མེ་ཆུ་གཡང་ས་དགྲ་སོགས་ཀྱི་གནོད་པ་ལས་སྲུང་བ།རྒྱ་ཡིག 救难,救苦,保无危难 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མེ་ཆུ་གཡང་ས་དགྲ་སོགས་ཀྱི་གནོད་པ་ལས་སྲུང་བ། 救难,救苦,保无危难。拯救脱离水、火、危地、怨敌等侵害:འཇིགས་སྐྱོབ་ལམ་རོགས། 护送者。
20230111
བྱམས་མ་འཇིགས་སྐྱོབ་མའི་ཆོག་ཁྲིད་ལས་བྱུང་བའི་བྱམས་མ་འཇིགས་སྐྱོབ་མ་བཞི་ལ་གོ་བ་ཡིན།བྱམས་མ་འཇིགས་སྐྱོབ་མའི་ཆོག་ཁྲིད་ལས། ཕྱོགས་བཞི་རིགས་ཀྱི་བྱམས་མ་བཞི་པོ་ནི། ཤར་ཕྱོགས་གཡུང་དྲུང་བྱམས་མ་སྲིད་བྱམས་མ༎ བྱང་ཕྱོགས་འཁོར་ལོ་བྱམས་མ་འདྲེ་འདུལ་མ༎ ནུབ་ཕྱོགས་པདྨའི་བྱམས་མ་ལུས་བསྐྱེད་མ༎ ལྷོ་ཕྱོགས་རིན་ཆེན་བྱམས་མ་ལྟེ་བསྒྱུར་མ
20230104
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་བྱད་ཀྱི་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། བྱང་ཤར་བྱད་ཀྱི་འཇིགས་སྐྱོབ་མ༎ ཡུམ་ཆེན་གཙུག་གི་རྒྱན་གཅིག་མ༎ སྐུ་མདོག་དཀར་མོ་རྒྱན་དང་ཆས༎ གཡས་པས་ཡེ་ཤེས་མེ་ལོང་འཛིན༎ གཡོན་པས་ཐུགས་དམ་ལུ་གུ་རྒྱུད༎ ཤེལ་གྱི་སེང་གེའི་ཁྲི་ལ་བཞུགས༎ དེ་ལ་ཕྱག་འཚལ་མཆོད་པ་འབུལ
20221127
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་མུ་སྟེགས་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། ནུབ་ཕྱོགས་མུ་སྟེགས་འཇིགས་སྐྱོབ་མ༎ ཡུམ་ཆེན་ཀུན་རིགས་བློ་གསལ་ནི༎ སྐུ་མདོག་དཀར་མོ་རྒྱན་དང་ཆས༎ གཡས་པས་གསལ་བའི་སྒྲོན་ཐོགས་ཤིང་༎ གཡོན་པས་གཟུགས་ཀྱི་ངོ་བོ་འཛིན༎ ཤ་ར་དཀར་པོའི་ཁྲི་ལ་བཞུགས
20221128
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་རིགས་ཀྱི་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། བྱང་ཕྱོགས་རིགས་ཀྱི་འཇིགས་སྐྱོབ་མ༎ སྲིད་པ་རྒྱུ་ཡི་ཡུམ་ཆེན་ནི༎ སྐུ་མདོག་དཀར་མོ་རྒྱན་དང་ཆས༎ གཡས་པས་ཀློང་གི་ཐིག་ལེ་འཛིན༎ གཡོན་པས་སྲིད་པའི་ས་བོན་བསྣམས༎ ནམ་མཁའི་བ་མོའི་ཁྲི་ལ་བཞུགས༎ དེ་ལ་ཕྱག་འཚལ་མཆོད་པ་འབུལ
20221127
