས༎ གཞན་ཡང་གོ་མཚོན་གཡག་ལུག་སྲོག་ཆགས་དང་༎ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་རྫས་སོགས༎ ལྷ་ཀླུ་མི་ཡི་དཔལ་འབྱོར་ཚོགས་རྣམས་ཀུན༎ དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་ཏེ་འབུལ༎ ཙན་དན་དཀར་དམར་སྟག་པ་ཤུག་པ་དང་༎ བ་ལུ་སུ་ལུ་བཟང་བོ་དྲུག་ལ་སོགས༎ བསྲེགས་པའི་བསང་དུད་ལྷ་ཡི་ལམ་འགེང་བའི༎ འབུལ་ལོ་དགྱེས་བཞིན་བཞེས་ལ་འདོད་དོན་སྒྲུབས

20230619

རྗེས་བཅས་མུ་དགུ།

《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རྗེས་བཅས་མུ་དགུ་ལ་གོ་བ་ཡིན།1.སྒྲུབ་པའི་རྗེས་སུ་སྒྲུབ་པ་བཅས་པ། 2.སྒྲུབ་པའི་རྗེས་སུ་གནང་བ་བཅས་པ། 3.སྒྲུབ་པའི་རྗེས་སུ་དགག་པ་བཅས་པ། 4. གནང་བའི་རྗེས་སུ་སྒྲུབ་པ་བཅས་པ། 5.གནང་བའི་རྗེས་སུ་གནང་བ་བཅས་པ། 6.གནང་བའི་རྗེས་སུ་དགག་པ་བཅས་པ། 7.དགག་པའི་རྗེས་སུ་སྒྲུབ་པ་

20210824

བཙོང་ཁའི་སྐྱེས་རི་མཐོན་པོའི་བསང་མཆོད།

རིན་ཆེན་ལྷུན་པོའི་ནང་། །ཡིད་འཕྲོག་འཆི་མེད་གཞལ་མེད་ཁང་བཟང་ནས། །རྨ་རྒྱལ་སྲས་མཆོག་སྐྱེས་རི་འཁོར་དང་བཅས། །འདིར་བྱོན་བསངས་མཆོད་གནས་འདིར་བརྟན་པར་བཞུགས། །ཀྱཻ༑ དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་དང་། །ཁྱད་པར་དྲི་ཞིམ་བསངས་སྣ་ཡེ་ཤེས་མེར། །བསྲེག་པའི་སྙན་བྱུད་བསང་གི་དུད་སྤྲིན་འདིས། །དགྲ་ལྷ་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག

20231124