ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 240 ཡོད།

འབྲས་བུ་གསུམ་གྱི་སྨན་མར།

མགོ་ནས་རྩ་བྱེར་རྣག་འབྱམས་རླུང་ནད་སེལ༎ ཁྱད་པར་སྙིང་ལ་ལ་རླུང་ཞུགས་འཇོམས་པའི་མཆོག། སྨན་འདི་ནི་ཉིན་རེའི་ཞོགས་པར་ཐེངས་རེ་དང་ཐེངས་རེར་ཁེ2རེ་ཕུལ་དགོས། སྨན་འདི་ནི་སྨན་མར་རིལ་བུའི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།སྨན་གྱི་མིང་། འབྲས་བུ་གསུམ་གྱི་སྨན་མར། ཁོངས་གཏོགས། གསོ་རིག མདོག སྨུག་སྐྱ

20200101

ཞོ་ཤའི་སྨན་མར

སྦྱོར་བ་སྙིང་ཞོ་ཤ་དང་། གླ་གོར་ཞོ་ཤ མཁལ་མ་ཞོ་ཤ འབྲས་བུ་གསུམ། འབྲི་མར། བུ་རམ་སྦྱར་བའི་སྨན་མར་ལ་ཚ་བ་གསུམ་དང་ཚྭ་སྣ་གསུམ་བཏབ་ནས་གྲུབ་པའི་སྙིང་རླུང་གི་ནད་སེལ་བར་བྱེད་པའི་སྨན་ཞིགསྙིང་ཞོ་ཤ གླ་གོར་ཞོ་ཤ མཁལ་མ་ཞོ་ཤ འབྲས་བུ་གསུམ། འབྲི་མར། བུ་རམ་སྦྱར་བའི་སྨན་མར་ལ་ཚ་བ་གསུམ་དང་ཚྭ་སྣ་གསུམ་བཏབ། སྙིང་རླུང་གི་ནད་སེལ་བར་བྱེད

20240311

སེང་ལྡེང་སྨན་མར

སྨན་མར་ལེའུར་གསུངས་པའི་སེང་ལྡེང་བདུན་པ་དང་སེང་ལྡེང་དགུ་པའི་སྨན་མར་ལ་གོ་དགོས།ཕྱི་རྒྱུད་སྨན་མར་ལེའུར་གསུངས་པའི་སེང་ལྡེང་བདུན་པ་དང་སེང་ལྡེང་དགུ་པའི་སྨན་མར་ལ་གོ་དགོས་ཤིང་། དེའི་སྦྱོར་སྡེ་དངོས་ནི། རྒྱུད་ལས། སེང་ལྡེང་ཀྱི་ལྕེ་འབྲས་བུ་གསུམ་གྱི་མར། ། སྦྲང་རྩི་ཆུ་སེར་སྨན་གསུམ་པི་པི་ལིང་། ། སྦྱར་བ་སེང་ལྡེང་དགུ་ཡི་སྨན་མར་ཏེ

20230831

འབའ་སམ་སྨན་མར་ཚད་ལྡན།

འབྲས་བུ་གསུམ་གྱི་ཚད་ཨ་རུའི་ཕྱེད་བ་རུ་དང་། བ་རུའི་ཕྱེད་སྐྱུ་རུ་ར་གཏོང་དགོས་ཤིང་། རྩ་བ་ལྔ་དེ་དང་ཆ་མཉམ་སྦྱར་བ་ཅན་ལ་བྱའོ། །འབྲས་བུ་གསུམ་གྱི་ཚད་ཨ་རུའི་ཕྱེད་བ་རུ་དང་། བ་རུའི་ཕྱེད་སྐྱུ་རུ་ར་གཏོང་དགོས་ཤིང་། རྩ་བ་ལྔ་དེ་དང་ཆ་མཉམ་སྦྱར་བ་ཅན་ལ་བྱ་སྟེ། གཅེས་བསྡུས་ཕན་བདེའི་སྙིང་པོ་ལས། ཡང་འབའ་སམ་སྨན་མར་གྱི་ཚད་ཨ་རུ་སུམ་ཅུ

20230926

སྨན་མར

དེས་གྲང་རླུང་ལས་གྱུར་པའི་ནད་དང་ཁྱད་པར་དུ་མིག་ནད་སེལ་ལོ། ། ཞེས་དང་། ལག་ལེན་པོད་ཆུང་ལས། རྩི་བཅུད་སྨན་རྣམས་ཆུར་བསྡུས་ཤིང་། ། དེ་ཡི་དྭངས་མ་མར་ལ་བསྟིམས། ། དེ་ལ་སྨན་མར་ཞེས་བྱ་སྟེ། ། ལུས་ཟུངས་གསོ་བའི་མཆོག་ཏུ་གསུངས། ། མ་དཔེ་འགའ་རེའི་ནང་། བཅུད་ཀྱིས་ལེན་གྱི་མཆོག་ཏུ་གསུངས། ། ཞེས་ཀྱང་མཆིས་སོ། ། སྒྲིག་པ་པོའི་མཆན་ནོ