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་དགྲ་ཡི་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། ཤར་ཕྱོགས་དགྲ་ཡི་འཇིགས་སྐྱོབ་མ། ། ཡུམ་ཆེན་ཐུགས་རྗེ་བྱམས་སྙོམ་ནི། ། སྐུ་མདོག་དམར་ལྗང་རྒྱན་དང་ཆས། ། གཡས་པས་ཐུགས་རྗེའི་ཞགས་པ་བསྣམས། ། གཡོན་པས་ཡིད་བཞིན་ནོར་བུ་འཛིན། ། ཐུགས་རྗེ་ཉི་ཟླའི་གདན་ལ་བཞུགས
20220826
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་ཀླུ་ཡི་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། བྱང་ནུབ་ཀླུ་ཡི་འཇིགས་སྐྱོབ་མ༎ ཡུམ་ཆེན་རེ་ཤག་དུག་འདུལ་མ༎ སྐུ་མདོག་མཐིང་ནག་རྒྱན་དང་ཆས༎ གཡས་པས་སྦྲུལ་ནག་ཞགས་ལ་ལྡོག། གཡོན་པས་བདུད་རྩི་བུམ་པ་བསྣམས༎ བཀྲ་གསལ་སྟག་གི་ཁྲི་ལ་བཞུགས༎ དེ་ལ་ཕྱག་འཚལ་མཆོད་པ་འབུལ
20221127
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་སྐྱོན་གྱི་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། ལྷོ་ནུབ་སྐྱོན་གྱི་འཇིགས་སྐྱོབ་མ༎ ཤུགས་ཆེན་དག་པ་ཁྲུས་ཀྱི་བདག ། སྐུ་མདོག་དམར་མོ་རྒྱན་དང་ཆས༎ གཡས་པས་གཡུང་དྲུང་ཤུགས་པ་འཛིན།། གཡོན་པས་ཚན་གྱི་བུམ་པ་འཛིན༎ གེ་སར་སྡོང་པོའི་ཁྲི་ལ་བཞུགས
20221128
བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས་བྱུང་བའི་འཆི་བའི་འཇིགས་སྐྱོབ་མ་ལ་གོ་བ་ཡིན།བྱམས་མའི་ཆོག་ཁྲིད་ནོར་བུའི་གཏེར་ཆེན་ལས། ལྷོ་ཕྱོགས་འཆི་བའི་འཇིགས་སྐྱོབ་མ༎ ཡུམ་ཆེན་ཚེ་འཛིན་བུམ་པ་ཅན༎ སྐུ་མདོག་སེར་མོ་རྒྱན་དང་ཆས༎ གཡས་པས་ཚེ་འགུགས་ལྕགས་ཀྱུ་འཛིན༎ གཡོན་པས་ཕྱ་ཚེ་བུམ་པ་བསྣམས༎ གསེར་ལོ་མེ་ཏོག་ཁྲི་ལ་བཞུགས༎ དེ་ལ་ཕྱག་འཚལ་མཆོད་པ་འབུལ
20221130
རིགས་ཀྱི་འཇིགས་སྐྱོབ་བྱམས་མའི་ཆོག་ཁྲིད་ལས་བྱུང་བའི་རིགས་ཀྱི་འཇིགས་སྐྱོབ་བྱམས་མ་ལ་གོ་བ་ཡིན།རིགས་ཀྱི་འཇིགས་སྐྱོབ་བྱམས་མའི་ཆོག་ཁྲིད་ལས། ཀུན་གསལ་བྱམས་མ་ཆེན་མོ་སྐུ་མདོག་གསེར་ཞུན་གྱི་མེ་དཔུང་ལྟ་བུ། དབུ་ལ་གཡུ་ཡི་ཐོད་རྡིང་དང་། སྙན་རྒྱན་སྒྲ་རྒྱལ་དུང་གི་ཨུན་འབུར་ལ་གཡུ་ཡི་ལུ་གུ་རྒྱུད་དུ་དོད་པ། ཕྱག་གཡས་གསེར་གྱི་བུམ་པ་བཅུད་ཀྱིས
20230104