ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 825 ཡོད།

འགྲུལ་བ།

སྐྱོད་པའམ་འགྲོ་བ།རྒྱ་ཡིག 行走,走动,来去 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [ཐ་མི་དད་པ] ལམ་དུ་སྐྱོད་པའམ་འགྲོ་བ། 行走,走动,来去:རྒྱ་ལམ་དུ་འགྲུལ་པ་འགྲུལ་བ། 行人走向大道。ཁྲོམ་སྲང་ཡངས་པོར་རླངས་འཁོར་འགྲུལ་བ། 汽车通过宽阔街道。ནགས་གསེབ་ཏུ་གཅན་གཟན་འགྲུལ་བ། 猛兽去来森林间

20210811

སྐུ་མགྲོན་སྡེ་ཁག་ཅན།

སྐུ་མགྲོན་སྡེ་ཁག་ཅན་ནི་སྤྱི་ལོ2016ལོར་ཁྱབ་བསྒྲགས་བྱས་པའི་དོ་དམ་ཚན་རིག་ལག་རྩལ་གྱི་ཐ་སྙད་ཅིག་ཡིན།ཞབས་ཞུ་སྒྲིག་འཛུགས་བྱེད་པའི་སྐུ་མགྲོན་གྱི་རིགས་གཞིར་བཟུང་ནས་སྡེ་ཁག་དབྱེ་བའི་ཐབས་ཤེས་ལ་གོ། 以组织服务的顾客的类型为依据划分部门的方法。 《དོ་དམ་ཚན་རིག་ལག་རྩལ་གྱི་ཐ་སྙད》པར་གཞི་དང་པོ།རྒྱ་ཡིག

20250418

འགྲུལ་བ་རྨས་པའི་གྱོད་དོན།

འདིར་ཟ་ཁང་གི་སྒོ་ཡིས་འགྲུལ་བར་རྨས་སྐྱོན་བཟོས་ན་འགན་སུས་འཁུར་དགོས་མིན་གྱི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་འདིར་དབྱེ་ཞིབ་བྱས་ཡོད།འདིར་ཟ་ཁང་གི་སྒོ་ཡིས་འགྲུལ་བར་རྨས་སྐྱོན་བཟོས་ན་འགན་སུས་འཁུར་དགོས་མིན་གྱི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་འདིར་དབྱེ་ཞིབ་བྱས་ཡོད། ན་ནིང་གི་སྤྱི་ཟླ12པར། ཚེ་རིང་ཟ་ཁང་ཞིག་ཏུ་ཟ་མ་ཟ་རུ་འགྲོ

20190925

འཛིས།

བཀག་སྡོམ་བྱེད་པའམ་འཛེམས་པའི་དོན།(བྱེད་འབྲེལ་ལས་ཚིག་འདས་སྐུལ)བཀག་སྡོམ་བྱེད་པའམ་འཛེམས་པའི་དོན། འགྲུལ་བར་འཛིས། ཁར་འཛིས་ཟེར་བ་ལྟ་བུ། མ་འོངས་པ་དང་ད་ལྟ་བ་ལ་འཛི་འཇུག་སྟེ། ནད་པ་ཇེ་ཐུར་སོང་ཡོད་པས་འགྲུལ་བར་འཛི་འིན་ཡོད། བོད་སྨན་འཐུང་དུས་ཁར་འཛི་རྒྱུ་མང་ཟེར་བ་ལྟ་བུ།

20250623

མེ་རགས།

འགྲུལ་བར་འཛེམ་སླད་དུ་སྒོ་ཁར་འཇོག་པའི་མེ་ཐོའི་མིང་།འགྲུལ་བར་འཛེམ་སླད་དུ་སྒོ་ཁར་འཇོག་པའི་མེ་ཐོའི་མིང་། ཨ་མདོའི་ཡུལ་སྐད་དུ། མྱེ་རགས་ཞེས་པའི་གདངས་ཐོན། སྒོ་ཁར་མེ་རགས་བཞག་ཡོད་པས་དེ་ཚང་གི་མནའ་མས་བྱིས་པ་བཙས་པ་མིན་ནམ། སྒོ་ཁར་མེ་རགས་བཞག་ཡོད་པས་ནད་པ་ཇེ་རྡུགས་ལ་སོང་བ་མིན་ནམ་ཟེར་བ་ལྟ་བུ།

