ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 4 ཡོད།

ཐོབ་པར་དཀའ་བའི་དངོས་པོ་དྲུག

བྱང་ཆུབ་སེམས་དཔའ་མཐོ་བཙུན་དཔལ་གྱི་རྒྱལ་པོས་དྲིས་པའི་ལེའུ་ལས་བྱུང་བ་སྟེ། 1.སངས་རྒྱས་འཇིག་རྟེན་དུ་བྱུང་བ་ཕྲད་པར་དཀའ་བ། 2.དམ་པའི་ཆོས་ཐོས་པར་དཀའ་བ། 3.འཇིགས་པའི་སེམས་སྐྱེ་བར་དཀའ་བ། 4.ཡུལ་གྱི་དབུས་སུ་སྐྱེ་བར་དཀའ་བ། 5.མིའི་ལུས་ཐོབ་པར་དཀའ་བ། 6.དབང་པོ་རྣམས་དང་ལྡན་པར་དཀའ་བའོ༎འབྱུང་ཁུངས། 《མྱང་འདས་ཁ་པ》ཤ29ན5

20201216

སེང་གེས་རྒྱལ་པོས་དངོས་པོ་རྣམ་པ་བཅུ་གཅིག་གི་ཕྱིར་སྒྲ་རབ་ཏུ་སྒྲོགས་པ་བཅུ་གཅིག

སེང་གེ་མ་ཡིན་པར་སྒྱུས་སེང་གེ་ལྟར་འཆོས་པ་རྣམ་པར་གཞིག་པ། 2.བདག་གི་མཐུ་རྩལ་བསད་པ། 3.གནས་དག་པར་བྱ་བ། 4.བུ་རྣམས་གནས་ཤེས་པར་བྱ་བ། 5.འགྲོ་བ་མང་པོའི་འཇིགས་པའི་སེམས་མེད་པར་བྱ་བ། 6.གཉིད་ལོག་པ་སད་པར་བྱ་བ། 7.གཅན་གཟན་ལེ་ལོ་ཐམས་ཅད་ལེ་ལོ་མེད་པར་བྱ་བ། 8.གཅན་གཟན་རྣམས་འཁོར་ཞིང་རྟེན་དུ་འགྱུར་བར་བྱ་བ། 9.སྤོས་ཀྱི་བ་གླང

20220517

ཚེས་བཅོ་ལྔའི་ཟླ་བ་རྒྱས་པ་དངོས་པོ་བཅུ་གཅིག་གི་དོན་དུ་འགྱུར་བ་དང་།སངས་རྒྱས་ཀྱི་ཟླ་བ་སེམས་ཅན་གྱི་དོན་དུ་འགྱུར་བ་བཅུ་གཅིག

བདེ་བ་ཐོབ་པར་བྱེད་པ། 5.སྲིན་བུ་མེ་ཁྱེར་གྱི་ང་རྒྱལ་གྱི་སེམས་བཅོམ་པ། 6.ཀུན་ཤིང་ཐམས་ཅད་ཀྱི་འདུ་ཤེས་ཀྱི་སེམས་ཞི་བར་བྱེད་པ། 7.སེམས་ཅན་དག་གཅན་གཟན་ཁྲོ་བོས་འཇིགས་པའི་སེམས་བསལ་བ། 8.མེ་ཏོག་ཨུཏྤ་ལའི་ཁ་འབྱེད་པ། 9.པད་མོའི་ཁ་འབྲུབ་པ། 10.མགྲོན་པོ་དག་ལམ་དུ་འཇུག་པའི་སེམས་བསྐྱེད་པར་བྱེད་པ། 11.སེམས་ཅན་རྣམས་འདོད་པ་ལྔ

20220515

སྤྱོད་པ་ཉི་ཤུ་རྩ་གཅིག

ཐིག་བྱ་ལྟ་བུའི་སྤྱོད་པ་ཡིས༎ གསང་བའི་སྔགས་ཀྱི་ཐེ་ཚོམ་བཅད༎ 5.སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས༎ གཅིག་ཏུ་གནས་པའི་ཡུལ་རྣམས་སྤངས༎ 6.སེང་གེ་ལྟ་བུའི་སྤྱོད་པ་ཡིས༎ འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ༎ 7.ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས༎ གཙང་དང་སྨེ་བའི་རྣམ་རྟོག་སྤངས༎ 8.སྡོམ་བུ་ལྟ་བུའི་སྤྱོད་པ་ཡིས༎ དྲན་བསམ་ཐོག་བབ་ཉིད་དུ་སྤྱད

20210111