ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 21,541 ཡོད།

ཀུན་དབྱིངས་ཆོ་གའི་ལྷ་བཀོད།

ཞལ་ཐང་འདིར་ཀུན་དབྱིངས་ཆོ་གའི་ལྷ་བཀོད་ལས་འཁོན་བོན་ཉིད་དབྱིབས་ཀྱི་ལྷ་བརྒྱད་དང་འཁོར་རང་བཞིན་མཁའ་ལ་རྫོགས་པའི་གསས་བརྒྱད། འཁོར་མཉམ་ཉིད་ངང་དང་ལྡན་པའི་ལྷ་བརྒྱདའཁོར་ཚོགས་བརྒྱད་རིག་པའི་ལྷ་བརྒྱད། འཁོར་འཕྲིན་ལས་མཐར་རུ་ཕྱིན་པའི་ལྷ་བརྒྱད། འཁོར་ཚད་མེད་འོད་དང་ལྡན་པའི་ལྷ་བརྒྱད་སོགས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།1.དབུས

20210926

ཡ་མ་ར་ཙ་མཐུ་བོ་ཆེ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་ཡ་མ་ར་ཙ་མཐུ་བོ་ཆེ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། ཡ་མ་ར་ཙ་མཐུ་བོ་ཆེ། སྔོ་སྐྱ་ལྕགས་ཀྱི་ཤང་ལང་ཐོགས། འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་ལ་དར་ཁྲོད་ཆས་ཀྱི་བརྒྱན། ལྷོ་ཕྱོགས་གཤིན་རྗེ་ཚོགས་ཀྱིས་བསྐོར། གསོད་དང་གཅོད་པའི་ལས་ལ་བརྩོན

20230922

སྨྲིག་པ་ནག་པོ་མཐུ་བོ་ཆེ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་སྨྲིག་པ་ནག་པོ་མཐུ་བོ་ཆེ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། སྨྲིག་པ་ནག་པོ་མཐུ་བོ་ཆེ། དམར་ནག་ལྕགས་ཀྱུ་ཁ་བརྒྱད་འཛིན། འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། ནུབ་ཕྱོགས་གཤིན་རྗེའི་ཚོགས་ཀྱིས་བསྐོར། འགུག་དང་ལེན་པའི་ལས་ལ་བརྩོན

20230922

རལ་པ་ཚར་དགུ་མཐུ་བོ་ཆེ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་རལ་པ་ཚར་དགུ་མཐུ་བོ་ཆེ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། རལ་པ་ཚར་དགུ་མཐུ་བོ་ཆེ། ལྗང་ནག་ཤ་འབལ་ཁ་ཆེ་བསྣམས། འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། བྱང་ཕྱོགས་གཤིན་རྗེའི་ཚོགས་ཀྱིས་བསྐོར། འཐབ་དང་བརྩོད་པའི་ལས་ལ་བརྩོན

20230922

ཆུ་བདག་ཆེན་མོ་དུར་བྱའི་མགོ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་ཆུ་བདག་ཆེན་མོ་དུར་བྱའི་མགོ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ན། ཆུ་བདག་ཆེན་པོ་དུར་བྱའི་མགོ། སྔོ་ལྗང་སྦྲུལ་ནག་ཞགས་པ་སྡོག འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་དུར་ཁྲོད་ཆས་ཀྱིས་བརྒྱན། ལྷོ་ནུབ་གཤིན་རྗེའི་ཚོགས་ཀྱིས་བསྐོར། རྒྱུག་དང་འདྲལ་བའི་ལས་ལ་བརྩོན

20230922

གུར་མགོན་ལྷ་བརྒྱད་མ།

གུར་མགོན་ལྷ་བརྒྱད་མ་ནི་དུར་ཁྲོད་ཆེན་པོའི་དབུས་ན་དགྲ་བགེགས་མནན་པའི་སྟེང་དུ་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་ནག་པོ་ཆེན་པོ་དུས་ཀྱི་མུན་པ་ལྟ་བུའི་སྐུ་མདོག་ཅན་ཆེ་ཞིང་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཅར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ

20191119

ཁྲིམས་སྐྱོང་རྒྱལ་པོ་མཐུ་བོ་ཆེ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་ཁྲིམས་སྐྱོང་རྒྱལ་པོ་མཐུ་བོ་ཆེ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། ཁྲིམས་སྐྱོང་རྒྱལ་པོ་མཐུ་བོ་ཆེ། དཀར་འབར་སྐོས་ཀྱི་ཆག་ཤིང་འཛིན། འཇིགས་པའི་གཟུགས་ལ་དཔའ་བོའི་ཆེ། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། ཤར་ཕྱོགས་གཤིན་རྗེའི་ཚོགས་ཀྱིས་བསྐོར

20230922

ཡ་བ་ཆེན་པོ་ཆུ་སྲིན་མགོ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་ཡ་བ་ཆེན་པོ་ཆུ་སྲིན་མགོ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། ཤར་ལྷོ་འཁོར་ལོའི་སྒྲུབ་པ་ལས། ཡ་བ་ཆེན་པོ་ཆུ་སྲིན་མགོ། དཀར་ལྗང་རྡོ་རྗེ་བེ་ཅོན་ཐོགས། འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། ཤར་ལྷོ་གཤིན་རྗེའི་ཚོགས་ཀྱིས་བསྐོར། གཏོད་དང་ལེན་པའི་ལས་ལ་བརྩོན

20230922

ཨ་བ་ཆེན་པོ་གླང་གི་མགོ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་ཨ་བ་ཆེན་པོ་གླང་གི་མགོ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། ནུབ་བྱང་འཁོར་ལོའི་རྩིབ་སྟེང་ན། ཨ་བ་ཆེན་པོ་གླང་གི་མགོ། སེར་ལྗང་གནམ་ལྕགས་ཐོ་བ་བསྣམས། འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། ནུབ་བྱང་གཤིན་རྗེའི་ཚོགས་ཀྱིས་བསྐོར། བརྡུང་དང་བརྩོག་པའི་ལས་ལ་བརྩོན

20230922

རཀྴ་ཆེན་པོ་ཕག་གི་མགོ།

​ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས་བྱུང་བའི་རཀྴ་ཆེན་པོ་ཕག་གི་མགོ་ལ་གོ།ཕྱི་སྒྲུབ་ལྷ་བརྒྱད་ཀྱི་སྒྲུབ་པ་ལས། བྱང་ཤར་འཁོར་ལོའི་རྩིབས་སྟེང་ན། རཀྴ་ཆེན་པོ་ཕག་གི་མགོ། དམར་སེར་སྤྲུལ་པའི་མདའ་གཞུང་འགེང་། འཇིགས་པའི་གཟུགས་ལ་དཔའ་བའི་ཆས། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། བྱང་ཤར་གཤིན་རྗེའི་ཚོགས་ཀྱིས་བསྐོར། བཤའ་དང་གཏུབ་པའི་ལས་ལ་བརྩོན

20230922