ཞིར་ཁི་ཐི་ཞེས་པ་སོག་སྐད་དུ་ཤིག་ལུང་ཞེས་པའི་དོན་ཡིན། ལུང་བ་འདིའི་ཉེ་འཁོར་དུ་འབྲོག་ཁྱིམ་ཞིག་ཡོད་ཅིང་། འབྲོག་ཁྱིམ་དེའི་ལུག་ཁྱུའི་ལུས་སྟེང་དུ་རྒྱུན་པར་ཤིག་འདེབས་པས་ས་མིང་ལ་དེ་ལྟར་ཐོགས། དབུས་ལམ་རྫོང་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ80ཡས་མས་ཀྱི་མཚམས་སུ་ཡོད།ཞིར་ཁི་ཐི་ཞེས་པ་སོག་སྐད་དུ་ཤིག་ལུང་ཞེས་པའི་དོན་ཡིན། ལུང་བ་འདིའི
20260104
སྔོན་ཆད་གནས་འདིར་འབྲོག་ཁྱིམ་ཞིག་གིས་བསང་མཆོད་ཕུལ་མྱོང་བས་ས་མིང་ལ་དེ་ལྟར་ཐོགས། ཚྭ་ཁ་གྲོང་རྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ30མཚམས་སུ་ཡོད།སྔོན་ཆད་གནས་འདིར་འབྲོག་ཁྱིམ་ཞིག་གིས་བསང་མཆོད་ཕུལ་མྱོང་བས་ས་མིང་ལ་དེ་ལྟར་ཐོགས། ཚྭ་ཁ་གྲོང་རྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ30མཚམས་སུ་ཡོད། “桑”蒙古语和藏语意为煨桑地,因
20251203
ཐ་བུན་ཐ་བུར་ཞེས་པ་སོག་སྐད་དུ་ཐབ་ཤུལ་ལྔ་ཞེས་པའི་དོན་ཡིན། གནས་འདིར་འབྲོག་ཁྱིམ་གྱི་རུ་སྤར་ཤུལ་དུ་ཐབ་ཀ་ལྔ་ཡི་ཤུལ་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཁི་ཁི་གྲོང་རྡལ་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ125ཡས་མས་ཀྱི་མཚམས་སུ་ཡོད།ཐ་བུན་ཐ་བུར་ཞེས་པ་སོག་སྐད་དུ་ཐབ་ཤུལ་ལྔ་ཞེས་པའི་དོན་ཡིན། གནས་འདིར་འབྲོག་ཁྱིམ་གྱི་རུ་སྤར་ཤུལ་དུ་ཐབ་ཀ
20260112
ཁོར་བུའུ་ལན་ཞེས་པ་སོག་སྐད་དུ་ལྷས་ར་དམར་གོར་ཞེས་པའི་དོན་ཡིན། གནས་འདི་རུ་འབྲོག་ཁྱིམ་གྱི་མཚེར་ཤུལ་ཞིག་ཡོད་པའི་སར་ཀྱལ་ཏ་དམར་པོ་མང་དུ་སྐྱེས་ཡོད་ཅིང་། ཀྱལ་ཏ་དམར་པོ་ལྷས་ར་བཞིན་མཐའ་སྐོར་ནས་སྐྱེས་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། དབུས་ལམ་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ130ཡས་མས་ཀྱི་མཚམས་སུ་ཡོད།ཁོར་བུའུ་ལན་ཞེས་པ་སོག་སྐད
20260104
ཧའོ་ཡར་ཧ་རི་པུ་བའོ་རི་ཞེས་པ་སོག་སྐད་དུ་རིལ་ནག་མཚེར་ཤུལ་གཉིས་ཞེས་པའི་དོན་ཡིན་ལ། གནས་འདིར་འབྲོག་ཁྱིམ་གཉིས་གྲལ་གཅིག་ཏུ་བསྡད་མྱོང་བའི་མཚེར་ཤུལ་དུ་རིལ་མ་ནག་ཡེར་ཡེར་དུ་ཡོད་པ་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། ཚྭ་འདམ་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ82ཀྱི་མཚམས་སུ་ཡོད།ཧའོ་ཡར་ཧ་རི་པུ་བའོ་རི་ཞེས་པ་སོག་སྐད་དུ་རིལ་ནག་མཚེར
20260401