20230627

མཆིན་སྣའི་སྨན་མར

སྦྱོར་བ་མཆིན་སྣའི་སྐམས་ཕྱེས་བཟོས་པའི་སྨན་མར་ལ་ཁ་རུ་ཚྭ་དང་གུར་གུམ་བཏབ་པ་ལས་གྲུབ་པའི་མཆིན་རླུང་གི་ནད་ཀུན་སེལ་བར་བྱེད་པའི་སྨན་ཞིགམཆིན་སྣའི་སྐམས་ཕྱེས་བཟོས་པའི་སྨན་མར་ལ་ཁ་རུ་ཚྭ་དང་གུར་གུམ་བཏབ་པ། མཆིན་རླུང་གི་ནད་ཀུན་སེལ་བར་བྱེད། ཉིན་རེར་ཐོ་རེངས་ཐེངས1བསྟེན་རྒྱུ་དང་ཐེངས་རེར་རིལ་བུ་རེ་བསྟེན་རྒྱུ། བསིལ་ལ་འཇུ་དཀའ་བའི་ཟས་སྐོམ

20240311

སྒོག་སྐྱའི་སྨན་མར

སྦྱོར་བ་སྒོག་སྐྱ་དང་། བུ་རམ། མར་སྦྱར་བ་བཅས་ལས་གྲུབ་པའི་རླུང་ནད་མ་ལུས་པ་འཇོམས་པར་བྱེད་པའི་སྨན་ཞིགསྒོག་སྐྱ། བུ་རམ། མར་སྦྱར་བ། རླུང་ནད་མ་ལུས་པ་འཇོམས་པར་བྱེད་པ་ཡིན་ནོ༎ སྨན་མར་གྱི་ལག་ལེན་ཚུལ་བཞིན་བྱས་ཏེ་ནས་གསེབ་ཞག་བདུན་མནན་རྗེས་ཐོ་རེངས་ཐེངས་རེར་རིལ་བུ་རེ་བསྟེན་རྒྱུ། བསིལ་ལ་འཇུ་དཀའ་བའི་ཟས་སྐོམ་རིགས་སྤོངས་དགོས། བསིལ་བར་མ་རུལ་བར་ཉར་ཚགས

20231024

དུག་སྲུང་སྨན་མར

སྐྱུ་རུ། ལྕ་བ། ར་མཉེ། ཉེ་ཤིང་། གཟེ་མ། བ་སྤུ། ཡུ་གུ་ཤིང་། རེ་རལ། འོམ་བུ། སྤང་རྩི། ཧོང་ལེན། ཏིག་ཏ། དུག་ནད་སྲུང་ཞིང་ལུས་ཟུངས་བརྟས་པར་བྱེད་དོ༎ གོང་སྨན་རྣམས་ལ་སྨན་མར་ཚུལ་བཞིན་བཟོས་ཏེ་ཁ་ཚར་དུ་དུག་སྲུང་ཀུན་འདུས་རྒྱས་འབྲིང་གཉིས་གང་རུང་དང་། བསྡུ་ན། གསེར་གཡུ་ལྕགས་མུ་ཏིག་བྱུ་རུ་མུ་མེན་ཏེ་རིན་པོ་ཆེ་དྲུག་དང་། བཟང་དྲུག

20230925

སེ་འབྲུ་ལྔ་པའི་སྨན་མར

སྐེམ་པོ་ཤ་རྒྱས་པར་བྱེད་པའི་སྨན་ཞིགསེ་འབྲུ། འུ་སུ། སྒ། ཙི་ཏྲ་ཀ པི་པི་ལིང་། འབྲི་མར་བཅས་སོ༎ རླུང་གི་ནད་མ་ལུས་འཇོམས་ཤིང་ཕོ་བའི་མེ་དྲོད་སྐྱེད་ལ་སྐེམ་པོ་ཤ་རྒྱས་པར་བྱེད། སྨན་མར་གྱི་ལག་ལེན་ཚུལ་བཞིན་བྱས་ཏེ་ཐོ་རེངས་ཐེངས་རེར་རིལ་བུ་རེ་བསྟེན་རྒྱུ། བསིལ་ལ་འཇུ་དཀའ་བའི་ཟས་སྐོམ་རིགས་སྤོངས་དགོས། བསིལ་བར་མ་རུལ་བར་ཉར་ཚགས་བྱ་རྒྱུ

20231024

ཁ་རུ་ཚྭ་གསུམ་པའི་སྨན་མར

འབྲི་མར་བཅས་ལས་གྲུབ་པའི་རླུང་ནད་རིགས་མ་ལུས་པ་ཀུན་ལ་ཕན་པར་བྱེད་པའི་སྨན་ཞིགཁ་རུ་ཚྭ་དང་། པི་པི་ལིང་། ཨ་རུ་ར། འབྲི་མར། རླུང་ནད་རིགས་མ་ལུས་པ་ཀུན་ལ་ཕན་པར་བྱེད་དོ༎ སྨན་མར་གྱི་ལག་ལེན་ཚུལ་བཞིན་བྱས་ཏེ་ཐོ་རེངས་ཐེངས་རེར་རིལ་བུ་རེ་བསྟེན་རྒྱུ། བསིལ་ལ་འཇུ་དཀའ་བའི་ཟས་སྐོམ་རིགས་སྤོངས་དགོས། བསིལ་བར་མ་རུལ་བར་ཉར་ཚགས་བྱ་རྒྱུ

20231024