ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 676 ཡོད།

འདུས་མ་བྱས།

elementary, unconditional 1.དག་ཡིག་གསར་བསྒྲིགས་ལས། ཡོད་པ་ལ་རྟག་དངོས་གཉིས་སུ་ཕྱེ་ནས་དངོས་པོ་ཐམས་ཅད་འདུས་བྱས་དང་རྟག་པ་ཐམས་ཅད་འདུས་མ་བྱས་ཡིན་པར་བཤད་པའི་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་བཤད་ཚུལ་ཞིག 2.བརྡ་དག་མིང་ཚིག་གསལ་བ་ལས། ནམ་མཁའ་ལྟ་བུ་སྟེ་རྟག་པའོ།། 无为( 佛),如虚空,常住

20160712

འདུས་མ་བྱས་བརྒྱད།

(འདུས་མ་བྱས་ཀྱི་ཆོས་བརྒྱད)དེ་བཞིན་ཉིད་གསུམ(ཆོས་དགེ་བ་དང༌། ཆོས་མི་དགེ་བ། ལུང་མ་བསྟན་པ་བཅས་རྣམས་ཀྱི་དེ་བཞིན་ཉིད) ནམ་མཁའ། སོ་སོར་བརྟགས་མིན་གྱི་འགོག་པ། སོ་སོར་བརྟགས་འགོག མི་གཡོ་བ། འདུ་ཤེས་དང་ཆོར་བ་འགོག་པ་རྣམས་སོ། །དེ་དང་རྟག་པ་དོན་གཅིག་སྟེ། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པའི་ཆོས་རྣམས་སོ། །མཚན་གཞི་ནི་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུའོ

20170912

འདུས་མ་བྱས་ཀྱི་གཞི།

རྒྱུ་དང་རྐྱེན་གྱིས་འདུས་པར་མ་བྱས་པས་ན་འདུས་མ་བྱས་ཞེས་བརྗོད་པ་ཡིན། བྱེ་བྲག་སྨྲ་བས་གཞི་འདི་དངོས་པོར་འདོད་པ་ནི་འདུས་མ་བྱས་ཀྱི་དངོས་པོ་དང་རྟག་པའི་དངོས་པོ་ཞེས་འདོད་པ་ལས། འདུས་བྱས་ཀྱི་དངོས་པོ་དང་མི་རྟག་པའི་དངོས་པོར་ནམ་ཡང་མི་འདོད་དོ། །འདུས་མ་བྱས་ཀྱི་དབྱེ་བར་བྱེ་བྲག་སྨྲ་བ་ཕལ་ཆེ་བས་ནམ་མཁའ་དང༌། སོ་སོར་བརྟགས་འགོག

20170911

འདུས་མ་བྱས་རྣམ་པ་གསུམ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་འདུས་མ་བྱས་རྣམ་པ་གསུམ་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ནམ་མཁའ་ནི། སྒྲིབ་གེགས་མེད་པའི་རང་བཞིན་ཏེ། གང་དུ་གཟུགས་ཀྱིས་བགྲོད་པའོ༎ ཡང་། དེ་ལ་སྒྲིབ་མེད་ནམ་མཁའ་སྟེ༎ ཞེས་གསུངས་པའོ༎ ཡང་། བུ་ག་ནམ་མཁའི་ཁམས་སུ་བརྗོད༎ ཅེས་སོ༎ 2.སོ་སོར་བརྟགས་པའི་འགོག་པ

20210319

འདུས་མ་བྱས་བཞི།

མི་ཕམ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་དང་དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས་བྱུང་བའི་འདུས་མ་བྱས་བཞི་ལ་གོ་བ་ཡིན།འདི་ལ་ཁག་གཉིས་ཡོད། མི་ཕམ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་ཁག་གཅིག་སྟེ། 1.སོ་སོར་བརྟག་འགོག 2.བརྟག་མིན་གྱི་འགོག་པ

20210817

འདུས་བྱས་དང་འདུས་མ་བྱས་གཉིས།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བའི་འདུས་བྱས་དང་འདུས་མ་བྱས་གཉིས་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། 1.དེ་ལ་འདུས་བྱས་ནི་ཁམས་གསུམ་པ་དང་ལྡན་པའི་ཕུང་པོ་ལྔ་པོ་དག་གོ ། 2.འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ༎ འདུས་བྱས་གང་ཡིན་པ་དང་། འདུས་མ་བྱས་གང་ཡིན་པ་དེ་གཉིས་ནི་ཡོད་པ་ཞེས་བྱའོ

20201210

མངོན་པར་འདུས་མ་བྱས་པ་བཅུ།

ཕལ་ཆེན་ལེའུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འདུས་མ་བྱས་པ་བཅུ་ལ་གོ་བ་ཡིན།ཕལ་ཆེན་ལེའུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འདུས་མ་བྱས་པ་བཅུ་སྟེ། 1.མངོན་པར་འདུས་མ་བྱས་པའི་ལུས་ཀྱི་ལས། 2.མངོན་པར་འདུས་མ་བྱས་པའི་ངག་གི་ལས

20211124

འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ལྟར་ན་ཁག་བཅོ་བརྒྱད་ཡོད། 1.འདུས་བྱས་ནི་མི་རྟག་པ་ཉིད་དོ༎ 2.འདུས་མ་བྱས་ནི་རྟག་པ་ཉིད་དོ༎ 1.འདུས་བྱས་ནི་ཀུན་རྫོབ་ཀྱི་བདེན་པའོ༎ 2.འདུས་མ་བྱས་ནི་དོན་དམ་གྱི་བདེན་པའོ

20201214

འདུས་མ་བྱས་ཀྱི་མཚན་ཉིད་བཞི།

འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བའི་འདུས་མ་བྱས་ཀྱི་མཚན་ཉིད་བཞི་ལ་གོ་བ་ཡིན།འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བ་སྟེ། 1.མི་སྐྱེ་བ། 2.མི་འགོག་པ། 3.མི་གནས་པ། 4.མི་འཕོ་བའོ༎འབྱུང་ཁུངས། 《མདོ་ཕ་པ》ཤ108ན3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210811

འདུས་མ་བྱས་ཀྱི་མཚན་ཉིད་གསུམ།

འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བའི་འདུས་མ་བྱས་ཀྱི་མཚན་ཉིད་གསུམ་ལ་གོ་བ་ཡིན།འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བ་བྱིས་པ་སོ་སོ་སྐྱེ་བོ་གྲངས་སུ་གཅོད་པ་དག་སྟེ། 1.མི་སྐྱེ་བ། 2.མི་འགོག་པ། 3.གནས་པ་དང་འཕོ་བ་མེད་པའོ༎འབྱུང་ཁུངས། 《མདོ་ཕ་པ》ཤ108བ4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210316