20250617

སྡེབ་ཀོ།

ཚང་མའམ་ཡོངས་རྫོགས། ཐམས་ཅད་པོ་བཅས་ཀྱི་དོན།(མིང)ཚང་མའམ་ཡོངས་རྫོགས། ཐམས་ཅད་པོ་བཅས་ཀྱི་དོན། འགྲུལ་བ་སྡེབ་ཀོ་ཐོན་ཐལ། མི་སྡེབ་ཀོ་བུད་ཐལ་ཟེར་བ་ལྟ་བུ།

20250606

རྫོགས་མེད།

བགྲང་གིས་མི་ཟིན་པའམ་མང་པོའི་དོན།བགྲང་གིས་མི་ཟིན་པའམ་མང་པོའི་དོན། མི་རྫོགས་མེད་ཅིག་ཡོང་གིན་ཡོད། སྒོར་མོ་རྫོགས་མེད་ཅིག་བྱིན་ཐལ། འགྲུལ་བ་རྫོགས་མེད་པ་ཞིག་ཡོང་ཡོད་ཟེར་བ་ལྟ་བུའོ། །

20250624

དོ་སེ།

ཚང་མའམ་མཉམ་དུ་ཞེས་པའི་དོན།ཚང་མའམ་མཉམ་དུ་ཞེས་པའི་དོན། མཚོ་སྔོན་རེབ་ཀོང་སོགས་ཀྱི་ཡུལ་སྐད། འགྲུལ་བ་དོ་སེ་བུད་ཐལ། ནགས་ས་དོ་སེ་ཐོན་དེངས། སྒོར་མོ་དོ་སེ་ཁྱེར་ཐལ་ཟེར་བ་ལྟ་བུའོ།། དོ་ནི་ཡོད་དོ་ཅོག་གི་དོན། ཁམས་སྐད་དུ། རྡོག་སེ་ཟེར་ཏེ། ཚང་མ་རྡོག་སེ་ཐོན་ཟེར་བ་ལྟ་བུ།

20250410

འཚོག་ཆས།

(རྙིང) འཚོ་བའི་ཡོ་བྱད།(རྙིང) འཚོ་བའི་ཡོ་བྱད། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》གྱི་ལྡེབ139བར། དེའི་སྟོན་འཁྲུངས་ཡུལ་ནས་རྐྱེན་དུ་བབས་པའི་འཚོག་ཆས་ཅི་རིགས་པ་འགྲུལ་བའི་མདུན་འབུལ་རྒྱུ་བསྐུར་ཡོད་ཚུལ་གསན་པ། ཞེས་འབྱུང་བ་ལྟ་བུ།

20250623

གདན་ཡར་བསྐྱིལ།

ཐང་ལ་བཏིང་བའི་གདན་དོ་དམ་བྱེད་པའམ་ཡར་བཞག་པའི་དོན།ཐང་ལ་བཏིང་བའི་གདན་དོ་དམ་བྱེད་པའམ་ཡར་བཞག་པའི་དོན། ཨ་མདོའི་ཡུལ་སྐད་དུ། གདན་ཡར་བསྐྱིས་ཞེས་པའི་གདངས་ཐོན། འགྲུལ་བ་སོང་ཤུལ་ནས་གདན་ཡར་བསྐྱིལ་ཟེར་བ་ལྟ་བུ། མ་འོངས་པ་དང་ད་ལྟ་བ་ལ་བསྐྱིལད་དང་སྐྱིལད་ཅེས་ཡང་འཇུག་ད་དྲག་གི་སྒྲ་རྩོལ་ཆེ་བར་ཐོན་ཏེ། གདན་ཡར་ལ་བསྐྱིལད་དགོས

20250410