འདི་ལ་བཤད་ཚུལ་མི་འདྲ་བ་རེ་ཡོད་པ་ནི། གཅིག་སྔོན་ཀ་བ་ཆེན་པོ་ཞིག་གི་ཤུལ་ཡིན་ཟེར་བ་དང་། གཉིས་སྔོན་འབྲོག་ཁྱིམ་གནས་སྤོར་ཤུལ་ཡིན་ཟེར། གསུམ་ལུང་བ་ཧ་ཅང་ཆེ་ཞིང་ལུང་མགོ་གངས་ཀྱིས་བཟུང་ཡོད་ལ་འདབས་སུ་མཚོ་ཆུང་ཆུང་ཞིག་ཡོད་པ་དེར་ནགས་ལུང་དུ་ཐོགས་པའི་བཤད་སྲོལ་བཅས་ཡོད། སུ་རུ་ཡུལ་ཚོའི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ34ཡས་མས་ཀྱི
20260205
ཁུན་ཆོའུ་ལུའུ་ཞེས་པ་སོག་སྐད་དུ་རྡོ་མི་ཞེས་པའི་དོན་ཡིན། གནས་འདི་རུ་འབྲོག་ཁྱིམ་ཞིག་ཡོད་པའི་གོང་དུ་བྲག་རྡོ་ཞིག་ཡོད་པའི་དབྱིབས་མིའི་གཟུགས་དང་མཚུངས་པས་ས་མིང་ལ་དེ་ལྟར་ཐོགས། དབུས་ལམ་རྫོང་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ55ཡས་མས་ཀྱི་མཚམས་སུ་ཡོད།ཁུན་ཆོའུ་ལུའུ་ཞེས་པ་སོག་སྐད་དུ་རྡོ་མི་ཞེས་པའི་དོན་ཡིན། གནས་འདི་རུ་འབྲོག་ཁྱིམ་
20260106
ཧའོ་ཡེར་པུའུ་བའོ་རི་ཞེས་པ་སོག་སྐད་དུ་མཚེར་ཤུལ་གཉིས་ཞེས་པའི་དོན་ཡིན་ལ། གནས་འདིར་འབྲོག་ཁྱིམ་གཉིས་ཀྱི་མཚེར་ཤུལ་གཉིས་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཚྭ་འདམ་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ120ཡི་མཚམས་སུ་ཡོད།ཧའོ་ཡེར་པུའུ་བའོ་རི་ཞེས་པ་སོག་སྐད་དུ་མཚེར་ཤུལ་གཉིས་ཞེས་པའི་དོན་ཡིན་ལ། གནས་འདིར་འབྲོག་ཁྱིམ་གཉིས་ཀྱི་མཚེར་ཤུལ
20260401
ཨིག་རི་ཀི་ཐུའུ་པུའུ་བུའུ་རི་ཞེས་པ་སོག་སྐད་དུ་མཚེར་གྲོག་ཅེས་པའི་དོན་ཡིན། གནས་འདིར་གྲོག་མོ་ཞིག་ཡོད་ཅིང་ཉེ་འཁོར་དུ་འབྲོག་ཁྱིམ་འཚོ་སྡོད་མྱོང་སའི་མཚེར་ས་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། ཚྭ་ཁ་གྲོང་རྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ55ཡས་མས་ཀྱི་མཚམས་སུ་ཡོད།ཨིག་རི་ཀི་ཐུའུ་པུའུ་བུའུ་རི་ཞེས་པ་སོག་སྐད་དུ་མཚེར་གྲོག་ཅེས་པའི་དོན་ཡིན
20251202
དབྱིས་ཁུར་པུའུ་རིག་ཅེས་པ་སོག་སྐད་དུ་མཚེར་ཤུལ་གཉིས་ཞེས་པའི་དོན་ཡིན། གནས་འདིར་བྱེ་འབུར་ཞིག་ཡོད་པའི་གཡས་གཡོན་དུ་འབྲོག་ཁྱིམ་གཉིས་ཀྱི་མཚེར་ས་རེ་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཁི་ཁི་གྲོང་རྡལ་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ90ཡས་མས་ཀྱི་མཚམས་སུ་ཡོད།དབྱིས་ཁུར་པུའུ་རིག་ཅེས་པ་སོག་སྐད་དུ་མཚེར་ཤུལ་གཉིས་ཞེས་པའི་དོན་ཡིན། གནས་འདིར
20260112